མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྩ་དོན་དང་འབྲེལ་བའི་ལོ་གསུམ།

བོད་ཀྱི་དུས་བབ།
༢༠༡༤/༠༩/༡༡
Share on FacebookShare on TwitterShare on EmailShare on Whatsapp

སྐལ་བཟང་རྣམ་རྒྱལ།

ཉེ་སྔོན་ཕྱི་ཟླ་བརྒྱད་པའི་ནང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་བཞེས་ནས་ལོ་གསུམ་ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་རྩི་གནང་ཡོད། དེ་དང་ལྷན་དུ་སྤྱི་ཚོགས་ནང་སྲིད་སྐྱོང་མཆོག་གིས་གཞུང་འཛིན་གནང་ནས་ལོ་གསུམ་འཁོར་ཡང་རྩ་དོན་ཐད་བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་གནང་མ་ཐུབ་པ་མ་ཟད་སྐུ་ཚབ་གཅིག་ཀྱང་གསར་དུ་བསྐོ་གཞག་བྱེད་མ་ཐུབ་ཚུལ་ཤོད་ཀྱི་ཡོད་པ་རེད། ལོ་ངོ་གསུམ་རིང་བསྐྱར་ཞིབ་བྱེད་སྐབས་རྣམ་པ་དང་ནང་དོན་གང་གི་ཆ་ནས་ཀྱང་རྩ་དོན་ཐོག་འབུར་ཐོན་གྱི་གྲུབ་འབྲས་ཐོབ་མེད་པ་ནི་མངོན་གསལ་ཡིན། ཡིན་ནའང་ང་ཚོས་ལོ་ངོ་གསུམ་རིང་རྩ་དོན་ཐོག་གྲུབ་འབྲས་ཐོན་མ་ཐུབ་པའི་ལེ་ཐོག་ཆ་ཚང་སྡིག་པ་མིག་བཙུམ་གྱིས་སྲིད་སྐྱོང་མཆོག་གི་དབུ་ཐོག་ཏུ་བསྐྱལ་བ་ནི་སྲིད་དོན་དབྱེ་ཞིབ་པའི་དན་རྟགས་ཅན་གྱི་སྐད་ཆ་ཞིག་ཨེ་ཡིན་སྙམ། དེས་ན་ལོ་ངོ་འདི་དག་རིང་གྲུབ་འབྲས་ཡོད་ན་ཡོད་མཉམ་དང་མེད་ན་མེད་མཉམ་ལས་ལྷག་པའི་རྩོད་གཞི་གང་ཡང་ལྷག་མེད།

སྲིད་སྐྱོང་བློ་བཟང་སེང་གེས་ཆབ་སྲིད་ཀྱི་སྐུ་དབང་ཆ་ཚང་བཞེས་གྲུབ་ཀྱང་རྩ་དོན་ཐད་བཀའ་ཤག་གོང་མའི་ལམ་ལུགས་མཇུག་སྐྱོང་གནང་བ་ཙམ་ལས་དགོངས་པ་གསར་པ་བཞེས་མེད། དེ་ལས་ལྡོག་སྟེ་བར་སྐབས་ཁ་ཤུགས་ཆེ་བའི་མི་འགའ་ཤས་ཀྱི་སྐད་ཆར་འཕྲུལ་སྣང་བྱུང་སྟེ་རང་ཉིད་རང་བཅུན་མ་ཐུབ་པར་བར་ལྡིང་གནང་ནས་བཞུགས་དགོས་པའི་སྐབས་ཀྱང་བྱུང་ཡོད། གལ་སྲིད་ཟམ་གདོང་རིན་པོ་ཆེའི་བཀའ་ཤག་གིས་རྩ་དོན་ཐད་སྐབས་གོང་མ་གོང་མའི་གཏན་འབེབས་ལམ་ལུགས་མཇུག་སྐྱོང་གནང་ཡོད་ཚེ་བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་གནང་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད།

ཕྱི་ལོ་ ༡༩༧༩ ལོར་རྒྱ་བོད་བར་མཛའ་འབྲེལ་བྱུང་ནས་ལོ་རབས་བརྒྱད་བཅུ་པའི་ནང་ཕན་ཚུན་གྲོས་མོལ་ཐེངས་ཁ་ཤས་བྱུང་བ་དང་། ཞི་བའི་གྲོས་འཆར་དོན་མཚན་ལྔ་དང་། སི་ཏྲས་སི་སྦག་གསུང་བཤད་སོགས་ཡོངས་གྲགས་གནང་བ་རེད། འོན་ཀྱང་རྒྱ་ནག་གཞུང་གིས་ཡིག་ཆ་དེ་ཚོར་མིང་འདྲ་མིན་བཏགས་ཏེ་ཧམ་བཤད་བྱས་པ་སོགས་ཕྱི་ནང་གི་རྒྱུ་རྐྱེན་མང་དག་ལ་བརྟེན་གལ་ཆེའི་ཡིག་ཆ་དེ་དག་གཞི་འཛིན་གྱི་ཐོག་བོད་རྒྱ་འབྲེལ་མོལ་རྒྱུན་ཆད་པ་རེད། ཕྱི་ལོ་ ༡༩༩༢ ལོའི་གསུམ་དུས་གསུང་འཕྲིན་ནང་༸གོང་ས་མཆོག་ནས། ལོ་གསུམ་གྱི་གོང་དུ་སྟོན་པའི་སི་ཏྲས་སི་སྦག་གི་གྲོས་འཆར་རང་བཞིན་ནུས་མེད་དུ་གྱུར་ཟིན་ཡང་མུ་མཐུད་གྲོས་མོལ་བྱ་འདུན་ཡོད་པ་ཁ་གསལ་གནང་ཡོད།

ཟམ་གདོང་རིན་པོ་ཆེས་དབུ་ཁྲིད་པའི་བཀའ་ཤག་སྐབས་གཉིས་རིང་རྩ་དོན་ཐད་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བྱས་ཏེ་བསྒྱུར་བཅོས་ཧ་ལས་པ་གནང་ཡོད། ཞི་བའི་གྲོས་ཆར་དོན་ཚན་ལྔ་༸གོང་ས་མཆོག་གི་ཕུགས་ཀྱི་འཆར་སྣང་ཡིན་པ་དང་། སི་ཏྲས་སི་སྦག་གསུང་བཤད་ནི་རང་བཞིན་ནུས་མེད་ཡིན་པ་ཡོངས་གྲགས་ཁ་གསལ་བཟོས་པར་བརྟེན་དེ་འབྲེལ་གྱི་གཞུང་འབྲེལ་ཡིག་ཆ་མང་པོ་རང་བཞིན་ནུས་མེད་དུ་གྱུར་བ་རེད། དེའི་རྗེས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་ས་བོན་བཏབ་པར་བརྟེན་གཞི་ནས་བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་གནང་ཐུབ་པ་བྱུང་ཡོད།

ལོ་ངོ་བཅུའི་རིང་བོད་རྒྱའི་དབར་ཐབས་མཁས་ཉམ་ཆུང་གིས་འཁོར་ཡུག་སྣ་ཚོགས་བསྐྲུན་ཏེ་འབྲེལ་མོལ་ཐེངས་བརྒྱད་ཙམ་གནང་བའི་བརྒྱུད་རིམ་ཁྲོད་དུ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་གཏན་འབེབས་ཀྱིས་རྒྱ་འབུལ་ཞུས་ཀྱང་གནང་འཇོགས་མ་གནང་བས་ཁོང་གི་བཀའ་ཤག་དང་ལྷན་དུ་བོད་རྒྱ་འབྲེལ་མོལ་མཇུག་བསྡུས་པ་རེད། ཟམ་གདོང་རིན་པོ་ཆེས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་དེ་རང་བཞིན་ནུས་མེད་དུ་གྱུར་བའི་གསལ་བསྒྲགས་གནང་མེད་ཀྱང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུ་མའི་ལམ་གྱི་གཞི་རྩའི་ཐོག་སྲིད་བྱུས་གསར་གཏོད་གནང་ཐབས་མ་བྱུང་ཚེ་སྐུ་ངལ་འཕྲད་སྲིད་པ་རེད།

སྲིད་སྐྱོང་མཆོག་གི་གཞུང་འཛིན་ལ་རྩ་དོན་དང་འབྲེལ་བའི་གནད་དོན་ཐད་ཟློག་ཐབས་མེད་པའི་སྐུ་ངལ་ཆེན་པོ་གཉིས་འཕྲད་ཡོད། དང་པོ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆབ་སྲིད་ཀྱི་དབུ་ཁྲིད་ནས་བགྲེས་ཡོལ་གནང་བ་དེ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་སྲིད་སྐྱོང་ལ་རྩིས་སྤྲོད་གནང་ཡང་། རྒྱ་ནག་གཞུང་གིས་ཁོང་དང་ཁོང་གིས་དབུ་ཁྲིད་པའི་གཞུང་གཉིས་ལ་བཀའ་མོལ་ཞུ་རྒྱུ་གང་ཡང་མེད་པའི་རྣམ་འགྱུར་མཁྲེགས་འཛིན་བྱས་པ་རེད། རྒྱ་གཞུང་གིས་ལངས་ཕྱོགས་འདི་བཞིན་འཛིན་མུས་ཡིན་ནའང་དེ་སྔོན་བཙན་བྱོལ་གཞུང་གི་དབུ་ཁྲིད་དང་། རྒྱ་ཕྱོགས་ནས་གྲོས་མོལ་བྱ་འདུན་ཡོད་སའི་ཏཱ་ལའི་བླ་མ་གཉིས་ངོ་བོ་གཅིག་ཡིན་པར་བརྟེན་དཀའ་ངལ་མེད། ཡིན་ནའང་ད་ལྟའི་ཆར་བོད་ཀྱི་ཆབ་སྲིད་དབུ་ཁྲིད་དང་ཏཱ་ལའི་བླ་མ་གཉིས་ངོ་བོ་ཐ་དད་དུ་ཡོད་སྟབས་དཀའ་རྙོག་དེ་རང་བཞིན་གྱིས་ལྷག་པ་རེད།

གཉིས་པ། འབའ་པ་ཕུན་ཚོགས་དབང་རྒྱལ་དགོངས་པ་རྫོགས་པ་དེ་རེད། འབའ་པ་ཕུན་ཚོགས་དབང་རྒྱལ་ལགས་ནི་བོད་མིའི་ཆབ་སྲིད་ཀྱི་འཕོ་འགྱུར་ཁྲོད་གནད་ཡོད་ཀྱི་མི་སྣ་ཞིག་ཡིན་པ་ཙམ་དུ་མ་ཟད། གྲོས་མཐུན་དོན་ཚན་བཅུ་བདུན་གྱི་ཡིག་ཆ་ནས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆའི་བར་བོད་ཀྱི་སྲིད་དོན་ཡིག་ཆ་མང་པོའི་ནང་དོན་ཁ་ཕྱོགས་དང་འབྲེལ་བ་ཡོད། ཁོང་ནི་དབུ་མའི་ལམ་གྱི་ཕྱོགས་སྟོན་འཁོར་ལོ་ཞིག་ཀྱང་ཡིན། དེ་ལྟར་ཡིན་པ་ནི་ཁོང་སྐུ་གྲོངས་རྗེས་སུ་༸གོང་ས་མཆོག་ནས་མི་རིགས་ཀྱི་དཔའ་བོ་ཡིན་པའི་མཐའ་སྡོམ་མཛད་པ་དང་། དེའི་དོན་འགྲེལ་ལྟ་བུར་མཁས་དབང་ཁྲི་ཟུར་ཟམ་གདོང་རིན་པོ་ཆེས་ཁོང་གི་བཀའ་ཤག་སྐབས་གསར་གཏོད་གནང་བའི་རང་སྐྱོང་ཡོང་ཐབས་ཀྱི་ཡིག་ཆའི་ནང་ཕུན་དབང་གི་ཚིག་དོན་ཞལ་འདེབས་ཡོད་པ་ཕྱིར་བསྒྲགས་གནང་བ་ལས་དཔག་ནུས།

གོད་ཆག་འདི་གཉིས་ཀྱི་ཁྲོད་དུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་རྩ་དོན་ཐོག་ནུས་རྩལ་འདོན་སའི་ཁོར་ཡུག་མེད་པར་གྱུར་པ་རེད། མིག་སྔར་སྲིད་སྐྱོང་མཆོག་ནས་རྩ་དོན་ཐད་ནུས་པ་འདོན་ཆེད་དུ་སྲིད་བྱུས་སམ་ཐབས་ལམ་གསར་གཏོད་གནང་དགོས་པ་རེད། ད་ལྟའི་ཆར་དབུ་མའི་ལམ་གཞིར་བཞག་པའི་ཐོག་ནས་ཐབས་ལམ་གསར་གཏོད་ཀྱི་ཁ་ཕྱོགས་གཅིག་རང་ཡོད་པ་ནི། ཏཱ་ལའི་བླ་མ་སྒེར་གྱི་གནད་དོན་ཐག་གཅོད་བྱེད་པ་ཞེས་པའི་ཁ་བྱང་འདིའི་འོག་ཐབས་ལམ་གང་ཡོད་ལ་ཚོད་ལྟ་བྱེད་རྒྱུ་དེ་རེད། ཁ་བྱང་འདི་ནི་སྲིད་སྐྱོང་མཆོག་གིས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་ཡིན་ཞེས་པའི་རེ་བ་གཅིག་པུ་དེ་དང་ཧ་ཅང་མཐུན་པོ་ཡོད་པ་མ་ཟད། གཞིས་ལུས་བོད་མི་ཚོའི་ཉིན་མཚན་དུས་དྲུག་གི་རེ་སྨོན་ཏེ་༸རྒྱལ་བ་རིན་པོ་ཆེའི་ཞལ་མཇལ་གསུང་ཐོས་ཐུབ་པ་ཡོང་བ་ཤོག་ཅེས་པའི་སྨོན་ལམ་རླབས་པོ་ཆེ་འདི་འགྲུབ་ཐུབ་པའི་གཞི་རྩ་འཛུགས་ཐུབ་ངེས་ཡིན་སྙམ། དེ་ཙམ་མ་ཟད་རྒྱ་ནག་ནང་གི་ནང་པ་ས་ཡ་ཉིས་བརྒྱ་ལྷག་གི་མངོན་འདོད་འགྲུབ་པའི་མཛད་རྗེས་རླབས་ཆེན་ཞིག་ཀྱང་འཇོག་ཐུབ་ངེས་རེད།

ལོ་སྔོན་མའི་ནང་སྲིད་སྐྱོང་མཆོག་ནས་ལམ་ཕྱོགས་འདིར་ཕེབས་ཀྱི་ཡོད་འདྲའི་གསུང་བཤད་ཚར་ཁ་ཤས་གནང་སོང་ཡང་ཁ་ཤུགས་ཆེ་བའི་མི་འགའ་ཤས་ཀྱིས་ཁ་བརྡུང་བཏང་བར་དོགས་ཟོན་གནང་སྟེ་ཕྱིར་ཐེན་གནང་བའི་ཚོར་སྣང་བྱུང་། སྐུ་ཉིད་ནས་རྩ་དོན་རང་བཞིན་གྱི་སྲིད་དོན་ཐག་གཅོད་ལ་དགོངས་པ་བཞེས་སྐབས་ཕྱིའི་རྒྱལ་ཁབ་གང་ཡང་རུང་བ་ཞིག་གི་མི་སེར་དུ་གྱུར་དང་འགྱུར་བཞིན་པའི་ཕྱི་སྡོད་བོད་མིའི་ཁ་ཤུགས་ལ་སྡུག་རུས་ཀྱིས་ཉིན་མཚན་འཁྱོལ་དཀའི་སྡུག་བསྔལ་མྱོང་བཞིན་པའི་གཞིས་ལུས་བོད་མིའི་ངུ་སྐད་ཁྲོད་ཀྱི་རེ་འདོད་ལ་ཡིད་འཇོགས་གནང་རོགས། གཞིས་ལུས་བོད་མི་ཚོས་སྲིད་སྐྱོང་མཆོག་གིས་བཟང་ཐག་ངན་ཐག་གཅོད་རྒྱུར་རེ་སྒུག་བྱེད་བཞིན་ཡོད། ད་དུང་ཆེ་ས་ནས་ཨ་རི་དང་རྒྱ་གར་ལྟ་བུ་སྟོབས་ཆེན་རྒྱལ་ཁབ་དང་། རྒྱལ་ཁབ་དེ་ཚོས་བོད་ཐོག་འཛིན་པའི་སྲིད་དོན་ཐབས་བྱུས་དང་གཞི་གཅིག་ཏུ་གྱུར་པའི་སྲིད་དོན་ཚོགས་ཁག་ཆེ་ཆུང་གི་སྐད་ཆ་དང་རྣམ་འགྱུར་ལ་གཞི་འཛིན་དེ་བས་གནང་ཐབས་མེད།། །།

འབྲེལ་ཡོད་གསར་འགྱུར།

Mobile App

༸གོང་ས་སྐུ་འཕྲེང་དྲུག་པའི་སྐོར་ལ་རྒྱལ་སྤྱིའི་ལྷན་ཚོགས་ཤིག་འཚོག་གཏན་ཁེལ།

༢༠༢༥/༡༡/༠༧
Mobile App

མགོན་པོ་སྐྱིད་ལགས་ལ་རང་ཁྱིམ་དུ་སྨན་བཅོས་བྱེད་བཞིན་འདུག

༢༠༢༥/༡༡/༠༦
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤

མཆན། 5

  1. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 11 སྔོན།

    འདི་ན་ཡང་གསར་འགྱུར་ཚ་བོ་ཚ་བོ་ཞིག་འདུག་ད།
    དེང་སང་ང་ཚོ་ཝ་ཤིང་ཀྲོན་ཌི་སི་(d.c)ཉེ་འཁོར་བོད་ཀྱི་སྤྱི་ཚོགས་ནང་སྐུ་ཞབས་སྐལ་ལྡན་བློ་གྲོས་མཐོང་རྒྱུ་མེད་པ་ཆགས་སོང་། སྔོན་མ་ཡིན་ན་སྐུ་ཞབས་སྐལ་ལྡན་བློ་གྲོས་ང་ཚོ་ཨ་རི་རྒྱལ་སའི་ཁུལ་དུ་སྤྱི་ཚོགས་ལས་རིགས་ཁག་གི་དབུ་ཁྲིད་མཁན་གཙོ་བོའི་གྲས་ཤིག་རེད།
    བདུན་ཕྲག་སྔོན་མའི་གཟའ་འཇུག་ནས་ཨེ་རླུང་ཚང་གི་བོད་སྐད་སྡེ་ཚན་འགན་འཛིན་བཀྲས་མཐོང་བསྟན་རྣམ་གྱིས་ཀྱང་མི་ཤེས་པར་བྱས་ནས་གསང་བའི་སྒོ་ནས་སྐུ་ཞབས་སྐལ་ལྡན་བློ་གྲོས་ཟེར་བ་དེ་རྡ་སའི་དབུ་ལམ་ཚོགས་པ་དང་གྲོས་སྡུར་བྱེད་སར་སོང་འདུག མ་འོངས་པར་བཙན་གནོན་གྱི་འོག་ཏུ་རང་དབང་བྲལ་བའི་གསར་འགོད་ཁང་ཨེ་ཤེ་ཡ་རླུང་འཕྲིན་ཁང་དེ་བཙན་བྱོལ་དབུ་ལམ་ཚོགས་པའི་ཁྱབ་བསྒྲགས་བྱེད་ས་ཙམ་འགྱུར་མི་འགྲོ་བའི་ངེས་པ་མེད་པ་ཆགས་ཟིན་པ་རེད།
    ངས་ཚོད་དཔག་བྱེད་པ་ནོར་མེད་ན་རྒྱ་མོ་ལེས་བྷེས་ལུང་གིས་ཨེ་རླུང་ཚང་གི་ང་ཕོད་འཇིག་མེད་གནས་དབྱུང་བཏངས་བ་ནས་བཟུང་རྒྱལ་སའི་ཁུལ་གྱི་བོད་མི་མང་ཆེ་བས་སྐུ་ཞབས་སྐལ་ལྡན་ཟེར་དུས་མིའིི་གཟུགས་བརྙན་ལས་གྲུབ་པའི་ཁྱི་ཞིག་མཐོང་གི་ཡོད་པ་ལས་མི་ངོ་མ་ཞིག་མཐོང་མཁན་མེད་པ་རེད། ད་དུང་སྐུ་ཞབས་སྐལ་ལྡན་བློ་གྲོས་ལ་མཚོན་ན་བོད་པའི་ཤ་ཁྲག་ལས་གྲུབ་ཙམ་ལས་བོད་མི་རིགས་དང་རྒྱལ་ཁབ་ལ་ལ་ཤ་ཞེན་ཅུང་ཟད་ཙམ་མེད་མཁན་གྱི་མྱི་ངན་ལྟོ་གོས་དང་སྒེར་ཕན་ཁོ་ན་སྒྲུབ་མཁན་ཞིག་ཡིན་པ་རྒྱལ་སའི་དུས་དབང་སྐབས་སུ་རྩིས་ཁྲ་གཙང་མིན་དང་དབང་ཆ་སྒེར་སྤྱོད་སོགས་སོགས་བྱས་པ་ཡོངས་གྲགས་ཆགས་འདུག་པ་འདིས་ར་གསལ་པོ་སྤྲད་པ་རེད། དེའི་སྐབས་སུ་རྒྱལ་སའི་ཁུལ་དུ་རྡོ་རྗེ་ཕ་ལམ་གྱི་ཚོང་ཁང་ནང་དུ་འགྲོ་ཐུབ་མཁན་སྐལ་ལྡན་བློ་གྲོས་ཀྱི་གཟའ་ཟླ་ལས་གཞན་མེད་པ་ལྟ་བུ་རེད། རྒྱུ་མཚན་དེའི་ཕྱིར་ཁོང་ང་ཚོའི་སྤྱི་ཚོགས་ནང་འོང་བའི་སྤོབས་པ་མེད་པར་གྱུར་ནས་ཁ་ཐག་རིང་དུ་སོང་པ་རེད། ད་དུང་གཅིག་བཤད་ན་སྐུ་ཞབས་༧ ཏཱ་ལའི་བླ་མས་རྒྱ་གར་ལྷོ་ཕྱོགས་སེ་ར་དགོན་པའི་ནང་ཁྲི་བྱང་གི་བརྒྱུད་པ་འཁྲུལ་མེད་ལམ་རིམ་གསུང་སྐབས་སུ་གསང་བའི་སྒོ་ནས་ཨེ་རླུང་ཚང་གི་དམིགས་གསལ་ཛ་དྲག་གི་གསར་འགོད་པ་གལ་ཆེན་ཁ་ཤས་དང་ནོར་ཝེ་ཨ་རི་ཚང་གི་མི་སྣ་ཁ་ཤས་ལ་ནང་ཚག་བྱས་ནས་རང་བཙན་གླེང་ན་སྐུ་ཚེ་ཐུང་རུ་འགྲོ་རབས་གསུངས་པ་དང་། ད་དུང་བོད་ཀྱི་རང་བཙན་འཐབ་བརྩོད་པ་དག་མི་མང་ལ་ཤུགས་རྐྱེན་ཐེབ་པའི་ལས་གནས་ཡོད་ན་ཐབས་བརྒྱ་ཇུས་སྟོང་གི་གནོན་ཤུགས་སྤྲད་ནས་སྤྱི་ཚོགས་ནས་ཕྱིར་འབུད་ཐབས་བྱེད་དགོས་ཚུལ་སོགས་བཀའ་སློབ་ཟབ་མོ་འགའ་གསུང་ཡོད་པ་རེད།
    རྒྱུ་མཚན་དེ་ཉིད་ཀྱིས་སྐུ་ཞབས་སྐལ་ལྡན་ཡང་༧ གོང་ས་ཏཱ་ལའི་བླ་མའི་གསོལ་དཔོན་སྐུ་ཞབས་བློ་བཟང་དགའ་བའི་བཀའ་དྲིན་གྱིས་སྐབས་དེ་ནས་བཟུང་༧ ཏཱ་ལའི་བླ་མའི་སྒེར་གྱི་དམག་དཔོན་གལ་ཆེན་ཞིག་ཆགས་ནས་ཐབས་བརྒྱ་ཇུས་སྟོང་གི་དབུ་མའི་ལམ་གྱི་གཡུལ་བཤམ་ནས་གཞོན་ནུ་ཚོགས་གཙོ་སོགས་མི་ཁ་ཤས་རང་བཙན་གྱི་ལྟ་བ་ཡོད་མཁན་རྣམས་ལ་གནོན་ཤུགས་སྤྲད་ཅི་ཐུབ་བྱས་ནས་མཐའ་ན་རྒྱ་མོ་ལིས་བྷིས་ལུ་བརླ་ཤ་ཡན་ཆད་བསྟོན་ནས་༧ ཏཱ་ལའི་བླ་མའི་ཕྱག་ལག་གཡས་པ་མཚོན་བྱེད་སྐུའི་གཡས་ཟུར་དུ་གདན་འདྲེན་ཞུ་ནས་ནང་ཁུལ་འབུར་འཇོམ་བྱེད་མགོ་བརྩམས་པ་རེད། དེ་ཙམ་ནས་སྐུ་ཞབས་ཀྱི་གཟའ་ཟླ་ཡང་ངོ་ཚ་ནས་སྤྱི་ཚོགས་ནང་ངོ་སྟོན་མི་ཤེས་པའི་ལས་ཤིག་ཡིན་པ་ངོས་ཟིན་ནས་གཟའ་ཚང་ཁ་བྲལ་དུ་སོང་བ་རེད།
    དེང་སང་ཌི་སི་(d.c)ཁུལ་དུ་ཡོངས་གྲགས་ཀྱི་སྐད་ཆ་གསར་པ་ཞིག་ལ་ཉེ་སྔོན་༧ གོང་ས་ཏཱ་ལའི་བླ་མའི་ལ་དྭགས་དུས་འཁོར་དཔུང་པ་ཉེར་བཞི་ཅན་གྱི་དབང་གསུང་དུས་སུ་སྐུ་ཞབས་སྐལ་ལྡན་གྱིས་རང་གི་དགའ་རོགས་སམ་བྱང་ཨ་རི་རྒྱལ་སའི་ཁུལ་དུས་དབང་གི་སྦྱིན་བདག་མ་རྒྱ་མོ་དེ་ཁྲིད་ནས་འགྲོ་སྐབས་སྔོན་གྱི་དུས་དབང་གསུང་དུས་ཁོང་གཉིས་སྒེར་གྱི་གསང་བའི་གནས་ཚུལ་རྣམས་རྒྱ་མོའི་ཁྱོ་ག་དེའི་ལག་སོན་བྱུང་ནས་པར་བཤུས་བྱས་ནས་༧ སྐུ་སྒེར་ཡིག་ཚང་ལ་ཕུལ་དེ་སྒེར་གྱི་གཟའ་ཚང་མ་གཏོར་རོགས་ཞེས་སྙན་ཞུ་ཕུལ་ཡོད་རབས་གོ་རྒྱུ་འདུག
    ད་དུང་ཟར་ཟུར་ནས་ཨ་མདོ་བ་ཀླུ་འབུམ་ཟེར་བ་དེའི་གཟའ་ཟླ་ཡང་སྐུ་ཞབས་སྐལ་ལྡན་གྱི་ཕྱག་འོག་ནས་ཐར་ས་མ་རེད་ཟེར་ཀྱིན་འདུག

    Reply
  2. གངས་ཀྱི་བུ་ཕྲུག says:
    ལོ་ 11 སྔོན།

    ༧གོང་ས་མཆོག་གིས་སྟག་བྲག་རིན་པོ་ཆེ་ནས་བརྒྱུད་པའི་སྲིད་དབང་ཆ་ཚང་མི་མང་གིས་འོས་འདེབས་བྱས་པའི་འགོ་ཁྲིད་རིམ་པར་རྩིས་སྤྲོད་བྱས་ཟིན་ཞེས་གསུངས་ཕེབས་ཀྱི་འདུག རྩོམ་ཡིག་འདི་དང་རྒྱུད་ལམ་ཁ་ཤས་སུ་༧གོང་ས་མཆོག་གིས་སྟག་བྲག་རིན་པོ་ཆེ་ནས་བརྒྱུད་པའི་སྲིད་དབང་ཆ་ཚང་༼སྲིད་སྐྱོང་བློ་བཟང་སེང་གེར་རྩིས་སྤྲད་༽ཅེས་ཟེར་གྱི་འདུག

    དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཐོག་མ་ཟམ་གདོང་རིན་པོ་ཆེ་ཡིས་བཀའ་ཐམ་སྲིད་ཞུ་བདེ་སྐྱིད་མ་གདམས་ཐོན་སྲིད་སྐྱོང་བློ་བཟང་སེང་གེ་ལ་རྩིས་སྤྲོད་གནང་བ་ནས་སྲིད་དབང་ཆ་ཚང་༧གོང་ས་མཆོག་གིས་ཕུལ་གནང་བ་ཞིག་མ་ཡིན།

    བཅའ་ཁྲིམས་འགྱུར་བཅོས་བཏང་ནས་བཀའ་བློན་ཁྲི་བ་ཟམ་གདོང་རིན་པོ་ཆེས་ས་ཡིག་བཀོད་ཡོད་ཅིང་། ས་ཡིག་བཀོད་པ་ནས་ཁོང་གི་བཀའ་བློན་ཁྲི་བའི་མཚན་གནས་དེ་ཡང་སྲིད་སྐྱོང་དུ་འགྱུར་བ་ཐེབས། ཟླ་ ༨ ཚེས་ ༨ བར་ཟླ་དྲུག་ཡས་མས་ལ་ལ་ཟམ་གདོང་རིན་པོ་ཆེ་ཡིས་སྲིད་སྐྱོང་གི་འགན་ཁུར་གནང་བ་རེད། སོང་ཙང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཐོག་མའི་ཕྱག་ལས་དུས་ཡུན་ཟླ་༦ ཡས་མས་ཆགས་པ་རེད་དོ།

    Reply
  3. ཁྱམས་འཇུགས་ says:
    ལོ་ 11 སྔོན།

    འབའ་ཕུན་ཡོད་པ་དྲིན་གྱི་རྒྱ་དམར་གྱིས་བཙན་འཛུལ་དེ་ཁྲིམས་མཐུན་གྱིས་བཙན་འཛུལ་ཞིག་ཆགས་མ་ཐུབ་པ་རེད།

    Reply
  4. ཁྱམས་འཇུགས་ says:
    ལོ་ 11 སྔོན།

    འབའ་ཕུན་ཡོད་པ་དྲིན་གྱི་རྒྱ་དམར་གྱིས་བཙན་འཛུལ་དེ་ཁྲིམས་མཐུན་གྱིས་བཙན་འཛུལ་ཞིག་ཆགས་མ་ཐུབ་པ་རེད།

    Reply
  5. གནས་ཚང་། says:
    ལོ་ 11 སྔོན།

    དེང་སྐབས་བཙན་བྱོལ་སྤྱི་ཚོགས་ནང་མི་ཆེ་ཆུང་ཚང་མས་ཁ་ཡར་གྲགས་མ་གྲགས་ཚང་མ་ལོར་བོད་ཀྱི་ཚབ་ཡིན་མདོག་མདོག་ཅིག་གནང་བཞིན་པ་འདི་ནི་གདེངས་ཚོད་མེད་པ་དང་རང་མདོག་ཕྱི་ལ་སྟོན་བཞིན་པ་ཞིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese