མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་པའི་བུད་མེད་ཅིག་ལ་བཙན་གཡེམ།

བོད་ཀྱི་དུས་བབ།
༢༠༡༤/༠༨/༡༩
Share on FacebookShare on TwitterShare on EmailShare on Whatsapp

གཟའ་པ་སངས་ཉིན་རྒྱ་གར་ཕོ་གསར་གཉིས་ཀྱིས་བོད་པའི་ནད་གཡོག་བུད་མེད་ཅིག་ལ་བཙན་གཡེམ་བྱས་པའི་གནས་ཚུལ་ཐོན་ཡོད་འདུག

ཟླ་འདིའི་ཚེས་ ༡༥ ཉིན་སྟེ། རྒྱ་གར་རང་བཙན་ཐོབ་ནས་ལོ་ ༦༨ འཁོར་བའི་ཉིན་དེའི་མཚན་མོར། རྒྱལ་ས་ལྡི་ལིའི་ལྷོ་ཤར་ཕྱོགས་སུ་ཡོད་པའི་སྐར་མ་ལྔ་ཅན་གྱི་མགྲོན་ཁང་ཨོ་པེ་རེ་ (Oberoi) ཞེས་པའི་ནང་། རང་ལོ་ ༢༠ བརྒལ་བའི་རྒྱ་གར་བ་ནྰ་རན་ཇི་ (Neeraj) དང་ར་ཇན་ (Rajan) ཟེར་བའི་ཕོ་གསར་གཉིས་ཀྱིས། རང་ལོ་ ༢༨ ཡིན་པའི་བོད་པའི་ནད་གཡོག་བུད་མེད་ཅིག་ལ་བཙན་གཡེམ་བྱས་ཡོད་འདུག

ལྡི་ལི་ལྷོ་ཤར་ས་གནས་ཉེན་རྟོག་པས་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་སེ་ཨེན་ཨེན་ཨ་པེ་ཨན་ (CNN IBN) ལ་གནས་ཚུལ་བརྗོད་དོན་ལྟར་ན། ཐེངས་འདིར་བཙན་གཡེམ་བྱས་པའི་བོད་པའི་བུད་མེད་དེ་སྨན་ཁང་ཞིག་གི་ནད་གཡོག་མ་ཞིག་ཡིན་འདུག་ལ། ཉེ་བའི་དུས་ནས་བཟུང་བོད་པའི་བུད་མེད་དེས་ཨོ་པེ་རེ་ཞེས་པའི་སྐར་མ་ལྔ་ཅན་གྱི་མགྲོན་ཁང་དེའི་སྦྱིན་བདག་གི་བཟའ་ཟླར་ཆུ་ཚོད་ ༢༤ རིང་སྨན་བཅོས་ལྟ་རྟོག་བྱེད་ཀྱི་ཡོད་འདུག ནྰ་རན་ཇི་དང་ར་ཇན་གཉིས་མགྲོན་ཁང་དེའི་སྦྱིན་བདག་གི་བཟའ་ཟླའི་ནང་མི་ཚོས་སྐད་བཏང་སྟེ། སྦྱིན་བདག་གི་བཟའ་ཟླར་ལྟ་རྟོག་གི་ལས་ཀ་བྱེད་མཁན་ཡིན་འདུག

རྒྱ་གར་རང་བཙན་ཉིན་གྱི་མཚན་མོར་རྒྱ་གར་གྱི་ཕོ་གསར་ནྰ་རན་ཇི་དང་ར་ཇན་གཉིས་ཀྱིས། བོད་པའི་ནད་གཡོག་བུད་མེད་དེར་སྦྱིན་བདག་གི་བཟའ་ཟླར་སྨན་བཅོས་ལྟ་སྐྱོང་བྱེད་སའི་ཁང་པའི་ནང་བཙན་གཡེམ་བྱས་ཡོད་པར་མ་ཟད། བོད་པའི་བུད་མེད་དེར་བཙན་གཡེམ་བྱས་པའི་གནས་ཚུལ་ཕྱིར་བསྒྲགས་བྱས་ཚེ། མཇུག་འབྲས་ཡག་པོ་མེད་པའི་འཇིགས་སྐུལ་ཀྱང་བྱས་ཡོད་འདུག

ཚེས་ ༡༧ ཉིན་གྱི་དགོང་མོ་བོད་པའི་ནད་གཡོག་བུད་མེད་དེས་མོའི་བཟའ་ཟླར་གནས་ཚུལ་ཞིབ་བརྗོད་བྱས་སྟབས། བཟའ་ཟླས་ལྡི་ལི་ལྷོ་ཤར་ཧ་ཛར་ནྰ་ཇེ་མོ་དྷེར་ (Hazrat Nizamuddin police station) ཉེན་རྟོག་ཁང་ལ་གནས་ཚུལ་ཡར་ཞུ་བྱས་ཡོད་འདུག ཉེ་ལམ་བོད་པའི་བུད་མེད་དེའི་སྨན་ཁང་དུ་བརྟག་དཔྱད་བྱེད་སྐབས། ཁོ་མོར་བཙན་གཡེམ་བྱས་ཡོད་པའི་གནས་ཚུལ་དངོས་བདེན་ཡིན་པ་ཤེས་རྟོགས་བྱུང་ཡོད་འདུག་ལ། རྒྱ་གར་ཉེན་རྟོག་པས་ཀྱང་བཙན་གཡེམ་བྱེད་མཁན་རྒྱ་གར་གྱི་གཞོན་སྐྱེས་ཁོ་གཉིས་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་རྩོམ་པ་པོ་ཆུང་ཚེ་རིང་ལགས་དང་། བསོད་ནམས་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་བརྩམས་པའི་བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་དབུ་འབྱེད་གནང་བཞིན་པ། ༢༠༢༦།༠༥།༢༢ བོད་ཀྱི་དཔེ་མཛོད་ཁང་གི་པར།
Mobile App

བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༡༧ སྔོན་ལ།
བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས། ༢༠༢༦།༥།༢༡བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

བོད་ནང་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་བོད་མི་སྒེར་གཅིག་གི་ངོས་ནས་གདོང་ལེན་ཇི་ལྟར་བྱེད་དགོས་སམ།

ཆུ་ཚོད་ ༢༣ སྔོན་ལ།
བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

༢༠༢༦/༠༥/༢༡
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

༢༠༢༦/༠༥/༢༡
TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

༢༠༢༦/༠༥/༢༠

མཆན། 7

  1. ཨ་མའི་བུ། says:
    ལོ་ 12 སྔོན།

    ཤར་གླིང་ཟླ་སྒྲོན་ལ་ཡོད་པ་དེ་ཁ་རེད། བུད་མེད་ཚོགས་པར་ཡོད་པ་དེ་ང་རྒྱལ་རེད། དེ་གཉིས་ཀྱིས་གང་ཡང་བྱེད་ཐུབ་ཀྱི་མ་རེད། བྱེད་ཐུབ་ཡས་ཡང་ཡོད་མ་རེད། བཙན་གཡེམ་བྱ་མི་གཉིས་དེ་ཉེན་རྟོགས་པས་འཛིན་བཟུང་བྱས་ཟིན་པ་དང་། བཙན་གཡེམ་བྱས་པ་ཚན་རྩལ་ལས་ཐག་ཆོད་ཟིན་དུས་རྒྱ་གར་གཞུང་གི་རྩ་ཁྲིམས་ནང་གསལ་བཞིན་ཐག་ཆོད་གནང་ངེས་རེད།

    Reply
  2. Dawai Shonu says:
    ལོ་ 12 སྔོན།

    བེུད་ཚོགས་པ་དང་ཟླ་གྲོན་ཤར་གླིང་སོགས་ཀྱིས་ག་རེ་བྱེད་ཐུབ་ཀྱི་འདུག དེ་གཅིག་ལྟ་རྒྱུ་རེད། ནམ་རྒྱུན་བོད་པ་ནང་ཁུལ་དུ་བེུད་དེ་ཚོས་སྟག་ནང་བཞིན་ངར་ངར་ཞེ་དྲག་བྱེད་ཀྱི་ཡོད་པ་རེད། ད་རེས་ཕྱི་ལ་ཞི་མི་ནང་བཞིན་མི་ཡོང་བ་བྱེད་དགོས། ཁུ་སིམ་སིམ་ཐོས་མ་བྱུང་མདོག་མདོག་མ་བྱས་པར་ག་རེ་བྱེད་རྒྱུ་ཡོད་ནའང་བྱེད་དགོས་པ་རེད།

    Reply
  3. ཇོ་བོ་རྣམས་གཉིས། says:
    ལོ་ 12 སྔོན།

    ད་ཡིན་ན་ཤར་གླིང་ཟླ་སྒྲོན་ལགས་དང་བུད་མེད་ཚོགས་པ་ཤུགས་རྒྱབ་ཤོག་ཨ། རྒྱ་གར་ཕོ་གསར་དེ་གཉིས་ཁྲིམས་ལ་སྦྱར་ནས་བཙོན་ལ་བཅུག་མ་ཐུབ་ན་ཡང་རྗེ་རྒོད་ནར་ནར་དེ་གཉིས་ངེས་པར་དུ་བཅད་ནས་དུས་རྒྱུན་ཁྱོད་ཚོས་བཤད་པའི་བུད་མེད་ཀྱི་ཁེ་དབང་དང་ཕོ་མོ་འདྲ་མཉམ་ལ་ངོ་གནོང་མི་དགོས་པ་ཞིག་ཡིན་ད། ང་ནི་དུས་ནམ་ཡང་ཁྱེད་ཚོའི་རྒྱབ་ལ་ཡོད། །

    Reply
  4. བོད་དགའ། says:
    ལོ་ 12 སྔོན།

    ཐོག་མར་དུས་བབ་གསར་འགོད་པས། “རང་ལོ་ ༢༠ བརྒལ་བའི་རྒྱ་གར་བ་ནྰ་རན་ཇི་ (Neeraj) དང་ར་ཇན་ (Rajan) ཞུ་བའི་ཕོ་གསར་གཉིས´´ཞེས་བཙན་གཡེམ་གཏོང་མཁན་མ་རབ་ཐ་ཤལ་དེ་ཚོར་“ཞུ་བའི´´་ཞེས་ཞེ་ས་ཞིག་ཀྱང་ཞུས་འདུག
    གཉིས་པ་གོང་དུ་ཆོས་སྐྱོང་སྲུང་མ་ཟེར་བ་དེས་བཤད་པ་ལྟར་དེང་བཙན་བྱོལ་ནང་གི་བུད་མེད་ཚོས་བྱེད་རྒྱུ་ལས་རྒྱུ་མང་ནི་རེད། ཁྲ་ཁྲ་ཟིང་ཟིང་བྱེད་དྲགས་ན་ཡག་པོ་མེད་པ་རེད། ས་སོས་སོ་སོར་བརྟན་པོ་དང་ཚུགས་ཐུབ་པོ་སྲ་ཐག་ཐག་བྱེད་བསྡད་ན་ཕར་རོལ་པོས་བྱ་ཐབས་ཀྱང་མེད་ནི་རེད།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ཁྲིམས་གཏུགས་མཐར་ཐོན་བྱ་དགོས།

    Reply
  6. ཆོས་སྐྱོང་སྲུང་མ། says:
    ལོ་ 12 སྔོན།

    བཙན་བྱོལ་ནང་བུ་མོ་ཆེ་ཕྲ་ཐམས་ཅད་ཀྱི་ནང་དུ་སྤྱོད་པ་གཙང་ཞིང་ལོག་གཡེམ་མི་བྱེད་པ་རེ་འགའ་ལས་མེད་པ་ཚང་མས་ཤེས་གསལ་རེད། དཔེར་ན། མཐོ་བ་བཀའ་བློན་ཚོའི་ནང་དུ་ཅིག་གཟིགས་དང། སུས་མ་རེད་ལབ་ཐུབ་ཀི་རེད། དེའི་རྗེས་སྤྱི་འཐུས་བུ་མོ་ཚོའི་ནང་དུ་གཟིགས་དང། བཟའ་འཐོར་དང་ལྐོག་འཁྲིག་གིས་སྐད་གྲགས་ཡོད་མཁན་གང་ལ་གང་འཚམ་ཡོད་པ་རེད། དེ་ནས་གཞུང་ཞབས་བུད་མེད་ཚོར་བལྟས། དེ་ནས་གཞིས་ཆགས་ཁག་ལ་བལྟས། དེ་ནས་མི་མང་ནང་ལ་ཆགས་བཞག་ན་རྒྱ་གར་དང་ཕྱི་རྒྱལ་ནང་ཡོད་པ་ཚང་མའི་གནས་སྟངས་ལ་གཟིགས་དང། རྒྱོ་རྒྱག་དགོས་དུས་ཚང་མ་ལོ་ཡི་ཆེ་ཆུང་ནི་མེད། བཟའ་ཚང་ཡོད་མེད་ལ་ཁྱད་པར་ཡང་མེད། ཐ་ན་སྨན་ཁང་ག་གེ་མོ་ན་ཨ་ནེ་ཅིག་ཨ་ནེ་ཞིག་གི་ནད་གཡོག་ལ་རྒྱུགས་བསྡད་ཤག་ཟེར་བ་དེ་འདྲ་ཡོད་པ་རེད། དེ་ནས་གྲྭ་བ་དེ་ཚོས་དང་པོར་སྤུན་རྒྱ་བཟོས། བར་དུ་བརྔན་པ་སྤྲད། མཐའ་མར་རྒྱོ་རྒྱག་གི་འདུག་ཟེར་བ་དང། གཞིས་ཆགས་བུད་མེད་ཁ་ཤས་ཁྲིད་འགྲོ་སའི་ལུང་ཁུག་དེ་བ་ན་ཁང་པ་དེ་འདྲའང་ཡོད་ས་རེད། གྲྭ་བ་ཨ་ནེ་ཚོ་ཆ་ཚང་ཟེར་བ་མིན་ཏེ། གང་ལྟར་ང་ཚོའི་སྤྱི་ཚོགས་འདི་ལྟར། ལྷག་པར་ངྷ་རམ་ས་ལའི་རི་དེའུ་འདི་ལོག་གཡེམ་གྱིས་ཁེངས་ལ་ཡོད་པ་མཐའ་དག་བུད་མེད་ཚོའི་སྤྱོད་པ་ལྟ་ས་གཏད་སོ་མེད་པ་དེས་རེད། ད་དུང་འཛིན་རིམ་བདུན་པ་བརྒྱད་པ་ནས་བཟུང་སྟེ་གུང་གསེང་ནམ་ཡོད་ཁ་མཐུན་རྒྱོ་རྐྱང་རྐྱང་བརྒྱབས་ཏེ་ཡོད་པ་ཤེས་གསལ་རེད། མཐོ་སློབ་ཁག་་གི་བུ་མོ་དང་སྨན་ཞབས་མ་ཚོ་སྤྱོད་པ་རུལ་རུལ་རེད། ཁུའུ་ཐུང་སྟུ་བཀབ་པ་ཙམ་གོན། རྐུབ་ཡར་གཡུག་མར་གཡུག་ནས་ཕྱིན་བཙན་གཡེམ་བྱེད་ཀི་རེད། མཐོང་བ་ཙམ་གྱིས་བརྟན་མདོག་ཁ་པོ་གཅིག་ཀྱང་ཡོད་པ་མ་རེད། བོད་པའི་བུད་མེད་ཚོའི་སྤྱོད་པ་རུལ་རུལ་འདི་་བཙན་གཡེམ་མུ་མཐུད་ནས་འབྱུང་ཆེད་ཀྱི་ཕོ་ཉ་ལྟ་བུ་ཆགས་བསྡད་ཡོད་པ་རེད། ཐབས་ཤེས་ཡོད་པ་མ་རེད། ཡག་པོ་བསྡད། ཡིན་ལུགས་ཚུལ་མཐུན། མཁྲེགས་པོ་བྱས་ནས་བཙན་གཡེམ་བྱས་བཞག་པ་ཞིག་ཕལ་ཆེར་ཡོད་པ་མ་རེད། གཟབ་གཟབ་མ་བྱས་ན། ང་ཚོའི་བཀའ་བློན་ཨ་ཅག་དེ་ཚོ་ཆང་རག་གིས་ར་བཟི། ཐ་མག་གིས་ག་བ་ཁྲིད་ཁྲིད་ཡིན་དུས། ང་ཚོའི་ཨ་ཅག་སྤྱི་འཐུས་དེ་ཚོ་ཁ་ཤས་ལ་ལྐོག་ནས་དགའ་རོགས་ཉར་རྒྱུར་དགའ་བོ་ཡོད་དུས། བཙན་གཡེམ་གཏོང་ས་ངོ་ནས་དེ་ཁོང་ཚོ་རེད།། བོད་པའི་ཕོ་གསར་ཚོས་ཁོང་ཚོར་བཙན་གཡེམ་བྱེད་དགོས་རེད།

    Reply
  7. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    བོད་པ་སོ་སོའི་ལས་ཀ་དེ་ཡུལ་མིར་སྤྲད།རང་ཉིད་འདོད་ཡོད་སར་སྟབ་བདེ་ཞིག་ཏུ་སྡེད་པའི་མཇུག་འབྲས་རེད་ད་དུང་གནས་ཚུལ་མང་པོ་ཞིག་གསང་པའི་ལྐོག་འརྒྱུར་ཡིན་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese