མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གཞུང་གི་གཡོ་འོག་ཏུ་མ་ཚུད་པ་བྱོས།

བོད་ཀྱི་དུས་བབ།
༢༠༡༤/༠༨/༢༥
Share on FacebookShare on TwitterShare on EmailShare on Whatsapp

སྤྱི་འཐུས་ཚོགས་གཙོས་སྣེ་འཁྲིད་འོག་སྤྱི་འཐུས་ཁག་ཅིག་ཨོ་སི་ཊོ་ལི་ཡར་གཟིགས་སྐོར་དང་འབྲེལ་བོད་རིགས་མི་མང་ལ་གཏམ་བཤད་དང་རྒྱ་རིགས་ཤེས་ཡོན་ཅན་སོགས་དང་བགྲོ་གླེང་གནང་ཡོད།

ཟླ་འདིའི་ཚེས་ ༢༣ ཉིན་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གི་གཙོས་བཀའ་ཟུར་སྤྱི་འཐུས་ཐུབ་བསྟན་ལུང་རིགས་ལགས་དང་། སྤྱི་འཐུས་བསོད་ནམས་རྒྱལ་མཚན་ལགས། སྤྱི་འཐུས་རྣམ་དག་གཙུག་ཕུད་ལགས་བཅས་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སི་ཌེ་ནི་ནས་མགོ་བཙུགས་ཏེ་འཚམས་གཟིགས་གནང་བཞིན་ཡོད་པ་དང་། སྐབས་དེར་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ས་གནས་བོད་མི་རྣམས་ལ་གསུང་བཤད་གནང་དོན། འདི་གར་ཁྱེད་རང་ཚོ་དང་ཐུག་འཕྲད་བྱེད་རྒྱུ་དེ་ནི་བར་ལམ་ནས་རྒྱ་ནག་གཞུང་གིས་འཆར་གཞི་ལྡན་པའི་ཐོག་ནས་བོད་མི་ནང་ཁུལ་དཀྲུག་ཤིང་རྒྱག་རྒྱུའི་ལས་གཞིའི་ཐོག་ཨོ་སི་ཊོ་ལི་ཡར་གནས་སྡོད་ཆབ་སྲིད་བཙོན་ཟུར་ཁག་གཅིག་གིས་རྒྱ་ནག་གཞུང་དང་འབྲེལ་བ་བྱས་བ་དང་གཡོ་འོག་ལ་ཚུད་བཞིན་ཡོད་པ་དེ་ནི་ཧ་ཅང་ཐབས་སྐྱོ་པོ་རེད། སྤྱིར་བཏང་ཆབ་སྲིད་བཙོན་ཟུར་རྣམས་བོད་ནང་རྒྱ་ནག་གཞུང་གི་ཁ་གཏད་ལ་ལངས་ཏེ་བཙན་བྱོལ་དུ་ཡོང་བ་དང་། དེ་རྗེས་རྒྱལ་ཁབ་འདིའི་ནང་སྐྱབས་བཅོལ་དུ་བསླེབས་ཟིན་རྗེས་སླར་ཡང་རྒྱ་ནག་གཞུང་དང་འབྲེལ་བ་བྱེད་ཀྱི་ཡོད་པའི་གནས་ཚུལ་དེ་ནི་ཧ་ཅང་བློ་ཕམ་དགོས་པ་ཞིག་རེད། དཔེར་ན། དཔལ་འབྱོར་ཚེ་རིང་ཟེར་བ་དང་། འཕྲིན་ལས་རིན་ཆེན་ཟེར་བའི་རིགས་ནི་བོད་མི་དམངས་ཀྱི་ཞབས་འདྲེན་ཞུ་མཁན་རེད། མི་སྣ་དེ་དང་ལྷན་འབྲེལ་བས་མཚོན་མཉམ་དུ་འགྲོ་རྒྱུར་བསམ་བློ་ཏན་ཏན་གཏོང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་སོགས་ཀྱི་གསུངས་ཡོད་འདུག

ཚེས་ ༢༤ ཉིན་གྱི་ཕྱི་དྲོར་ཨོ་སི་ཊི་ལི་ཡའི་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པས་གོ་སྒྲིག་འོག་རྒྱ་རིགས་མཁས་པ་དང་བོད་དོན་རྒྱབ་སྐྱོར་བ་ ༦༠ ཡས་མས་དང་། བོད་མི་སྐོར་ཞིག་བཅས་འདུ་འཛོམས་བྱས་ཤིང་། ནུབ་ཨོ་སི་ཊི་ལི་ཡའི་གཙུག་ལག་སློབ་གཉེར་ཁང་གི་ཆབ་སྲིད་ཚན་རིག་གི་གཙུག་ལག་སློབ་དཔོན་གཞོན་པ་ཧྤང་ཆོན་ཡེན་ལགས་ཀྱིས་གཙོ་སྐྱོང་དང་། རྒྱ་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཞོན་མེའེ་ལེ་ལགས་ཀྱིས་བོད་རྒྱ་གཉིས་ཡུན་རིང་འབྲེལ་ཟབ་དང་ཉེ་རབས་རྒྱ་ནག་དམར་ཤོག་གིས་བོད་མིར་མནར་གཅོད་བཏང་བར་དགོངས་སེལ། ༧གོང་ས་མཆོག་གིས་བོད་རྒྱ་གཉིས་ཕན་གྱི་དབུ་མའི་ལམ་གྱི་སྲིད་བྱུས་བཏོན་པར་རྒྱབ་སྐྱོར་དང་རྒྱ་མི་རིགས་ལ་དེའི་གོ་རྟོགས་སྤེལ་དགོས་པ་གལ་ཆེ་སོགས་གཏམ་བཤད་གནང་ཡོད་འདུག དེ་ནས་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ལོ་རྒྱུས་ཐོག་གི་བོད་རྒྱའི་འབྲེལ་བ་དང་། བོད་ནང་གི་ཛ་དྲག་གི་གནས་བབ། བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་དབུ་མའི་ལམ་གྱི་སྲིད་ཇུས། བོད་ཀྱི་ཁོར་ཡུག་གི་གནས་བབ། བཙན་བྱོལ་བོད་མིའི་དམངས་གཙོའི་འཕེལ་རིམ། བོད་ཀྱི་ཁོར་ཡུག་ནི་ཨེ་ཤ་ཡའི་རྒྱལ་ཁབ་ཁག་དང་འབྲེལ་བ་ཅི་ཡོད་བཅས་ཀྱི་བཀའ་སློབ་ཟབ་རྒྱས་གནང་བ་དང་། དེ་རྗེས་དྲི་བ་དྲི་ལན་གྱི་ལས་རིམ་ཚུགས་ཤིང་དེར་རྒྱ་རིགས་ཚོགས་ཞུགས་པ་རྣམ་པས་རང་རང་གི་བསམ་ཚུལ་དང་དྲི་བ་དང་གཏམ་བཤད། རྒྱ་རིགས་ཚོས་བསམ་ཚུལ་གཅིག་མཐུན་ནི་དབུ་མའི་ལམ་ནི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ལམ་ཁ་ཉག་ཅིག་ཡིན་པ་དང་། དེར་རྒྱབ་སྐྱོར་ཞུ་རྒྱའི་ཆོད་སེམས་བརྟན་པོ་མ་ཟད། བོད་ཀྱི་ཁོར་ཡུག་དང་རིག་གཞུང་སྲུང་སྐྱོབས་བོད་ཙམ་མ་ཟད་རྒྱ་ནག་དང་འཛམ་གླིང་ཁྱོན་ཡོངས་ལ་གལ་ཆེ་ཡིན་པ་བཅས་ཀྱི་གཏམ་བཤད་སྤེལ་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Gaden Tripa Lobsang Dorje presenting traditional offerings to His Holiness the Dalai Lama during Ganden Ngamchö Celebrations at Drepung Monastery in Mundgod, Karnataka, India on December 14, 2025. Photo by Ven Zamling Norbu
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དགེ་བཤེས་ལྷ་རམས་པའི་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཕུལ།

ཆུ་ཚོད་ ༦ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་བཀོད། ༢༠༢༦།༡༢།༡༢ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་འཁོད།

༢༠༢༥/༡༢/༡༢
བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱ་ཕྱོགས་ཐད་ཐེ་ཇུས་དང་འགན་དབང་ཡོད་སྐོར་བརྗོད་བཞིིན་པར་མཐའ་གཅིག་ཏུ་འགག་པ་ཡོད་པའི་བསྒྲགས་གཏམ་སྤེལ། ༢༠༢༥།༡༢།༡༢ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་ལ་ཐེ་ཇུས་བྱེད་བཞིན་པར་ངོ་རྒོལ་ཡོད།

༢༠༢༥/༡༢/༡༢
The Panchen Lama (right) says reincarnated living Buddhas must be identified within China and approved by the central government. Photo: Handout
Mobile App

རྒྱལ་མཚན་ནོར་བུས་རྒྱ་གཞུང་གི་ཆོག་མཆན་འོག་ནས་ཡང་སྲིད་འཚོལ་དགོས་པ་བསྐྱར་ཟློས་བྱས།

༢༠༢༥/༡༢/༡༡
TT
Mobile App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཞབས་སོར་བདེ་བར་འཁོད།

༢༠༢༥/༡༢/༡༡
tibettimes
Mobile App

༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༦ འཁོར་བའི་དུས་དྲན་སྲུང་གཙི་ཞུས་སོང་།

༢༠༢༥/༡༢/༡༠

མཆན། 3

  1. ཡུལ་གྱར་བའི་མི་ཚེ། says:
    ལོ་ 11 སྔོན།

    ཆབ་བཙོན་མ་ཡིན་པར་ཆབ་བཙོན་མཁས་ལེན་བྱེད་མཁན་བདེ་སྲུང་རེད་་་་་་ཡོང་རྒྱུ་དེ་ལས་ཡོད་པ་མ་རེད་་་་་་ད་རེས་ཚོགས་གཙོས་མིང་གདོན་བྱས་པ་ཡག་པ་རེད་་་་་་སྔོན་མ་བདེ་སྲུང་དངོས་གྲུབ་གི་མིང་འདོན་ཡང་བྱེད་ཉིད་གི་མིན་འདུག་འཐབ་སྐྱོ་བ་ལ་ཨང་།

    Reply
  2. གླང་དར་མ། says:
    ལོ་ 11 སྔོན།

    སྤྱི་འཐུས་ཚོ་སྔ་ཕྱི་བང་འགྲན་ཏེ་ཕྱི་རྒྱལ་ཁག་ཏུ་རྒྱུག་གི་ཡོད་པ་འདི་ཡག་པོ་ཞིག་ཡིན་མིན་ཐེ་ཚོམ་རེད། ཕར་ཕྱིན་པའི་འགྲོ་སོང་དང་ཚུར་རེག་པའི་གྲུབ་འབྲས་གཉིས་ལ་ལྕི་ཁོག་ཅིག་འཇལ་དགོས་པ་གལ་ཆེན་པོ་རེད། ལོ་གཅིག་གཉིས་གོང་ནས་བཟུང་སྤྱི་འཐུས་ལྷན་ཚོགས་ནང་བྱུང་ན་ཕྱི་རྒྱལ་ཁག་ཏུ་འགྲོ་རྩོད་དང་། མ་བྱུང་ན་རྒྱ་གར་ནང་སྐོར་སྐྱོད་ལ་རྩོད་པ་རྒྱག་གི་ཡོད་ཚོད་འདུག
    འོས་བསྡུའི་སྐབས་སུ་སྤྱི་འཐུས་ནང་ལངས་མཁན་ཚོས་ཀྱང་། སྤྱི་འཐུས་ཐོབ་པ་ཡིན་ན་ཁེ་བཟང་གང་ཡང་ཡོད་པ་མ་རེད། འོན་ཀྱང་ཕྱི་རྒྱལ་ཁག་ལ་སྐོར་མྱུལ་རྒྱག་པའི་གོ་སྐབས་ཡོད་རེད་ཟེར་བཞིན་ཡོད་པ་རེད། མང་ཚོགས་ཀྱིས་ཀྱང་འདི་ལ་རྩད་ཞིབ་ཅིག་གནང་གལ་ཆེན་པོ་རེད།

    Reply
  3. ཤག་སྒང་པ། says:
    ལོ་ 11 སྔོན།

    ཆབ་སྲིད་བཙོན་པའི་སྐད་ཆ་བསྔོགས་ན་ཧ་ཅང་མགོ་རྙོག་མང་པོ་རེད་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese