མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞུང་ཆེན་རིགས་གཅིག་རྐང་འཛིན་གནང་མཁན་ཡོད་དམ།

བོད་ཀྱི་དུས་བབ།
༢༠༡༤/༠༨/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཆོས་རིག་ལས་ཁུངས་འོག་གི་གཞུང་ཆེན་རིགས་གཅིག་རྐང་འཛིན་གྱི་ལས་གཞིའི་ཁྲོད་ལོ་རེར་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན། ཇོ་ནང་བཅས་ནས་སློབ་གཉེར་བ་ཁྱོན་ ༥༥ བསྡུ་རྒྱུའི་གསལ་བསྒྲགས་སྤེལ་ཡོད་ཀྱང་། སྐབས་དང་པོར་སློབ་གཉེར་བ་ ༢༡ ལས་བྱུང་མེད་པ་དང་ད་ལྟ་སྐབས་གཉིས་པའི་གསལ་བསྒྲགས་སྤེལ་འདུག

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ༢༠༡༡ ལོའི་ཟླ་ ༩ ཚེས་ ༢༢ ནས་ ༢༤ ཉིན་བར་དྷ་ས་མེག་གྷན་སུ་རི་ཡ་མགྲོན་ཁང་དུ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་དབུ་ཁྲིད་བླ་ཆེན་རྣམ་པའི་ཆོས་ཚོགས་ཐེངས་ ༡༡ པ་སྐོང་ཚོགས་གནང་བའི་སྟེང་། ༧གོང་ས་མཆོག་གིས་ཆོས་སྡེ་ཁག་ནས་བསླབ་པ་སློབ་གཉེར་ཟིན་པའི་གྲྭ་བཙུན་ཁྲོད་གཞུང་ཆེན་རིགས་གཅིག་རྐང་འཛིན་གྱི་ལས་འཆར་ཞིག་བསྒྲིག་ན་ལེགས་པའི་བཀའ་ཕེབས་པ་ལྟར། ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ ༢༠༡༣ ལོའི་ ༥ ནང་རྒྱུད་སྟོད་གྲྭ་ཚང་དུ་ཆོས་བརྒྱུད་འདྲ་མིན་གྱི་ཆོས་སྡེ་ཁག་ ༥༠ ཙམ་གྱི་སྐུ་ཚབ་ལས་བསྒྲུབས་པའི་བཤད་སྒྲུབ་བསྟན་པ་གོང་འཕེལ་ལྷན་ཚོགས་ཞེས་པའི་ཚོགས་འདུ་ཞིག་བསྐོངས་པའི་སྟེང་། གཞུང་ཆེན་རིགས་གཅིག་རྐང་འཛིན་གྱི་སློབ་གཉེར་ལས་རིམ་དང་ཆོས་རིག་ལས་ཁུངས་ཀྱི་སློབ་ཡོན་སྤྲོད་ཕྱོགས་བཅས་ཀྱི་སྒྲིག་གཞི་གཏན་འབེབས་གནང་བ་དང་། དེའི་རྗེས་ཆོས་བརྒྱུད་ཁག་གི་སྐུ་ཚབ་ལས་གྲུབ་པའི་གཞུང་ཆེན་རིགས་གཅིག་རྐང་འཛིན་འདེམས་སྒྲུག་གནང་མཁན་མཁས་པའི་ཚོགས་ཆུང་གསར་བཙུགས་བཅས་གནང་སྟེ། གཞུང་ཆེན་རིགས་གཅིག་རྐང་འཛིན་གྱི་སློབ་གཉེར་བ་བསྡུ་བའི་ལས་གཞི་དངོས་སུ་མགོ་འཛུགས་གནང་ཡོད།

༢༠༡༣ ཟླ་ ༧ ཚེས་ ༡༥ ཉིན་ཆོས་རིག་ལས་ཁུངས་ཀྱིས་གསལ་བསྒྲགས་སྤེལ་ཏེ། ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ནས་སློབ་གཉེར་བ་ ༡༠ རེ་དང་། ཇོ་ནང་ནས་ ༥ བཅས་ཁྱོན་སློབ་གཉེར་བ་ ༥༥ ཙམ་བདམས་ཏེ་ཆོས་བརྒྱུད་སོ་སོའི་རྩེད་ཕུད་གཉིས་རེ་དང་། ཇོ་ནང་ནས་གཅིག་བཅས་སློབ་གཉེར་བ་ ༡༡ ཙམ་ལ། ཆོས་རིག་ལས་ཁུངས་ནས་ལོ་བཞིའི་རིང་ཟླ་རེར་སློབ་ཡོན་ ༡༥༠༠ རེ་སྦྱོར་རྒྱུ་དང་། དེ་འཕྲོས་ ༤༤ ཡི་སློབ་ཡོན་དོ་བདག་སོ་སོས་ཐབས་འཚོལ་བྱ་དགོས་སྐོར་འཁོད་འདུག

སྐབས་དང་པོའི་ནང་སྙན་ཞུ་ཕུལ་མཁན་ ༢༥ བྱུང་ཡོད་པ་ལས། མཁས་པའི་ཚོགས་ཆུང་གིས་ཞིབ་དཔྱད་གནང་མཐར་མི་ ༢༡ བདམས་ཡོད་པ་དག་ནི། རྙིང་མ་ ༡ དང་། བཀའ་བརྒྱུད་ ༢། དགེ་ལུགས་ ༨། བོན་པོ་ ༨། ཇོ་ནང་ ༢ བཅས་ཡོད་པ་དང་། ད་ལོའི་ཕྱི་ཟླ་ ༣ ཚེས་ ༡༦ ནས་ ༢༠ ཉིན་བར་ཁོ་ཚོར་ཝ་ར་ཎཱ་སི་མཐོ་སློབ་དང་ཟུང་འབྲེལ་ཐོག་གཞུང་ཆེན་ཐོག་རིགས་གཅིག་རྐང་འཛིན་དང་ཉམས་ཞིབ་གནང་ཕྱོགས་སྐོར་གྱི་ཟབ་སྦྱོང་ཞིག་ཕུལ་ཡོད་པ་དང་། ཕྱི་ཟླ་ ༤ པའི་ནང་སློབ་མགོ་དངོས་སུ་བཙུགས་ཡོད་འདུག

ད་ལོའི་ཕྱི་ཟླ་ ༧ ཚེས་ ༢༢ ཉིན་ཆོས་རིགས་ལས་ཁུངས་ནས་སྐབས་གཉིས་པའི་གཞུང་ཆེན་རིགས་གཅིག་རྐང་འཛིན་པ་བསྡུ་བའི་གསལ་བསྒྲགས་སྤེལ་ཡོད་ཅིང་། ཐེངས་འདིར་སྔར་དང་མ་འདྲ་བ་ཞིག་ནི། སྐབས་དང་པོའི་ཁྲོད་ནས་སློབ་གཉེར་བ་ ༡༡ ལ་སློབ་ཡོན་ཕུལ་བའི་ལམ་སྲོལ་དེ་ལ་འགྱུར་བ་བཏང་སྟེ། འདི་ལོ་ནས་ཆ་རྐྱེན་ཚད་ལོངས་བའི་སློབ་གཉེར་བ་ཡོངས་ལ་སྤྱི་མཚུངས་ལོ་ ༤ རིང་ཟླ་རེར་ཧིན་སྒོར་ ༡༥༠༠ དང་། ལོ་གཅིག་ལ་སྒོར་ ༡༨༠༠༠ བཅས་སྤྲོད་རྒྱུའི་ཐག་གཅོད་གནང་ཡོད་འདུག

ཟླ་འདིའི་ཚེས་ ༢༥ ཉིན་འདི་གའི་གསར་འགོད་པ་ཆོས་རིག་ལས་ཁུངས་སུ་བཅར་ཏེ། འབྲེལ་ཡོད་ལས་བྱེད་ཟུང་དྲུང་ཐུབ་བསྟན་ཚེ་རིང་ལགས་སུ། སྐབས་གཉིས་པའི་གཞུང་ཆེན་རིགས་གཅིག་རྐང་འཛིན་པའི་ནང་འཛུལ་བཞུགས་བྱེད་མཁན་ག་ཚོད་བྱུང་ཡོད་མེད་དྲིས་པར་ཁོང་གིས། ད་ལྟ་བར་དུ་སྙན་ཞུ་ཕུལ་མཁན་གཅིག་ཀྱང་འབྱོར་མ་སོང་། ང་ཚོས་གསལ་བསྒྲགས་བྱས་པའི་སློབ་བསྡུའི་མཐའ་མའི་དུས་བཀག་ཕྱི་ཟླ་ ༡༠ ཚེས་ ༣༡ བར་ཡིན་སྟབས། རིམ་པས་སྙན་ཞུ་ཕུལ་མཁན་ཏོག་ཙམ་འབྱོར་མི་ཡོང་ངམ་བསམ་གྱི་ཡོད། སློབ་གཉེར་བ་གྲངས་ཀ་ཏག་ཏག་ཚང་མ་ཐུབ་ཀྱང་། མ་མཐར་ཉི་ཤུ་རྩ་གྲངས་ཤིག་འཛུལ་བཞུགས་བྱེད་ཐུབ་པའི་རེ་བ་རྒྱག་བཞིན་ཡོད། ཅེས་བརྗོད་བྱུང་།

གསར་འགོད་པས་གཞུང་ཆེན་རིགས་གཅིག་རྐང་འཛིན་ནང་འཛུལ་བཞུགས་བྱེད་པར་ཆ་རྐྱེན་གང་དག་ཚང་དགོས་པ་དང་ཆོས་རིག་ལས་ཁུངས་ཀྱིས་སྟངས་འཛིན་ཞིབ་འཇུག་བྱེད་སྟངས་གང་འདྲ་ཡོད་མེད་དྲིས་པར་ཁོང་གིས། ཆོས་སྡེ་སོ་སོའི་ལམ་སྲོལ་ལྟར་དགེ་བཤེས་དང་། ཡང་ན་སློབ་དཔོན་གྱི་ཚད་མཉམ་པའི་བསླབ་པ་མཐར་སོན་གྱི་ལག་འཁྱེར་ཡོད་པ་དང་། དེ་ལའང་མཐའ་མའི་རྒྱུགས་འཕྲོད་ནང་ཉུང་མཐར་བརྒྱ་ཆ་ ༦༠ ལོན་པ། དེ་ལ་དགོན་པ་སོ་སོའི་རྒྱབ་གཉེར་ཡོད་པ་ཞིག་ཡིན་དགོས། འཛུལ་བཞུགས་གནང་མཁན་ཚོར་ཆ་རྐྱེན་དེ་དག་ཚང་མིན་ཆོས་རིག་ལས་ཁུངས་ཀྱིས་ཆེད་ འཛུགས་གནང་བའི་མཁས་པའི་ཚོགས་ཆུང་གིས་ཞིབ་འཇུག་གནང་སྟེ་ཐག་གཅོད་གནང་གི་ཡོད་རེད། གཞུང་ཆེན་རིགས་གཅིག་རྐང་འཛིན་ནང་འཛུལ་བཞུགས་བྱེད་མཁན་དག་བོད་པ་ཡིན་དགོས་པ་ཆགས་ཀྱི་མེད། ད་ལྟ་འགྲོ་བཞིན་པའི་རིགས་གཅིག་རྐང་འཛིན་པ་མི་ ༢༡ ཁྲོད་ནས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་པོ་ཡོད་པ་རེད། ཅེས་བརྗོད་བྱུང་།

གསར་འགོད་པས་སྐབས་སྔོན་མའི་གཞུང་ཆེན་རིགས་གཅིག་རྐང་འཛིན་པ་ཚོས་གཞུང་ཆེན་གང་དག་ཐོག་ཉམས་ཞིབ་གནང་གི་ཡོད་མེད་དྲིས་པར་ཁོང་གིས། གཞུང་ཆེན་འདྲ་མིན་ཐོག་ཉམས་ཞིབ་གནང་གི་ཡོད་ཀྱང་། དེ་དག་ཁྲོད་ནས་དབུ་མར་ཉམས་ཞིབ་གནང་མཁན་ ༧ དང་། ཕར་ཕྱིན་ལ་ ༡། འདུལ་བ་ལ་ ༣། སྔགས་ལ་ ༩། ཚད་མ་ལ་ ༡ བཅས་འདུག ཅེས་བརྗོད་བྱུང་།

ཐུབ་བསྟན་ལགས་སུ་སྐབས་དང་པོའི་གསལ་བསྒྲགས་ནང་ཆོས་བརྒྱུད་ཆེ་ཁག་ཏུ་རིགས་གཅིག་རྐང་འཛིན་པ་ ༡༠ རེ་དང་ཇོ་ནང་ནས་ ༥ བཅས་བསྡུ་རྒྱུ་ཡིན་སྐོར་འཁོད་ཡོད་ཀྱང་། དངོས་གཞིར་སློབ་གཉེར་བ་ ༢༡ ལས་བྱུང་མེད་པའི་རྒྱུ་མཚན་གང་ཡིན་དྲིས་པར་ཁོང་གིས། ང་ཚོས་གསར་འགྱུར་བརྒྱུད་ལམ་དང་། ཆོས་སྡེ་དང་དགོན་སྡེའི་སྒྲིག་འཛུགས་ཁག་ལ་གསལ་བསྒྲགས་སྔ་རྗེས་སྤེལ་ཏེ། མཐར་སློབ་གཉེར་བ་ ༢༥ ཡིས་སྙན་ཞུ་ཕུལ་ཡོད་ཀྱང་། མི་ ༣ ཆ་རྐྱེན་འདང་མིན་གྱི་དབང་གིས་ཕྱིར་འཐེན་བྱེད་དགོས་བྱུང་བ་རེད། གཞན་མི་གཅིག་ཆ་རྐྱེན་ཚང་ཡང་དགོངས་པ་ཞུས་པ་སོགས་ལ་བརྟེན་ཏེ། སྐབས་དང་པོར་རིགས་གཅིག་རྐང་འཛིན་པ་མི་ ༢༡ ལས་ཡོད་པ་མ་རེད། ཅེས་བརྗོད་བྱུང་།

ཁྱེད་ཅག་གི་གསལ་བསྒྲགས་ནང་རིགས་གཅིག་རྐང་འཛིན་པ་གཅིག་ལ་ཟླ་གཅིག་ལ་སློབ་ཡོན་ཧིན་སྒོར་ ༡༥༠༠ དང་ལོ་གཅིག་ལ་ ༡༨༠༠༠ འཁོད་འདུག་ན། དེང་སྐབས་ཕྱོགས་ཡོངས་ནས་འགྲོ་སོང་ཆེན་པོ་ཡིན་སྟབས་དངུལ་དེ་ཙམ་གྱིས་འདང་གི་ཡོད་མེད་དྲིས་པར་ཁོང་གིས། སློབ་ཡོན་འདི་སློབ་དེབ་ཉོ་ཆེད་ཀྱི་དོད་ཙམ་ཞིག་རེད། ད་ལྟ་གཞུང་ཆེན་རིགས་གཅིག་རྐང་འཛིན་འདིའི་ནང་འཛུལ་བཞུགས་བྱེད་མཁན་ཆ་ཚང་དགོན་པ་སོ་སོར་ཁུངས་ཡོད་མཁན་རྐྱང་ཆགས་ཡོད་སྟབས། ཁོང་ཚོའི་བཞུགས་ས་དང་ཞལ་ལག་སོགས་མཐུན་རྐྱེན་ག་རེ་ཡིན་ཡང་དགོན་པ་སོ་སོས་སྦྱོར་གྱི་ཡོད་པ་རེད། སློབ་ཡོན་འདི་ཁོང་ཚོ་ས་ཆ་གཞན་དུ་སློབ་སྦྱོང་ཆེད་འགྲོ་སྐྱོད་ཀྱི་ལམ་གྲོན་ལྟ་བུར་ཕུལ་བ་རེད། མང་པོ་ཞིག་འབུལ་རྒྱུར་ཆོས་རིག་ལས་ཁུངས་ལ་ལས་གཞི་འདིར་རོགས་རམ་བྱེད་མཁན་མེད་པ་མ་ཟད། སློབ་གཉེར་བ་ ༥༥ ལ་སློབ་ཡོན་གཅིག་མཚུངས་སྤྲོད་དགོས་སྟབས་འབོར་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་རེད། ཅེས་བརྗོད་བྱུང་།

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༥ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༧ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༨ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༩ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༩ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༡༠ སྔོན་ལ།

མཆན། 13

  1. རི་བོང། says:
    ལོ་ 11 སྔོན།

    རྩོམ་སྒྲིག་པ་དོན་འགྲུབ་བཀྲ་ཤིས་ལགས་ཀྱིས་གསུངས་པ་བདེན། གང་ལྟར་དྲ་གྲོགས་རྣམ་པའི་དགོངས་ཚུལ་ལ་ཆོས་རིག་ལས་ཁུངས་ཀྱིས་བདག་པོ་རྒྱག་རྒྱུའི་རེ་བ་ཡོད། བཀྲ་ཤིས་བདེ་ལེགས།

    Reply
  2. དོན་འགྲུབ་བཀྲ་ཤིས། says:
    ལོ་ 11 སྔོན།

    གྲྭ་གྲོགས་ Rigtzin ལགས། ངས་ཀྱང་ཟླ་རེར་ཧིན་སྒོར་ཆིག་ཁྲི་ཙམ་རེ་སྤྲད་ཀྱང་ད་དུང་ཉུང་དྲགས་ཚོད་ཡིན་པ་ཤེས་ནའང་། ཆོས་རིག་ལས་ཁུངས་ཀྱི་ཐོག་མའི་སློབ་ཡོན་རྦད་དེ་ཉུང་ཐག་འདྲ་ཞིག་ཆོད་དེ་ངས་ཁ་ཆེན་པོ་ཞིག་གདངས་མ་ཕོད་པ་ཡིན། ཕྱོགས་གཞན་ཞིག་ནས་གྲྭ་བཙུན་ཚོ་སྤྱིར་བཏང་གི་མི་སྐྱ་ཞིག་དང་ཅུང་མི་འདྲ་བར། སྡོད་གནས་དང་ཟ་འཐུང་ཚོགས་སྡེ་ཞིག་ནས་རང་བཞིན་གྱིས་ཡོང་གི་ཡོད་སྟབས། གྲ་སྒྲིག་སྡུག་ས་ནས་བྱས་ཏེ་ཉམས་ཞིབ་རྒྱུ་ཆ་འཚོལ་སྒྲུབ་དང་འགྲོ་སྐྱོད་ཙམ་ལ་ཟླ་རེར་ཧིན་སྒོར་ ༡༠༠༠༠ ནས་ ༡༥༠༠༠ ཙམ་གྱིས་འདང་མི་ཡོང་ངམ་སྙམ་པ་ཡིན།

    Reply
  3. རི་བོང། says:
    ལོ་ 11 སྔོན།

    ལས་གཞི་འདི་ཡག་པོ་ཞིག་ཡོང་དགོས་ན་སློབ་གཉེར་བ་སྤུས་ཚད་ལོངས་པ་ཞིག་དང་སློབ་ཡོན་འདང་ངེས་ཤིག་ངེས་པར་དགོས་ངེས་སྙམ། སློབ་ཡོན་༡༥༠༠/མ་གཏོགས་མེད་པ་དེས་གཞུང་དང་ཆོས་རིག་གིས་་ལས་གཞི་འདི་ལ་ཆེ་མཐོང་ག་ཚོད་སྤྲད་ཀྱིན་ཡོད་པའང་གསལ་བོ་ཆགས་འདུག་སྙམ། འདི་མུར་ཕྱིན་ན་རང་མགོ་རང་གིས་གཡོགས་པ་འདྲ་བོ་རེད། གསར་བ་འཛུལ་ཞུགས་གནང་མཁན་ལྟ་ཅི་རྙིང་པ་ཚོའང་ཕྱིར་འཐེན་རྒྱག་སྲིད་པ་རེད། དེའི་ཕྱིར་འདིའི་ཐོག་ལ་འབྲེལ་ཡོད་རྣམ་པས་དགོངས་པ་བཞེས་རྒྱུ་གལ་ཆེན་པོར་མཐོང་སོང་།

    Reply
  4. ཚེ་རྡོར། says:
    ལོ་ 11 སྔོན།

    གཞུང་ཆེན་རིགས་གཅིག་རྐང་འཛིན་ནང་ཚུད་པར་ཆ་རྐྱེན། “ཆོས་སྡེ་སོ་སོའི་ལམ་སྲོལ་ལྟར་དགེ་བཤེས་དང་། ཡང་ན་སློབ་དཔོན་གྱི་ཚད་མཉམ་པའི་བསླབ་པ་མཐར་སོན་གྱི་ལག་འཁྱེར་ཡོད་པ་དང་། དེ་ལའང་མཐའ་མའི་རྒྱུགས་འཕྲོད་ནང་ཉུང་མཐར་བརྒྱ་ཆ་ ༦༠ ལོན་པ” ཟེར་བ་འདིས་ད་དུང་འཐུས་ཀྱི་མི་འདུག སུམ་རྟགས་དག་གསུམ་ལ་འབྲི་རྒྱུགས་བཏང་སྟེ་སྐར་གྲངས་ ༦༠་ཡན་ལོན་པ་ཞིག་དགོས་པ་རེད། གང་ཡིན་ཟེར་ན་རིགས་གཅིག་རྐང་འཛིན་ཟེར་བ་དེ་ཉམས་ཞིབ་དང་འབྲི་རྩོམ་གྱི་སྐད་ཆ་ཞིག་ཆགས་ཀྱི་ཡོད་པ་རེད། གདན་ས་དགེ་བཤེས་མང་པོ་ཞིག་ལ་ཐུན་མོང་རིག་གནས་ཧ་ཅང་སྐྱོ་བོ་རེད། ལྷག་པར་དུ་ས་སྐྱ་དང་རྙིང་མ། བཀའ་བརྒྱུད་སོགས་སྒྲུབ་པ་གཙོ་བོར་འཛིན་པའི་ཆོས་སྡེ་ཁག་ཏུ་རིག་གནས་དང་འབྲི་རྩོམ་སོགས་ཀྱི་ཐད་ནས་ལམ་སྲོལ་ཞེ་དྲགས་ཡོད་པ་མ་རེད། ཆ་རྐྱེན་འདི་གལ་ཆེན་པོ་རེད་བསམ་སོང་།

    Reply
  5. Rigtzin says:
    ལོ་ 11 སྔོན།

    རྩོམ་སྒྲིག་པ་དོན་གྲུབ་བཀྲ་ཤིས་མཆོག་གིས་གསུངས་བར་རྒྱུ་མཚན་ཧ་ཅང་ཆེན་པོ་འདུག ཡིན་ནའང་ང་རང་གི་ལྟ་ཚུལ་བྱས་ན་ཧིན་སྒོར༡༥༠༠༠ཡང་ཉུང་དྲག་སོང་བ་རེད། ཉུང་མཐར་ཧིན་སྒོར་ཉིས་ཁྲི་སྤྲོད་དགོས་པ་རེད། ལས་གཞི་འདི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་དག་གིས་གོ་སྒྲིག་བྱས་པ་ཞིག་མ་ཡིན་པར་བོད་གཞུང་གི་ལས་འཆར་གལ་ཆེན་ཞིག་རེད། དེང་སྐབས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ནས་དགོན་སྡེ་ཁག་ཕྱུག་ཤོས་ཡིན་པ་ཡོངས་གྲགས་རེད། བོད་གཞུང་གིས་སྒོར་༡༠༠༠༠ དང་ཆོས་བརྒྱུད་སོ་སོས་སྒོར་ ༡༠༠༠༠ བཅས་ཟླ་བ་རེ་ལ་སྤྲོད་དགོས་ཀྱི་འདུག ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་སྒྲུབ་རྒྱུ་ཡིན་ན་དོན་ཕན་ལྡན་པ་ཞིག་སྒྲུབ་དགོས་པ་རེད་མ་གཏོགས་ཁྲལ་སྒྲུབ་ཐུབ་ཙམ་གྱིས་ཅི་གང་ཕན་གི་མར་ེད

    Reply
  6. གཅན་བཟོད་རྒྱམ། says:
    ལོ་ 11 སྔོན།

    བཙན་བྱོལ་ནང་གི་སློབ་ཡོན་གྱི་བཤད་ཡོང་ན་ཡི་མིག་པ་ཞིག་རེད། མི་འདི་ཚོས་སློབ་སྦྱོང་བྱེད་རྒྱུ་དེ་མི་ཚེའི་ནང་གི་ལས་ཀ་ཆེས་ལས་སླ་ཤོས་དེ་ཡིན་ན་བསམ་བསྡད་ཡོད་ས་རེད། ཟླ་རེར་ཧིན་སྒོར་༡༥༠༠ ཟེར། ཧིན་སྒོར་༡༥༠༠ མེག་ལོར་གྷན་ཇི་ནས་ཅི་ཞིག་ཉོ་ཐུབ་མིན་ཁོ་ཚས་ཤེས་གསལ་བཞིན་སློབ་ཡོན་འདི་ཙམ་སྤྲད་དེ་གཞུང་ཆེན་ཁག་ལ་རིགས་གཅིག་རྐང་འཛིན་བྱ་རྒྱུའི་གྲོས་ཆོད་དང་བང་རིམ་བསྒྲིགས་འདུག ངོ་མ་ཡི་མིག་པ་རང་རེད། བོད་ཀྱི་ཆོས་དང་རིག་གཞུང་གི་རིན་ཐང་གཏན་འབེབས་བྱས་པ་འདི་འདྲ་རེད།
    རྒྱ་དམར་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཐད་བཏང་དང་གཏོང་བཞིན་པའི་མི་རྒྱུ་དུས་གསུམ་ལ་བསམ་བློ་གཏོང་དགོས་གལ་ཆེ།

    Reply
  7. གངས་ཀྱི་བུ་ཕྲུག says:
    ལོ་ 11 སྔོན།

    དགེ་བཤེས་ཐོན་ཚར་ན་གཞུང་ཆེན་ལྔ་ལ་མཁས་པ་རེད། ལྔ་ལ་མཁས་ན་གཅིག་ལ་མཁས་པ་བཤད་མི་དགོས་ཀི དེ་ལ་རིགས་གཅིག་རྐང་འཛིན་གྱི་མིང་བཏགས་ན་ཆུང་རུ་བཏང་བ་མ་རེད་དམ།

    སློབ་ཡོན་དངོས་གནས་དམའ་གི གཟའ་ཉི་མར་ཁྲོམ་ལ་ཅིག་འཁྱམས། ཞལ་ལག་ཅིག་མཆོད་ཚེ་རྫོགས་འགྲོ་གི་རེད། རྒྱ་གར་ལ་ཟས་སོང་གི་རིན་གོང་སྔོན་མ་ལས་ཧ་ཅང་མཐོ་བོ་རེད་ཅེས་ཀུན་གྱིས་གླེང་གི་འདུག

    ད་གང་ལྟར་ལས་བསྡོམས་རྒྱག་རྒྱུ་ཡོད་པ་ཙམ་རེད།

    Reply
  8. དོན་འགྲུབ་བཀྲ་ཤིས། says:
    ལོ་ 11 སྔོན།

    ལས་གཞི་འདི་༧གོང་ས་མཆོག་གི་བཀའ་ཙམ་མ་རེད། བོད་བརྒྱུད་ནང་བསྟན་སྤྱིར་ཞབས་འདེགས་དང་། ཆོས་བརྒྱུད་སོ་སོའི་ཆེ་མཐོང་དང་འཕྲལ་ཕུགས་ཀྱི་ལས་དོན་གང་ཅིར་ཕན་པ་ཞིག་རེད་སྙམ། འོན་ཀྱང་། རིགས་གཅིག་རྐང་འཛིན་གནང་མཁན་ཞིག་ལ་མཚོན་ན། ད་ལྟའི་དུས་ཚོད་འདིར་ཧིན་སྒོར་ ༡༥༠༠ ཙམ་གྱིས་ཐུགས་ཕན་སོས་པ་ཞིག་ཡོང་ཁག་པོ་རེད། དྷ་རམ་ས་ལ་ནས་ལྡི་ལིར་ཡང་རླངས་འཁོར་གླ་ཆ་ཧིན་སྒོར་ ༡༠༠༠ ཙམ་རེད།

    ཉུང་མཐར་ཟླ་རེར་ཧིན་སྒོར་ ༡༠༠༠༠ ནས་ ༡༥༠༠༠ ཙམ་སྤྲོད་ཐུབ་པ་ཡིན་ན་ལས་གཞི་འདི་ལམ་ལྷོང་ལྡན་པ་ཞིག་ཡོང་གི་རེད། དངུལ་དེ་ཡོངས་རྫོགས་ཆོས་རིག་ལས་ཁུངས་ནས་སྤྲོད་མི་ཐུབ་ཀྱང་། ཕྱེད་ཀ་ཆོས་རིག་ནས་སྤྲོད་རྒྱུ་དང་། ཕྱེད་ཀ་ཆོས་བརྒྱུད་ཁུངས་སོ་སོ་ནས་གཏོང་དགོས། ད་དུང་སྒྲིག་གཞི་དང་ཐོབ་ཐང་གི་ཐད་ནས་ཀྱང་དམིགས་བསལ་དང་རང་དབང་འདང་ངེས་ཤིག་ཡོད་དགོས།

    སྤྱིར་བཏང་དགེ་འདུན་པ་ཞིག་ལ་མཚོན་ན་གཞུང་ཆེན་ཐོག་སློབ་སྦྱོང་བྱེད་རྒྱུ་དེ་དུས་རྒྱུན་གྱི་ལས་ཀ་ཞིག་རེད་ཟེར་བ་དང་། ཟས་གོས་གནས་མལ་སོགས་ཀྱང་དགོན་སྡེ་སོ་སོ་ན་ཚེགས་དུ་ཡོད་ཡོད་པ་རེད་ཟེར་བ་སོགས་མ་ཡིན་པར། ང་ཚོས་བདག་གཞན་མཉམ་བརྗེ་ཡི་བསམ་བློ་བཏང་སྟེ། ཕྱོགས་གཅིག་ནས་ལས་གཞི་འདི་གལ་ཆེན་པོ་དང་ཆེ་མཐོང་ལྡན་པ་ཡོང་ཆེད་དང་། གཉིས་པ། འཛུལ་ཞུགས་བྱེད་མཁན་མང་པོ་བྱུང་ན་སྤུས་ཚད་ཡག་ཏུ་འགྲོ་རྒྱུར་ཕན་ཐོགས་ཡོད། གསུམ་པ། རིགས་གཅིག་རྐང་འཛིན་པ་ཚོས་ཉམས་ཞིབ་ཐོག་ནུས་པ་འདོན་པར་དཔལ་འབྱོར་གྱི་དཀའ་ངལ་མ་འཕྲད་པ་བཟོ་ཆེད་བཅས་ལ་དགོངས་པ་བཞེས་དགོས།

    ཡིག་རྒྱུགས་འཕྲོད་པ་དག་ཀྱང་ཁྲལ་སྒྲུབ་ཟིན་པ་དང་རང་འགན་རང་འཁུར་གྱི་ངོ་བོར་འཇོག་རྒྱུ་མ་ཡིན་པར། ཆོས་བརྒྱུད་སོ་སོ་དང་། དོ་བདག་ཡོང་ཁུངས་དགོན་པ། མཁས་པའི་ཚོགས་ཆུང་། ཆོས་རིག་བཅས་ཀྱིས་མཉམ་རུབ་ཐོག་སྟངས་འཛིན་ཞིབ་བཤེར་དང་། ལས་བསྡོམས་བསྐྱར་ཞིབ། ཉམས་ཞིབ་གནང་ཕྱོགས་ཀྱི་ཟབ་སྦྱོང་ལམ་སྟོན་དུས་ནས་དུས་སུ་གནང་ཐུབ་ན་རླབས་ཆེ་བའི་ལས་དོན་འདི་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཤིག་འབྱུང་གི་རེད་དོ།།

    Reply
  9. ཆུ་ཐིགས་སྔོན་མོ། says:
    ལོ་ 11 སྔོན།

    ཟླ་གཅིག་རིང་ཧིན་སྒོར་གཅིག་སྟོང་ལྔ་བརྒྱ་༡༥༠༠་་་
    བཀའ་བཞིན་བསྒྲུབ་མ་ཐུབ་ན་ཁྲལ་གསོད་ཐབས་ཙམ་ཞིག་མ་གནང་རོགས་གནང་་་་་་འདི་ནི་རང་གཞན་ཚང་མར་ཕན་ཐོགས་མེད་པའི་ལས་ཀ་རང་རེད་་་་་སྔོན་མའི་རིགས་གཅིག་རྐང་འཛིན་པ་ཚོར་ཡང་སློབ་ཡོན་གྱིས་མ་འདང་བར་གྲུབ་འབྲས་ཡག་པོ་ཞིག་མ་ཐོན་པ་རེད་་་་་དེ་ནི་སྐབས་དེའི་ལས་བྱེད་ཚོས་ཁྲལ་ཙམ་གྱི་ངོ་བོར་བཞག་པས་རེད་་་་ད་ཐེངས་ཡང་ཁྲལ་ཙམ་གྱི་ངོ་བོར་བཞག་ན་ཁྱོད་ཚོས་༸གོང་ས་མཆོག་དང་བོད་མི་རིགས་ལ་མཐོང་ཆུང་བྱས་པ་རེད་་་་དེ་ལས་ལས་ཀ་འདི་འདྲ་ཞིག་འགོ་མ་བཙུགས་ན་ཤོས་རེད་

    Reply
  10. ཇོ་བོ་རྣམས་གཉིས། says:
    ལོ་ 11 སྔོན།

    བཤད་གྲྭ་དང་དགོན་སྡེ་མང་ཆེ་བས་དགེ་འདུན་གྱི་སྡོད་ཤག་དང་ཞལ་ལག་ཀྱི་མཐུན་རྐྱེན་སྦྱར་བ་ཙམ་ལས། ན་བཟའ་དང་དཔེ་དེབ་དེ་མིན་འཚོ་བའི་ཉེར་སྤྱོད་དངོས་པོ་དགོས་རིག་ཉོ་བྱེད་ཀྱི་དོད་དངུལ་སྤྲོད་སྲོལ་ཡོད་པ་ཧ་ཅང་དཀོན་པོ་རེད། དེས་ན་ཧིན་སྒོར་༡༥༠༠ དེས་འགྲིག་མིན་ཆོས་རིགས་ལས་ཁུངས་ཀྱི་ལས་བྱེད་ཟུང་དྲུང་ཐུབ་བསྟན་ཚེ་རིང་ལགས་ཁྱེད་རང་ཟླ་གཉིས་གསུམ་ཙམ་གྲ་སར་ཕེབས་ནས་ཆོས་སྒོར་ཞུག་ཏེ་ཚོད་ལྟ་ཞིག་གནང་དང་ཤེས་ངེས། ངས་བྱས་ན་ཁྱེད་རང་ཟླ་གཅིག་མ་འགོར་བར་བྲོས་འགྲོ་ངེས། ད་དུང་ངས་འདིར་གསལ་བཤད་ཞིག་ཞུ་འདོད་བྱུང་ངལ་བརྩོལ་ལ་དབྱེ་ན། ལུས་པོའི་ནུས་སྟོབས་ཀྱི་ངལ་རྩོལ་དང་། བསམ་བློའི་ནུས་སྟོབས་ཀྱི་ངལ་རྩོལ་གཉིས་ཡོད། དེ་གཉིས་ལ་ཕྱི་མ་དེ་དཀའ་ངལ་ལྷག་པར་ཆེ་བ་ཡོད་པ་ཡོང་གྲགས་ལྟ་བུ་རེད། །

    Reply
  11. ཇོ་བོ་རྣམས་གཉིས། says:
    ལོ་ 11 སྔོན།

    ཆོས་རིགས་ལས་ཁུངས་ནས་མེད་ཟེར་རྒྱུ་མེད་ཙམ་གྱི་ཕྱག་ལས་དེ་འདྲ་མ་གནང་བར་གལ་ཏེ་ཐུབ་ན་ཐུབ་ཤག་ཤག་གཅིག་དང་། མ་ཐུབ་ན་གཡུག་ཞག་རོག་གནང་། མ་གཞི་ནས་༸གོང་ས་མཆོག་ནས་གསུང་ན་མ་ཏོག་ཁྱོད་ཚོས་དེའི་ཐད་གང་ཡང་བསམ་བློ་གཏང་ཡོད་ཚོད་མི་འདུག་ལ་༸གོང་ས་མཆོག་ནས་གསུང་ཚར་རྗེས་དེ་ལག་ལེན་ལྟར་ཁུལ་གྱིས་ཁྲལ་ཁྱོལ་ཙམ་བྱས་ནས་གང་ཕན། དགེ་འདུན་པ་རྣམས་རང་དགོན་ནས་ཟས་སོང་སྤྲོད་ཀྱི་ཡོད་རེད་ཟེར་ནས་ཟླ་རེར་ཧིན་སྒོར་༡༥༠༠དེ་ལས་མེད་ན་མིང་ཙམ་ལས་དོན་དངོས་གཞུང་ཆེན་རིགས་གཅིག་རྐང་འཛིན་པ་རྣམས་ལ་མཐོང་ཆུང་རང་རེད། ལར་ནས་དགོན་སྡེ་ཁག་ཅིག་གི་དཔལ་འབྱོར་གནས་སྟང་ཅུང་གཞན་ཙམ་རེད།

    Reply
  12. དར་མདོ་བ། says:
    ལོ་ 11 སྔོན།

    ཧིན་སྒོར་ 1500 དེ་ཇ་ཐོག་གཅིག་གི་ཟ་མའི་རིན་གོང་ཙམ་རེད། རིགས་གཅིག་རྐང་འཛིན་བྱེད་མཁན་ཞིག་ལ་ཟླ་གཅིག་གི་ཟླ་ཕོག་ཧིན་སྒོར་ 1500 ལས་མེད་པ་དེ་ཧང་སང་བའི་ཐབས་སྐྱོ་བོ་ཞིག་རེད།
    གོང་ས་མཆོག་གི་བཀའ་ལྡོག་ཐབས་མེད་པར་སྒྲུབ་དགོས་པར་སོང་ཙང་ཁྲལ་ཙམ་སྒྲུབ་བཞིན་ཡོད་པ་རེད།
    ཡིན་ནའང་སྤྱི་སྒེར་གཉིས་ལ་དོན་ཕན་ལྡན་པ་ཞིག་ཡོང་གི་ཡོད་མ་རེད།
    ༧གོང་ས་མཆོག་སྐུ་སྒེར་ནས་འགྲོ་སོང་བཏང་སྟེ་སྔོན་མ་ཤེས་རིག་ལས་ཁུངས་འོག་ཏུ་རིགས་གཅིག་རྐང་འཛིན་པ་སྐོར་ཞིག་གསོ་སྐྱོང་བྱས་པ་རེད། ད་བར་ཧ་ལམ་ལོ་བཅུ་གྲངས་ཤིག་ཕྱིན་ཚར་ཡང་གྲུབ་འབྲས་འདི་བྱུང་ཟེར་བ་སྣ་གཅིག་ཀྱང་སྟོན་རྒྱུ་མེད་པ་ཆགས་ཚར་བ་རེད། འདི་ལ་ཡང་མཐར་གཏུག་ན་རིགས་གཅིག་རྐང་འཛིན་ཉམས་ཞིབ་གནང་མཁན་ཚོར་འགྲོ་སོང་གིས་མ་འདང་བ་རེད། མཐའ་ན་ཁོ་རང་ཚོའི་ཟས་སོང་ཙམ་ཡང་འདང་གི་མེད་པ་ཡིན་སྟབས་ཉམས་ཞིབ་ཐོག་འགྲོ་སོང་ཞིག་གཏོང་རྒྱུ་གང་ནས་རེག་གི་རེད།
    ཐུགས་རྗེ་གཟིགས། གོང་ས་མཆོག་གི་བཀའ་དེ་ཁྲལ་ཙམ་གྱི་ངོ་བོར་མི་འཇོག་པར་འགྲོ་སོང་ཆུད་ཟོས་སུ་མ་བཏང་བར། ཁ་ཡོད་ལག་ཡོད་ཕན་ཐོགས་ཡོད་པ་ཞིག་གནང་རོགས།

    Reply
  13. ཐུབ་བསྟན། says:
    ལོ་ 11 སྔོན།

    འཆར་གཞི་ཧ་ཅང་གལ་ཆེན་པོ་དང་གཏིང་ཟབ་མོ་ཞིག་རེད། ཡིན་ནའང་ཟླ་བ་རེ་ལ་སློབ་ཡོན་༡༥༠༠་ཙམ་གྱིས་ཅི་གང་འདང་གི་མ་རེད། འདིའི་ཐོག་ལ་ཆོས་རིག་ལས་ཁུངས་ནས་དགོངས་པ་ཡག་པོ་ཞིག་བཞེས་གནང་རྒྱུ་ཐུགས་རྗེ་གཟིགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese