མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རི་དང་ཨུ་རུ་སུས་འཇིཊ་སྐུལ་བར་ཁ་གཏད་གཅོག་འཆར།

བོད་ཀྱི་དུས་བབ།
༢༠༡༤/༡༠/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཨ་རི་དང་ཨུ་རུ་སུ་གཉིས་བར་ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་པ་རྩ་མེད་གཏོང་ཕྱོགས་སྐོར་ལ་གྲོས་མཐུན་བྱུང་ཡོད་འདུག

ཁ་སང་ཕྱི་ཚེས་ ༡༤ ཉིན་ཧྥ་རན་སིའི་རྒྱལ་སར་ཨ་རིའི་རྒྱལ་དོན་དྲུང་ཆེ་ཇོན་ཁད་རེ་དང་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་ལཱ་བེ་རོབ་བེ་ (Sergei lavrov)གཉིས་ཐུག་འཕྲད་བྱས་ཏེ། དེང་དུས་འཛམ་གླིང་གི་བདེ་འཇགས་ལ་འཕྲད་བཞིན་པའི་དཀའ་ངལ་ཨི་རག་དང་སེ་རི་ཡའི་ནང་ཁ་ཆེ་སུ་ནེ་ཆོས་ལུགས་ཀྱི་རྗེས་འབྲང་འཇིགས་སྐུལ་དྲག་སྤྱོད་ཚོགས་པ་ (ISIS) དང་ཡུའུ་ཁུ་རེན་གྱི་དཀའ་རྙོག་བཅས་ལ་གྲོས་མོལ་བྱས་པ་དང་འབྲེལ་ཏེ། ཨ་རི་དང་ཨུ་རུ་སུ་གཉིས་ཀྱིས་ཡུའུ་ཁུ་རེན་གྱི་གནད་དོན་ཐོག་གྲོས་མོལ་ཇི་བྱུང་ཁ་གསལ་མེད་ཀྱང་། འཇིགས་སྐུལ་དྲག་སྤྱོད་པ་རྩ་མེད་གཏོང་བ་དང་ཁོ་ཚོའི་གསང་བའི་གནས་ཚུལ་ཕན་ཚུན་མཁོ་སྤྲོད་བྱེད་པར་གྲོས་མཐུན་བྱུང་ཡོད་འདུག

ཐེངས་འདིའི་ཚོགས་འདུའི་སྟེང་གཙོ་བོ་དཀྱིལ་ཤར་ཨེ་ཤ་ཡའི་ནང་ཡོད་པའི་འཇིགས་སྐུལ་ཚོགས་པའི་སྐོར་ལ་གྲོས་མོལ་བྱས་ཡོད་སྟབས། ཨ་རི་དང་ཨུ་རུ་སུ་གཉིས་ཀྱིས་དུས་རབས་ཉེར་གཅིག་ནང་ཨི་རག་དང་སུ་རུ་ཡའི་ནང་ཡོད་པའི་ཁ་ཆེ་སུ་ནེ་ཆོས་ལུགས་ཀྱི་འཇིགས་སྐུལ་དྲག་སྤྱོད་ཚོགས་པ་ལ་འཚོ་གནས་བྱེད་ཡུལ་ལག་མཐིལ་ཙམ་ཡང་མེད་པར་རྩ་མེད་གཏོང་རྒྱུར་གྲོས་མཐུན་བྱུང་ཡོད་འདུག ཨ་རིའི་རྒྱལ་དོན་དྲུང་ཆེ་ཇོན་ཁད་རེ་ལགས་ཀྱིས། འཇིགས་སྐུལ་དྲག་སྤྱོད་པར་ཁ་གཏད་གཅོག་པར་རྒྱལ་ཁབ་གང་ཡང་གཡོལ་ཐབས་མེད་པར་འགན་འཁུར་དང་བླངས་ཀྱིས་རྒྱབ་སྐྱོར་བྱེད་དགོས་ཅེས་བརྗོད་པ་དང་། ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་ལཱ་བེ་རོབ་བེ་ལགས་ཀྱིས་ཨུ་རུ་སུས་ཨི་རག་དམག་དཔུང་ལ་མཚོན་ཆ་སོགས་ཀྱི་རོགས་སྐྱོར་གང་མགྱོགས་བྱ་རྒྱུ་ཡིན་ཚུལ་བརྗོད་འདུག

ཚོགས་འདུའི་སྟེང་ཨ་རི་དང་ཡུ་རོབ་མཐུན་ཚོགས་གཉིས་ཀྱིས་ཡུའུ་ཁུ་རེན་གྱི་དཀའ་རྙོག་ཐོག་ནས་ཨུ་སུ་རུར་དཔལ་འབྱོར་ཉེས་ཆད་བཏང་ཡོད་པར་ཕྱིར་འཐེན་བྱ་འཆར་ཡོད་མེད་སྐོར་ལ། ཨ་རིའི་རྒྱལ་དོན་དྲུང་ཆེ་ཇོན་ཁད་རེ་ལགས་ཀྱིས། “ ཨུ་རུ་སུའི་རྣམ་འགྱུར་ལ་རག་ལས་ཡོད། ཨུ་རུ་སུས་ཡུའུ་ཁུ་རེན་གྱི་ས་མཚམས་སུ་ཡོད་པའི་དམག་དཔུང་ཕྱིར་འཐེན་དང་གྱེན་ལོག་ཚོགས་པར་མཚོན་ཆའི་རོགས་སྐྱོར་མཚམས་འཇོག གྱེན་ལོག་ཚོགས་པས་འཛིན་བཟུང་བྱས་པའི་མི་སེར་ཀློད་གྲོལ་གཏོང་བ་བཅས་ནི་དཔལ་འབྱོར་ཉེས་ཆད་ཕྱིར་འཐེན་བྱེད་པའི་སྔོན་འགྲོ་ཆ་རྐྱེན་ཡིན་”ཞེས་བརྗོད་ཡོད་འདུག ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་ལཱ་བེ་རོབ་བེ་ལགས་ཀྱིས་ཨུ་རུ་སུའི་དཔལ་འབྱོར་ ཉམས་རྒུད་འགྲོ་བཞིན་ཡོད་པར་ཁས་ལེན་བྱས་མེད་ཀྱང་། ཁོང་གིས་“ ང་ཚོས་ད་རུང་ཨུ་རུ་སུ་དང་ཡོ་རོབ་མཐུན་ཚོགས་སུ་ཞིག་ལ་དཔལ་འབྱོར་གྱོང་གུན་ཕོག་ཡོད་མེད་ཤེས་ཀྱི་མེད་” ཅེས་བརྗོད་ཡོད་འདུག

ཨ་རིའི་རྒྱལ་དོན་དྲུང་ཆེ་དང་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་གཉིས་གྲོས་མོལ་མ་བྱས་པའི་སྔོན་ཉིན། ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གྱིས། ཡུའུ་ཁུ་རེན་གྱི་ས་མཚམས་སུ་ཡོད་པའི་ཨུ་རུ་སུའི་དམག་མི་ ༡༧༦༠༠ ཙམ་དམག་སྒར་སོ་སོར་ཕྱིར་ལོག་བྱེད་དགོས་པའི་བཀའ་ཁྱབ་བཏང་སྟེ། ནུབ་ཕྱོགས་རྒྱལ་ཁབ་ཚོར་རྣམ་འགྱུར་གང་ལེགས་སྟོན་ཁུལ་བྱས་ཡོད་འདུག

གནད་དོན་དབྱེ་ཞིབ་པ་ཁག་ཅིག་གིས། ཨུ་རུ་སུས་ཨ་རིའི་མཉམ་དུ་དཀྱིལ་ཤར་ཨེ་ཤ་ཡའི་ནང་འཇིགས་སྐུལ་དྲག་སྤྱོད་པ་རྩ་མེད་གཏོང་བར་རོགས་འདེགས་དང་། ཨི་རན་དང་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་དཀའ་རྙོག་སེལ་བར་རྒྱབ་སྐྱོར་བྱས་ཡོད་ཀྱང་། ཡུའུ་ཁུ་རེན་གྱི་གནད་དོན་མ་སེལ་བར་དུ་རྒྱལ་ཁབ་གཉིས་ཀྱི་ཕྱི་སྲིད་འབྲེལ་ལམ་བསྐྱར་གསོ་བྱེད་ཐབས་མེད་ཚུལ་བརྗོད་འདུག  གཞན། ནུབ་ཕྱོགས་རྒྱལ་ཁབ་ཚོས་ཨུ་རུ་སུར་དཔལ་འབྱོར་ཉེས་ཆད་ཐེངས་གསུམ་བཏང་སྟེ་ཨུ་རུ་སུའི་དཔལ་འབྱོར་ལ་ཉམས་རྒུད་ཆེན་པོ་འགྲོ་བཞིན་ཡོད་སྟབས། ཨུ་རུ་སུས་ཡུའུ་ཁུ་རེན་གྱི་གནད་དོན་བློས་གཏོང་བྱེད་པའི་རྣམ་འགྱུར་སྟོན་གྱི་ཡོད་ཚུལ་བརྗོད་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༢ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༤ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༥ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༥ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

༢༠༢༦/༠༤/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese