མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རུལ་སུངས་ཀྱི་ལམ་ཁ་གཉིས།

བོད་ཀྱི་དུས་བབ།
༢༠༡༤/༠༩/༡༡
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༣༨ སྟེང་གི་རྩོམ་སྒྲིག་པའི་གཏམ།

ཞི་ཅིན་ཕིན་རྒྱ་ནག་གི་སྲིད་འཛིན་དུ་བསྡད་རྗེས། ཁོས་རྒྱ་ནག་གཞུང་གི་ཆབ་སྲིད་རྩ་བའི་སྒྲོམ་གཞིར་འགྱུར་བ་གང་ཡང་གཏོང་ཐུབ་མེད་ཀྱང་། ནང་ཁུལ་གྱི་སྲིད་བྱུས་མང་པོ་ཞིག་ལ་བཅོས་བསྒྱུར་དག་སྒྲིག་དང་། གཞུང་གི་སྒྲིག་འཛུགས་ཁག་ཏུ་ཡན་ལག་དང་ཉིང་ལག་མང་པོ་གསར་འཛུགས་བྱས་ཡོད། དེའི་ཁྲོད་ཀྱི་གྲགས་ཆེ་ཤོས་གཅིག་ལྐོག་ཟ་རུལ་སུངས་དང་དབང་ཆ་ལོག་སྤྱོད་བྱེད་མཁན་ཚོའི་ཐོག་སྟག་དང་སྦྲང་ནག་མཉམ་རྡུང་གི་གཙང་ཕྱག་ལས་འགུལ་དེ་ཆགས་ཡོད།

ཧུའུ་ཅིན་ཐོ་ཡིས་པོ་ཞི་ལེ་འཇུས་ཏེ་ཞི་ཅིན་ཕིན་གྱི་ཟ་སྐལ་དུ་བཞག་ཡོད་པ་ལྟར། ཞི་ཅིན་ཕིན་སྲིད་འཛིན་དུ་བསྡད་དེ་ལོ་གཉིས་མ་ཟིན་ཙམ་གྱི་རིང་ལ་རྒྱ་ནག་དབུས་གཞུང་ནས་མགོ་བཙུཊ་ཏེ། རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་དང་མངའ་སྡེ་ཁག་གི་མཐོ་རིམ་དཔོན་རིགས། རིམ་གྱིས་ས་ཁུལ་དང་མཐའ་ཁུལ་དུ་ཞིབ་བཤེར་བྱས་ཡོད་པ་དང་། ད་ལྟ་གྲངས་ཉུང་མི་རིགས་ས་ཁུལ་གྱི་གྲོང་ཁྱེར་ཁག་དུའང་ཞིབ་བཤེར་བཀག་སྡོམ་གྱི་ཆར་འདབས་ཟམ་ཟིམ་རེ་འབབ་མགོ་ཚུགས་ཡོད་འདུག

དེང་སྐབས་བོད་ནང་གི་ལས་བྱེད་ཚོས་རླངས་འཁོར་རྫིག་པོ་གཏོང་རྒྱུ་དང་། གསོལ་སྟོན་སོགས་སུ་རྒྱས་སྤྲོས་ཆེན་པོ་བྱེད་པར་ཞེད་སྣང་སྐྱེ་བཞིན་ཡོད་པ་དང་། ཐ་ན་དུས་ཆེན་དང་མཛད་སྒོ་སོགས་སུའང་ཕན་ཚུན་གྱི་ནང་དུ་འགྲོ་བ་དང་ལེགས་སྐྱེས་སྤྲོད་རེས་བྱེད་པ། ཐུགས་སྤྲོ་འདུ་འཛོམ་རིགས་ལ་འཛེམ་ཟོན་བྱེད་ཀྱིན་ཡོད་འདུག གྲོང་ཁྱེར་ཁག་གི་སྐར་མ་རིམ་པའི་མགྲོན་ཁང་དང་ཟ་ཁང་། གླུ་གར་རོལ་རྩེད་ཁང་། བོད་ཁུལ་གྱི་དབྱར་སྐྱིད་གླིང་ག་སོགས་ཀྱི་དཔལ་འབྱོར་ཡོང་འབབ་ཉམས་ཆག་ཕྱིན་ཏེ་སྦྱིན་བདག་ཚོ་སྐད་ངན་ཤོར་གྱིན་ཡོད་ཚོད་འདུག

རྒྱ་ནག་གི་ལྐོག་ཟ་རུལ་སུངས་དང་དབང་ཆ་ལོག་སྤྱོད་ཀྱི་འབྱུང་ཁུངས་གཙོ་བོ་གཉིས་ལ་ངོས་འཛིན་བྱེད་ཆོག གཅིག་ནི་མཐོ་རིམ་དཔོན་རིགས་ནང་ཁུལ་གྱི་དབང་ཆའི་འཐབ་རྩོད་ཡིན་ལ། གཞན་དེ་ནི་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་དང་། བོད་དང་ཡུ་གུར། སོག་པོ་བཅས་ཀྱི་རང་དབང་རྩོད་ལེན་ཐོག་དྲག་གནོན་དང་རྡུང་རྡེག་གཏོང་བའི་བྱ་འགུལ་དེ་ཆགས་ཡོད། འདི་ལ་དབུས་ཀྱི་རུལ་སུངས་འབྱུང་ཁུངས་དང་ས་གནས་ཀྱི་རུལ་སུངས་འབྱུང་ཁུངས་ཞེས་བཏཊ་ཀྱང་ཆོག གནད་དོན་འདི་དག་བརྒྱུད་དེ་མགོ་རྒྱ་ནག་དབུས་ཆབ་སྲིད་སྡེ་ཚན་གྱི་རྒྱུན་ལས་ཀྲུག་ཡུང་ཁཱང་ནས། མཇུག་གྲངས་ཉུང་མི་རིགས་ཀྱི་ས་གནས་ཁག་གི་དཔོན་རིགས་དང་མང་ཚོགས་དཀྱུས་མའི་ཁྲོད་ཀྱི་གསང་ཉུལ་བའི་བར། ཤོག་བུ་སྣུམ་གྱིས་ཟིན་པ་ལྟར་ལྐོག་ཟ་རུལ་སུངས་དང་དབང་ཆ་ལོག་སྤྱོད་ཀྱིས་ཁྱབ་ཡོད། དེ་ནི་རྒྱ་ནག་གཞུང་གིས་ཆབ་སྲིད་བརྟན་བརླིང་ཨང་དང་པོར་འཇོག་པའི་སྲིད་བྱུས་ཀྱི་བར་སྟོང་དེ་ཡང་ཡིན་སྲིད།

རྒྱ་གཞུང་གིས། €œརྒྱལ་ཁབ་བརྟན་བརླིང་ཡོང་བ་ལ་དང་པོ་མཐའ་མཚམས་བརྟན་བརླིང་ཡོང་དགོས་པ་དང་། མཐའ་མཚམས་བརྟན་བརླིང་ཡོང་བར་བོད་ལྗོངས་བརྟན་བརླིང་དམིགས་འབེན་དུ་འཛིན་དགོས་ཞེས་པའི་སྲིད་བྱུས་འདིའི་འོག་ནས་བོད་ཁུལ་གྱི་མི་ཉེས་མེད་ལ་ཉེས་འཛུགས་དང་། མི་མང་གི་ཟ་འཐུང་ཚུན་གྱི་འགུལ་སྐྱོད་མཐའ་དག་ཆབ་སྲིད་ཀྱི་ངོ་བོར་བསྒྱུར་ཏེ། བྱེད་ཐབས་དེ་ལྐོག་ཟ་རུལ་སུངས་དང་དབང་ཆ་ལོག་པར་སྤྱོད་པའི་ལམ་ཁ་བདེ་ཤོས་དང་གོ་སྐབས་བཟང་ཤོས་སུ་བཟུང་ཡོད།

རྒྱ་གཞུང་གིས་གྲངས་ཉུང་མི་རིགས་ཐོག་འཛིན་པའི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་དང་། ཆབ་སྲིད་རྩ་འཛུགས་བརྟན་བརླིང་གི་ཞེད་སྣང་འདིའི་འོག བོད་དང་གྲངས་ཉུང་མི་རིགས་ས་ཁུལ་ལ་མཚོན་ན། ན་ནིང་ད་ལོའི་ལྐོག་ཟ་རུལ་སུངས་ཞིབ་བཤེར་གྱི་བྱ་འགུལ་ཁྲོད་ནས་ལྐོག་ཟ་རུལ་སུངས་གསར་པ་དང་། དབང་ཆ་ལོག་སྤྱོད་གཙང་ཕྱག་ཁྲོད་ནས་དབང་ཆ་ལོག་སྤྱོད་འཕར་མ་འབྱུང་རྒྱུའི་ཉེན་ཁ་ཤིན་ཏུ་ནས་ཀྱང་ཆེའོ།།

འབྲེལ་ཡོད་གསར་འགྱུར།

Sikyong Penpa Tsering and the members of the Tibetan Parliament’s Standing Committee with the diplomats of the US Embassy, Photo : TibetDotNet
Mobile App

བཀའ་སྤྱི་གཉིས་ཀྱིས་རྒྱལ་ས་ལྡི་ལིར་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ།

ཆུ་ཚོད་ ༣ སྔོན་ལ།
Mobile App

བོད་ཀྱི་འདས་དོན་གྱི་བསམ་ཚུལ་འགའ་གླེང་བར་བྱ།

༢༠༢༣/༠༦/༠༧
བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥
People jostle each other to buy subsidized sacks of wheat flour in Quetta, Pakistan, Thursday, Jan. 12, 2023
Mobile App

འཛམ་གླིང་གི་རྒྱལ་ཁབ་ཆུང་གྲས་མང་པོ་ཞིག་རྒྱ་ནག་གི་བུ་ལོན་ནང་ལྷུང་འདུག

༢༠༢༣/༠༦/༠༥
China has been accused of trying to block Penpa Tsering, the head of Tibet’s government-in-exile, from speaking at the National Press Club
Mobile App

རྒྱ་ནག་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨོ་གླིང་ནང་ཕེབས་རྒྱུར་ངོ་རྒོལ་བྱེད་བཞིན་འདུག

༢༠༢༣/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist