མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དངོས་གྲུབ་ཚེ་རིང་ལགས་ཤེས་རིག་བཀའ་བློན་དུ་བསྐོ་བཞག

བོད་ཀྱི་དུས་བབ།
༢༠༡༤/༠༩/༡༥
Share on FacebookShare on TwitterShare on EmailShare on Whatsapp

ད་ལྟ་རང་སྤྱི་འཐུས་གྲོས་ཚོགས་ནང་ད་ལྟའི་ཤེས་རིག་དྲུང་ཆེ་ལས་ཐོག་དངོས་གྲུབ་ཚེ་རིང་ལགས་ཤེས་རིག་བཀའ་བློན་དུ་སྤྱི་མོས་བདམས་ཐོན་བྱུང་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ སྟེང་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་བཞི་པའི་ཞོགས་པའི་ལས་རིམ་གྱི་ཐོག་མར། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་ ༢༢ པའི་དགོངས་དོན་ལྟར། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གྲོས་ཚོགས་ནང་ད་ལྟའི་ཤེས་རིག་དྲུང་ཆེ་ལས་ཐོག་དངོས་གྲུབ་ཚེ་རིང་ལགས་ཤེས་རིག་བཀའ་བློན་གྱི་འོས་གཞིར་མཚན་འདོན་གནང་བ་ལྟར། སྤྱི་འཐུས་ཡོངས་ཀྱིས་རྒྱབ་སྐྱོར་གནང་སྟེ་སྤྱི་མོས་ཐོག་དངོས་གྲུབ་ཚེ་རིང་ལགས་ཤེས་རིག་བཀའ་བློན་དུ་བསྐོ་བཞག་གནང་སོང་།

དངོས་གྲུབ་ཚེ་རིང་ལགས་ནི། ཕྱི་ལོ་ ༡༩༥༣ ཟླ་ ༧ ཚེས་ ༡ ཉིན་བོད་སྐྱིད་གྲོང་དུ་འཁྲུངས་ཤིང་། བཙན་བྱོལ་དུ་ཕེབས་རྗེས་སིམ་ལ་གཏན་སློབ་ཏུ་སློབ་སྦྱོང་གནང་སྟེ་ ༡༩༧༣ ལོར་གཞི་རིམ་འཛིན་གྲྭ་ ༡༡ ཐོན་སྐབས་གྲུབ་འབྲས་རྩེར་སོན་བྱུང༌། བོད་སློབ་འཛིན་ཚོགས་ཀྱི་སློབ་ཡོན་ཐོབ་སྟེ་ ༡༩༧༧ ལོར་ཅན་དྷི་གྷར་ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་ ༡༩༧༩ ལོར་གཙུག་ལག་རབ་འབྱམས་པ་ལོ་དང་པོ་ཐོན། ༡༩༧༦ ནས་ ༡༩༧༩ དུས་ཡུན་རིང་ཅན་དྷི་གྷར་ས་གནས་གཞོན་ལྷན་གྱི་དྲུང་ཆེ་དང་ས་གནས་རང་བདེན་ཚོགས་ ཆུང་གི་ཚོགས་གཙོ་ཡང་གནང༌།

དེ་ནས་སྐབས་བདུན་པའི་བོད་མི་མང་སྤྱི་འཐུས་ཁོངས་དབུས་གཙང་སྤྱི་འཐུས་སུ་འདེམས་ཐོན་ལྟར་སྤྱི་འཐུས་གནང་རྗེས་ ༡༩༨༣ ཟླ་ ༢ ཚེས་ ༡ ནས་ཤེས་རིག་ལས་ཁུངས་ཀྱི་དྲུང་གཞོན་དུ་ཐད་བསྐོས་གནང༌། ༡༩༨༧ ཟླ་ ༤ ཚེས་ ༡༥ ནས་ནང་སྲིད་ལས་ཁུངས་ཀྱི་དྲུང་གཞོན་གནང༌། ༡༩༩༠ ཟླ་ ༡༢ ཚེས་ ༡༠ ཉིན་གནས་དྲུག་པར་གནས་སྤར་གྱིས་བོད་གཞུང་ཟློས་གར་གྱི་འགན་འཛིན་དུ་བསྐོས། ༡༩༩༣ ཟླ་ ༡༠ ཚེས་ ༡ ནས་དྲུང་ཆེ་ལས་འཕར་དུ་གནས་སྤར་བྱས། ཟློས་གར་འགན་འཛིན་གནང་རིང་ལས་དོན་གྲུབ་འབྲས་གཟེངས་སུ་ཐོན་པར་བརྟེན་སུད་སི་ བོད་མིའི་གཟེངས་རྟགས་ཀྱང་ཐོབ། ༡༩༩༥ ཟླ་ ༡༠ ཚེས་ ༡༨ ཉིན་གནས་རིམ་རང་འཇགས་ཐོག་ཤེས་རིག་དྲུང་ཆེའི་ལས་འགན་བཀོད་སྒྲིག་གནང༌། ༡༩༩༦ ཟླ་ ༥ ཚེས་ ༤ ཉིན་ལས་འགན་རང་འཇགས་ཐོག་དྲུང་ཡིག་ཆེ་མོར་གནས་སྤར་བྱས། ༡༩༩༩ ཟླ་ ༡༠ ཚེས་ ༡༥ ནས་ནང་སྲིད་དྲུང་ཆེར་གནས་སྤོས་གནང༌། ༢༠༠༠ ཟླ་ ༥ ཚེས་ ༡ ནས་ལོ་གཉིས་རིང་ཕོགས་མེད་གུང་གསེང་དུ་གནས་མུར་དགོངས་ཞུ་ཕུལ་བ་ལྟར་ ༢༠༠༢ ཟླ་ ༢ ཚེས་ ༡༨ ནས་རྩ་དགོངས་ཐོབ་སྟེ་ཨ་རིར་བཞུགས།

སྐབས་བཅུ་བཞི་པའི་བཀའ་ཤག་གིས་བཀོད་ཁྱབ་གནང་བ་ལྟར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གྲོས་འདྲི་བྱ་ཡུལ་དང་། ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢ ཉིན་ཤེས་རིག་དྲུང་ཆེའི་ལས་འགན་བསྐྱར་བསྐོ་གནང་བ་བཞིན་ཟླ་ ༤ ཚེས་ ༥ ཉིན་མཛད་འགན་དངོས་བཞེས་གནང་། དེ་རིང་ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༡༦ ཉིན་ཏེ་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་སྟེང་སྤྱི་མོས་ཐོག་ཤེས་རིག་བཀའ་བློན་དུ་བསྐོ་བཞག་གནང་ཡོད།

འབྲེལ་ཡོད་གསར་འགྱུར།

བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

ཆུ་ཚོད་ ༥ སྔོན་ལ།
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

ཆུ་ཚོད་ ༥ སྔོན་ལ།
TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

༢༠༢༦/༠༥/༢༠
Front Slider

Public Reactions to the Election Results | Real Opinions & Views

༢༠༢༦/༠༥/༢༠
མདོ་ཁམས་ཆུ་བཞི་སྒང་དྲུག་གཞིས་བྱེས་གཉིས་དང་ཧི་མ་ལ་ཡའི་ནང་པའི་ཆོས་ཚོགས་ཐུན་མོང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༦།༠༥།༢༠ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

༢༠༢༦/༠༥/༢༠
Photo from the Facebook of Tsering Luding. Collected by Tibet Times.
Mobile App

བོད་མི་འཇིགས་བྲལ་ཀླུ་ལྡིང་ལགས་ཁེ་ན་ཌའི་དམག་དཔོན་ཞིག་ཏུ་བསྐོས་གཞག་གནང་འདུག

༢༠༢༦/༠༥/༢༠

མཆན། 9

  1. གནམ་བུ་ལྷ་དཀར། says:
    ལོ་ 11 སྔོན།

    ཡང་ཡང་ཙི་ཙི་ཁ་ཤས་སླེབས་འདུག གྲོས་ཚོགས་ཀྱི་སྤྱི་མོས་བྱུང་ཞིང་། ཡུན་རིང་གཞུང་གི་སྲིད་ཞུ་སྒྲུབ་མྱོང་བའི་ཤེས་འབྱོན་ལྡན་པ་ཞིག་བསྐོས་པ་ཡག་པོ་བྱུང་འདུག བཀྲ་ཤིས་བདེ་ལེགས་དང་ལས་དོན་ལམ་ལྷོང་ཡོང་བའི་སྨོན་འདུན་ཡོད།

    Reply
  2. ཀརྨ་ཕུན་ཚོགས། says:
    ལོ་ 11 སྔོན།

    ད་ནི་རེ་བ་ཉག་ཅིག་ཡོད་པ་ནི་ཤེས་རིག་དྲུང་ཆེ་ལ་མི་སུ་ཞིག་བསྐོ་མིན་དེ་རེད། མགོ་སྲིད་སྐྱོང་ནས་ཤེས་རིག་བཀའ་བློན་ནས། བོད་ཁྱིམ་གྱི་ངེས་སྟོན་པ་དང་འགན་འཛིན་ནས་བཟུང་ཤེས་ཡོན་སྲིད་བྱུས་གླེང་སྐབས་མགོ་ན་མཁན་རྐྱང་ཆགས་སོང་། བཙན་བྱོལ་ནང་གི་བོད་ཡིག་བོད་སྐད་རྦད་དེ་ཚར་སོང་། ཡང་སྒོས་ཤེས་ཡོན་སྲིད་བྱུས་ཀྱི་རེ་བ་རྩ་ནས་བརླགས་སོང་། ཆེས་མཐའ་མཇུག་གི་རེ་བ་ཉག་ཅིག་ཡོད་པ་ནི་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེར་མི་སུ་འདྲ་ཞིག་བསྐོ་བཞག་གནང་མིན་དེ་རེད། ང་ཚོས་འདི་ལ་རེ་བ་བརྒྱབ་ནས་ལག་པ་འཇུ་ས་ཙམ་ཨཻ་ཉན་ལ་བལྟ་རྒྱུ་དེ་རེད།

    Reply
  3. བདེ་རྒྱལ། says:
    ལོ་ 11 སྔོན།

    མི་འདི་བཟང་པོ་ཞིག་དང་ཤེས་ཡོན་ཅན་ཞིག་ཡིན་པའི་ཚུགས་ཀ་རིམ་པར་བྱུང་། ད་ལས་གནས་གཅིག་གི་འགན་འཁྲི་ཐོག་ལ་བབས་དུས་འགན་ཁུར་ཆེན་པོ་ཡོད། བོད་རིགས་ཆེད་སེམས་ཤུགས་མི་ཆགས་པར་འབད་བརྩོན་གནོངས་དང་། དྲང་བདེན་ལ་དགའ་མཁན་ཚོས་རྒྱབ་སྐྱོར་བྱེད་ངེས། སློབ་གྲྭ་ཁག་གི་འགན་འཛིན་བསྐོ་འཇོག་སོགས་ལ་ཞིབ་ཏུ་བརྟག་དགོས།

    Reply
  4. འཇམ་གཅེས ། says:
    ལོ་ 11 སྔོན།

    ང་ནི་མི་འདི་ལ་རྒྱུས་མངའ་གང་ཡང་མེད་མོད། བཀུར་འོས་སྤྱི་མཐུས་རྣམས་ཀྱིས་སྤྱི་མོས་ཐོག་ནས་འདེམས་གནང་བ་ཡིན་དུས་ཡག་པོ་ཞིག་ཡོད་པའི་རེ་བ་ཡོད། དེ་མིན་དྲྭ་འབུ་འདི་ཚོས་འུར་རྒྱག་མི་དགོས་ས་མེད་དུས་ལེགས་གང་ཞིག་བཤད་རུང་ཡིད་ཆེས་གང་ཡང་མེད། མདོར་ན་བཀའ་བློན་འདི་བོད་པའི་སྐད་ཡིག་དང་། རིག་གནས་ཀྱི་རིན་མཐོང་ཤེས་མཁན། དེ་ལ་དགའ་མོས་དང་གལ་ཆེར་ངོས་འཛིན་གནང་མཁན་ཞིག་ཡིན་པའི་རེ་བ་ཡོད།

    Reply
  5. འཇམ་གཅེས ། says:
    ལོ་ 11 སྔོན།

    ང་ནི་མི་འདི་ལ་རྒྱུས་མངའ་གང་ཡང་མེད་མོད། བཀུར་འོས་སྤྱི་མཐུས་རྣམས་ཀྱིས་སྤྱི་མོས་ཐོག་ནས་འདེམས་གནང་བ་ཡིན་དུས་ཡག་པོ་ཞིག་ཡོད་པའི་རེ་བ་ཡོད། དེ་མིན་དྲྭ་འབུ་འདི་ཚོས་འུར་རྒྱག་མི་དགོས་ས་མེད་དུས་ལེགས་གང་ཞིག་བཤད་རུང་ཡིད་ཆེས་གང་ཡང་མེད། མདོར་ན་བཀའ་བློན་འདི་བོད་པའི་སྐད་ཡིག་དང་། རིག་གནས་ཀྱི་རིན་མཐོང་ཤེས་མཁན། དེ་ལ་དགའ་མོས་དང་གལ་ཆེར་ངོས་འཛིན་གནང་མཁན་ཞིག་ཡིན་པའི་རེ་བ་ཡོད།

    Reply
  6. གཉན་མི། says:
    ལོ་ 11 སྔོན།

    དངོས་གྲུབ་ཚེ་རིང་ཞེས་པ་དེ་ཨ་རི་ནས་སྐད་བཏང་ཡོང་ནས་ཤེས་རིག་ལས་ཁུངས་སུ་བཞག ལོ་མང་རིང་ཤེས་རིག་ལས་ཁུངས་སུ་ཕྱག་ལས་ཀྱི་ཉམས་མྱོང་ཡོད་པ་དང་། ལྷག་པར་ཤེས་ཡོན་སྲིད་བྱུས་ཀྱི་ལྟ་གྲུབ་ལ་རྒྱུས་མངའ་དང་ཡིད་ཆེས་ཡོད་པའི་མི་སྣ་དག་གཙང་སེལ་བཟོས། དེ་ནས་ཤེས་རིག་བཀའ་བློན་དུ་བསྐོ་བཞག་བྱུང་བ་རེད། འདི་ལྐོག་གསོད་ཀྱི་ཁྱད་ཆོས་ལྡན་པའི་སྲིད་བྱུས་ཤིག་གི་འཕེལ་རིམ་རེད།

    མ་གཞི་ལྟ་གྲུབ་དང་ལམ་ལུགས་གང་ཞིག་ལ་རྒྱུས་མངའ་དང་ཡིད་ཆེས་མེད་པའི་མི་ཞིག་གིས་ལྟ་གྲུབ་དེ་རྒྱུན་སྐྱོང་དང་ལམ་ལུགས་དེ་ལག་བསྟར་བྱེད་ཐུབ་ཀྱི་མ་རེད། མི་འདི་ཤེས་རིག་སྲིད་བྱུས་དང་རྒྱུས་མངའ་དང་ཡིད་ཆེས་གཉིས་ཀ་ཡོད་མཁན་གྱི་མི་སྣ་ཞིག་ཡིན་མིན་དང་། དེའི་ཕྱོགས་ཀྱི་གདེང་ཚོད་དང་སྙིང་སྟོབས་ཡོད་མཁན་ཞིག་ཡིན་མིན་སོགས་སྤྱི་འཐུས་དག་གི་བློ་ལ་འཁོར་ཡོད་པ་རེད་དམ།

    ད་དུང་སྲིད་སྐྱོང་གིས་ཤེས་རིག་གི་གནད་དོན་གལ་ཆེན་ཡིན་པས་ང་རང་གིས་ཤེས་རིག་བཀའ་བློན་བྱེད་ཀྱི་ཡིན་ལབ་པ་རེད། འོ་ན་ད་སྲིད་སྐྱོང་གི་ཤེས་རིག་གི་གནད་དོན་ལ་ལྟ་སྟངས་འགྱུར་བ་སོང་བ་རེད་དམ།

    བཀའ་བློན་གཞན་དག་ལོ་གཅིག་གཉིས་ནང་འགྱུར་བ་མ་སོང་བར་ཤེས་རིག་བཀའ་བློན་འགྱུར་བ་འགྲོ་དགོས་པའི་རྒྱུ་མཚན་གང་ལ་ཐུག་པ་རེད་དམ།
    གནད་དོན་འདི་དག་སྤྱི་འཐུས་ཚོས་གླེང་མ་ཤེས་པ་རེད་དམ། གླེང་མ་ཕོད་པ་རེད།

    Reply
  7. གཉན་མི། says:
    ལོ་ 11 སྔོན།

    དྲུང་ཆེ་ལས་འཕར་དུ་གནས་སྤར་བྱས། ཟློས་གར་འགན་འཛིན་གནང་རིང་ལས་དོན་གྲུབ་འབྲས་གཟེངས་སུ་ཐོན་པར་བརྟེན་སུད་སི་ བོད་མིའི་གཟེངས་རྟགས་ཀྱང་ཐོབ།

    ཟློས་གར་ཁང་ལ་ལོ་ངོ་ལྔ་བཅུའི་ནང་གྲུབ་འབྲས་གཟེངས་ཐོན་གང་ཡང་མེད་པ་མ་ཟད། བཙན་བྱོལ་ནང་གི་གྲུབ་འབྲས་དང་འགྱུར་ལྡོག་གང་ཡང་མེད་པའི་མཚོན་རྟགས་རང་བཞིན་གྱི་ཚོགས་པ་དེ་ཡིན་པས་ན། དངོས་གྲུབ་ཚེ་རིང་གི་དེའི་འགན་འཛིན་ནས་གྲུབ་འབྲས་གཟེངས་ཐོན་ག་རེ་བླངས་པ་ཡོད་དམ།
    ད་ཐེངས་ཀྱི་ཤེས་རིག་བཀའ་བློན་ལ་སྤྱི་མོས་བྱུང་ཡོད་ན། དེ་ནི་སྤྱི་འཐུས་ཚོའི་ཞབས་འདྲེན་ཆེན་པོ་ཞིག་རེད། ཁོའི་ཤེས་ཡོན་གྱི་ལྟ་གྲུབ་དང་། འཛིན་སྐྱོང་གི་གཏན་ཚིགས། འཕེལ་རྒྱས་ཀྱི་དམིགས་ཚད་གང་ཞིག་གསལ་འདོན་གང་གནང་བ་རེད་དམ། སྤྱི་འཐུས་ཚོའི་སྤྱི་མོས་འབྱུང་བ་མ་མཐའ་རྩ་བའི་ཆ་རྐྱེན་ཞིག་ཀྱང་དགོས་ཀྱི་མེད་པ་འདྲ།

    Reply
  8. ཁྱམས་འཇུགས་ says:
    ལོ་ 11 སྔོན།

    ད་ལྟ་དཀའ་ངལ་ཆེ་ཤོས་བོད་ནང་དམ་དྲག་གིས་འཇིགས་སྣང་དེ་ཡིན་ནུས་ཤུགས་འདོན་ཐུབ་ན་དགེ་མཚན་ཡོད་ན་མི་ཤེས་མ་གཏོགས་རྒྱ་གར་ནང་གཞིས་ཆགས་མང་ཆེ་བ་ད་ཆ་རྩ་རྩི་ཤིང་དང་ཙི་ཙི་གཉིས་ཀྱི་རྩིས་བླངས་ཚར་སོང་།སྲིད་སྐྱོང་སོགས་ལས་བྱེད་རྣམས་བྱེད་བྲལ་ཡིན་དང།་མགོ་གཡེང་སོང་ཡིན་ཧ་གོ་གི་མི་འདུག་

    Reply
  9. Dorjee says:
    ལོ་ 11 སྔོན།

    དངོས་གྲུབ་ཚེ་རིང་ལགས་ཤེས་རིག་བཀའ་བློན་དུ་བསྐོ་བཞག་གནང་བར་བཀྲ་ཤིས་བདེ་ལེགས་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese