མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབུམ་རམས་པ་ ༡༣ གཙོས་མཐོ་རིམ་སློབ་གཉེར་གནང་བཞིན་པ་ ༡༨༧༦ ཡོད།

བོད་ཀྱི་དུས་བབ།
༢༠༡༤/༡༠/༢༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་ཁྱིམ་དབུ་བརྙེས་ཏེ་ལོ་ངོ་ ༥༤ འཁོར་བའི་མཛད་སྒོའི་ཐོག སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་དེང་སྐབས་སློབ་མ་ཚོར་མཐུན་རྐྱེན་འཛོམས་པོ་ཡོད་པ་ལྟར་སྔར་ལས་ནུས་འཇོན་གཉིས་ལྡན་གྱི་མི་རབས་ཤིག་ཆགས་པར་འབད་བརྩོན་བྱེད་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩ པ་ཐོག དྷ་སྟེང་བོད་ཁྱིམ་དུ་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་ངོ་ ༥༤ འཁོར་བའི་དུས་དྲན་མཛད་སྒོ་ཚོགས་སོང་བ་དང་། མཛད་སྒོའི་ཐོག་དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་སྲིད་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་དང་ཕྱག་རོགས་བཀའ་བློན་རྣམ་པ། དེ་བཞིན། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གཙོས་སྤྱི་འཐུས་ཁག་ཅིག་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་བོད་ཁྱིམ་གྱི་སྦྱིན་བདག་རྣམ་པ། གཞན་ཡང་། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་འགན་འཛིན་རྣམ་པ་དང་། དྷ་སྟེང་བོད་ཁྱིམ་གྱི་དགེ་ལས་སློབ་ཟུར་པ་རྣམ་པ། དེ་བཞིན་དྷ་ས་ཁུལ་གྱི་སེར་སྐྱ་མི་མང་བཅས་འདུ་འཛོམས་གནང་འདུག

མཛད་སྒོའི་ཐོག་བོད་ཁྱིམ་སྤྱི་ཁྱབ་འགན་འཛིན་ཚེ་དབང་ཡེ་ཤེས་ལགས་ཀྱིས་ལས་བསྡོམས་སྙན་སྒྲོན་ཞུ་སྐབས། སློབ་ཕྲུག་ཁྱིམ་སྡེ་ཕྱི་ལོ་ ༡༩༦༠ ལོར་གསར་དུ་བཙུགས་ཡོད་པ་དང་། ད་ལྟའི་ཆར་བོད་ཁྱིམ་ཡན་ལག་ཆེ་ཆུང་ཁག་ ༣༥ དང་སློབ་མ་ཁྱོན་ ༥༦༦༤ ཙམ་ཡོད་པ་དང་། འདི་ལོར་ཁྱོན་སློབ་མ་ ༨༡༠ སློབ་འཇུག་བྱས་པ་དང་། སློབ་མ་ ༦༦༥ སློབ་མཐར་ཕྱིན་ཡོད་སྐོར་སོགས་ངོ་སྤྲོད་གནང་སོང་།

འདི་ལོའི་རྒྱུགས་འབྲས་སྐོར་ལ། འཛིན་རིམ་བཅུ་པའི་སློབ་གྲྭ་ཁག་ ༨ ཡོད་པའི་ནང་སློབ་མ་ཁྱོན་ ༨༠༢ ཙམ་ཡིག་ཚད་ནང་འཛུལ་ཞུགས་བྱས་ཏེ། ཡིག་ཚད་ལོན་པ་ ༨༠༡ དང་། ཡིག་རྒྱུགས་བསྐྱར་དུ་གཏོང་དགོས་པ་ ༡། ཡིག་ཚད་ལོན་པ་བརྒྱ་ཆ་ ༩༩།༩ ཡིན་པ་དང་། འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ནང་བོད་ཁྱིམ་གྱི་སློབ་གྲྭ་ཁག་ ༤ ཡི་སློབ་མ་ཁྱོན་ ༦༦༥ འཛུལ་ཞུགས་བྱས་ཏེ། ཡིག་ཚད་ལོན་པ་ ༦༡༤ དང་། བསྐྱར་དུ་གཏོང་དགོས་པ་ ༣༨། ཡིག་ཚད་མ་ལོན་པ་ ༡༦། ཡིག་ཚད་ལོན་པའི་བརྒྱ་ཆ་ ༩༢།༣ ཡིན། དེ་བཞིན། རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་རྒྱུགས་འབྲས་ལས་འབྱུང་རིག་སྡེ་ཚན་ནས་དྷ་སྟེང་བོད་ཁྱིམ་གྱི་སློབ་མ་བསོད་ནམས་དབྱངས་ཅན་ལགས་ཀྱིས་བརྒྱ་ཆ་ ༩༡།༨ བླངས་ཡོད་པ་དང་། ཚོང་རྩིས་སྡེ་ཚན་ནས་སྦེལ་ཀོབ་བོད་ཁྱིམ་གྱི་སློབ་མ་ཚེ་རིང་སྒྲོལ་མ་ལགས་ཀྱིས་བརྒྱ་ཆ་ ༩༣།༢ བླངས་ཡོད་པ། དེ་བཞིན། ཚན་རིག་སྡེ་ཚན་ནས་སེ་ལ་ཀུ་བོད་ཁྱིམ་གྱི་སློབ་མ་བསོད་ནམས་བཟང་མོ་ལགས་ཀྱིས་བརྒྱ་ཆ་ ༩༣།༢ བཅས་བླངས་ཡོད་འདུག

སྒྲིག་ལམ་སྐོར་ལ་ད་ལོའི་ཕྱི་ཟླ་ ༨ པ་དང་ ༩ བཅས་སུ་ཞིབ་འཇུག་བྱས་པ་ལྟར་ན། ཐ་མག་ནག་པོའི་རིགས་བེད་སྤྱོད་བྱེད་མཁན་མེད་ཀྱང༌། ཁེ་ནི་ལོངས་སུ་སྤྱད་པ་མཁན་ ༤ དང་། དཀར་སུབ་རྔུབ་མཁན་ ༧ བཅས་ཁྱོན་བསྡོམས་བུ་ཕྲུག་ ༡༡ བྱུང་འདུག་པ་རྣམས་ལ་ངན་གོམས་ཡོང་བའི་ནད་ལྟ་བུར་རྩིས་ཏེ་སློབ་གསོའི་ལས་རིམ་སྤེལ་ཆེད་ཉེན་བརྡ་དང་འབྲེལ་འགོག་ཐབས་ཇི་དགོས་ཁོངས་སོ་སོ་ནས་ལམ་སྟོན་ཞུ་མུས་ཡིན། གཞན། སློབ་མའི་འཕྲོད་བསྟེན་ཐད་གློ་ནད་སྨན་བཅོས་འགྲོ་བཞིན་པའི་བུ་ཕྲུག་ ༢༦ ཡོད་པའི་ཁྲོད་འགོས་ནད་ཅན་གྱི་ནད་པ་གཅིག་ཀྱང་མེད། ཞེས་སོགས་འཁོད་འདུག

ད་ལྟ་མཐོ་རིམ་སློབ་གཉེར་གནང་བཞིན་པ་ཁྱོན་ ༡༨༧༦ ཙམ་ཡོད་པ་དག་ནི། བོད་མི་རིགས་ཀྱི་རིག་གཞུང་དང་འབྲེལ་བའི་སློབ་གཉེར་བ་ ༡༤༣ དང་། ཉེ་བའི་གཙུག་ལག་རབ་འབྱམས་པ་གནང་མཁན་དག་ལས་འབྱུང་རིག་སློབ་གཉེར་བ་ ༣༥༣ དང་། ཚོང་རྩིས་སློབ་གཉེར་བ་ ༡༨༡ ཚན་རིག་སློབ་གཉེར་བ་ ༡༡༥ བཅས་དང་། གཙུག་ལག་རབ་འབྱམས་པ་གནང་མཁན། འབྱུང་རིག་སློབ་གཉེར་བ་ ༥༣ ། ཚོང་རྩིས་སློབ་གཉེར་བ་ ༥༢ ཚན་རིག་སློབ་གཉེར་བ་ ༣༡ བཅས་ཡོད་འདུག དེ་བཞིན། འབུམ་རམས་པ་ ༡༣ དང་ཆེད་ལས་སློབ་གཉེར་བ་ ༡༨༦ ཙམ་ཡོད་པ་དག་ནི། འཕྲོད་ལས་སློབ་སྦྱོང་ཁག་ནང༌སློབ་མ་ ༤༡༣ དང་། ཤེས་ཡོན་སློབ་ཚན་ཁག་ནང་སློབ་གཉེར་བ་ ༡༡ ། ལས་རིགས་སློབ་སྦྱོང་ཁག་ནང་སློབ་གཉེར་བ་ ༣༢༥ བཅས་ཡོད། ཅེས་སོགས་ངོ་སྤྲོད་གནང་སོང་།

འགྲོ་གྲོན་ཐད་ཕྱི་ལོ་ ༢༠༡༣ ནས་ ༢༠༡༤ བར་ཁྱོན་བསྡོམས་བྱུང་ཧིན་སྒོར་། ༥༧༥༩༠༢༧༥༡་༨༩ དང་། སོང་ཧིན་སྒོར་ ༦༠༤༢༤༦༦༨༠་༣༧ ཙམ་ཆགས་ཡོད་པ་ལས་རྒྱུན་གྲོན་ཐོག་ ༤༩༩༠༦༦༩༤༨་༤༢ དང་། ལས་འཆར་ཐོག་ ༡༠༥༡༨༢༤༨༣་༨༤ ཙམ་བཏང་ཡོད། ཅེས་སོགས་ངོ་སྤྲོད་གནང་སོང་།

དེ་རྗེས་སྲིད་ཚབ་མཆོག་གིས་བཀའ་ཤག་སྐབས་ ༡༤ པས་བོད་ཕྲུག་ཚོའི་ཤེས་ཡོན་ཡར་རྒྱས་གཏོང་ཐབས་ལ་འབད་བརྩོན་གནང་གི་ཡོད་པ་ལྟར། རིམ་པ་དང་པོ་བོད་ཕྲུག་ཚོར་བོད་ཡིག་བོད་སྐད་དང་རིག་གནས་ཁག་ལ་སློབ་སྦྱོང་སྤྲད་དེ། བོད་མིའི་སྤྱི་ཚོགས་ནང་ཞབས་འདེགས་ཞུ་ཐུབ་པའི་གོ་སྐབས་སྤྲོད་རྒྱུ་དང་། རིམ་པ་གཉིས་པ་རིགས་གཅིག་རྐང་འཛིན་དང་སློབ་སྦྱོང་ཚད་མཐོ་བོ་ཐོན་པར་ཆ་རྐྱེན་བསྐྲུན་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་སྐོར་གསུངས་བ་དང་འབྲེལ། སློབ་ཕྲུག་ཚོས་བོད་ཁྱིམ་དུ་སློབ་སྦྱོང་བྱས་ཏེ་འཛིན་གྲྭ་མཐོ་བོར་བསླེབ་ཡོང་ དུས། མ་འོངས་པར་སོ་སོ་ག་འདྲ་ཞིག་ཆགས་དགོས་མིན་ལ་བསམ་བློ་གཏོང་བའི་དུས་སྐབས་ཤིག་ལ་སླེབ་ཀྱི་ཡོད་པ་དང་། དེ་སྔོན་སྲིད་སྐྱོང་གིས་ཁྱེད་རང་ཚོས་ཡིག་རྒྱུགས་གྲུབ་འབྲས་ཡག་པོ་ཞིག་ལེན་དགོས་པ་ཡིན་ན། ཉིན་རེར་ཆུ་ཚོད་ ༡༠ རིང་སློབ་སྦྱོང་བྱེད་དགོས་སྐོར་ལམ་སྟོན་གནང་ཡོད་པ་ལྟར། སློབ་ཕྲུག་ཚོས་སོ་སོའི་དམིགས་ཡུལ་བཟུང་བ་ལྟར་སློབ་སྦྱོང་ལ་འབད་བརྩོན་བྱེད་དགོས་པ་རེད། ལས་<ཀ་ག་རེ་བྱས་པ་ཡིན་ནའང་དཀའ་ལས་མ་བརྒྱབ་ན་གྲུབ་འབྲས་བཟང་པོ་ཐོན་རྒྱུ་མེད་པ་འཇིག་རྟེན་གྱི་ཆོས་ཉིད་རེད། དེར་བརྟེན་སློབ་ཕྲུག་ཚོས་ཉིན་རེར་ཆུ་ཚོད་ ༡༠ རིང་སློབ་སྦྱོང་བྱས་པ་ཡིན་ན། གྲུབ་འབྲས་ཡག་པོ་འཐོན་ཐུབ་པས་དེ་ལྟར་གནང་རོགས་ཞུ། ཞེས་གསུངས་སོང་།

དེའི་རྗེས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས། སློབ་མ་ཚོས་སློབ་སྦྱོང་གི་དུས་སྐབས་བཟང་པོ་དམ་འཛིན་བྱས་ཏེ། སྔ་ལས་ཤེས་ཡོན་གཉིས་ལྡན་གྱི་མི་རབས་ཤིག་ཆགས་པར་འབད་བརྩོན་དགོས་སྐོར་གསུངས་ དོན། བོད་ཕྲུག་ཁྱིམ་སྡེའི་ཁྱབ་ཁོངས་ཀྱི་སློབ་ཕྲུག་མང་པོ་ཞིག་བོད་ནས་སློབ་སྦྱོང་གི་གོ་སྐབས་མ་རག་པར་རྒྱ་གར་དུ་ཡོང་བ་དང་། བོད་ནས་བྲོས་བྱོལ་དུ་ཡོང་སྐབས་སོ་སོའི་སྲོག་ཡན་ཆད་འབེན་ལ་བཙུགས་ནས་ཡོང་གི་ ཡོད་སྟབས། འདིར་སློབ་སྦྱོང་བྱེད་པའི་གོ་སྐབས་རག་པའི་སྐབས་སུ་གོ་སྐབས་དེ་ལེན་མ་ཐུབ་པ་ཡིན་ན། མ་འོངས་པར་སོ་སོ་འགྱོད་པ་ཤུགས་ཆེན་པོ་སྐྱེ་དགོས་པའི་གནས་སྟངས་ཤིག་རང་བཞིན་གྱིས་ཆགས་ཀྱི་ཡོད་པས། ཁྱེད་རང་ཚོས་སློབ་སྦྱོང་བྱེད་པའི་གོ་སྐབས་དེ་ཆུད་ཟོས་སུ་མི་གཏོང་བར་སོ་སོའི་ལས་འགན་དང་དུ་བླངས་ཏེ། རང་ཉིད་ཀྱི་ཁེ་ཕན་ཙམ་གྱི་ཆེད་དུ་མ་ཡིན་པར་སྤྱི་ཚོགས་ཀྱི་ཁེ་ཕན་ཆེད་ཞབས་ འདེགས་ཞུ་དགོས་སྙམ་པའི་བསམ་བློ་ཞིག་འཁུར་དགོས་པ་དེ་གལ་ཆེན་པོ་རེད་དྲན་གྱི་འདུག ང་ཚོ་ཚང་མ་བོད་རིགས་ཡིན་པའི་ཆ་ནས་དམིགས་བསལ་གྱི་ལས་འགན་ཞིག་ཡོད་པ་རེད། ང་ཚོ་སོ་སོའི་ལུང་པ་མེད་པའི་ཡུལ་གྱར་བ་ཞིག་ཆགས་ཡོད་པ་དང་། བོད་ནང་རྒྱ་གཞུང་གིས་བཙན་འཛུལ་བྱེད་བཞིན་ཡོད་པ་རེད། ད་ལྟ་ང་ཚོའི་མི་རབས་འདི་མཚམས་སྦྱོར་བྱེད་མཁན་མི་རབས་འདྲ་བོ་རེད། སྔ་མོ་བོད་ནས་ཡོང་མཁན་གྱི་མི་རབས་དེ་གང་ལ་གང་འཚམ་རྫོགས་འགྲོ་བཞིན་ཡོད་པས། ང་ཚོ་སྔོན་མའི་མི་རབས་དང་ཁྱེད་རང་ཚོ་མི་རབས་གསར་པ་གཉིས་བར་གྱི་འབྲེལ་བ་འཛུགས་མཁན་དང་མཚམས་སྦྱོར་བྱེད་མཁན་ལྟ་བུ་ཡིན་པའི་གནས་སྟངས་ཤིག་ཆགས་ཡོད་པ་རེད། ད་ལྟའི་ཆར་ང་ཚོས་འགན་འཁུར་གྱི་ཡོད་པ་རེད། ལོ་ཤས་རྗེས་ཁྱེད་རང་ཚོས་འགན་འཁུར་དགོས་པ་རེད། དེང་སང་དང་བསྡུར་ན་ང་ཚོ་སྔོན་མ་སློབ་གྲྭར་ཡོད་སྐབས་ཀྱི་མཐུན་རྐྱེན་ལྡབ་མང་པོས་ཞན་པ་རེད། ཁྱེད་རང་ཚོ་༧གོང་ས་མཆོག་དང་གནས་ཡུལ་རྒྱལ་ཁབ་ཀྱི་བཀའ་དྲིན། དེ་བཞིན་གཏོང་ཕོད་ཅན་གྱི་སྦྱིན་བདག་རྣམ་པའི་བཀའ་དྲིན་གྱིས་གོ་སྐབས་ཡག་པོ་ཞེ་དྲག་རག་གི་ཡོད་སྟབས། ང་ཚོའི་མི་རབས་ལས་ལྷག་པའི་ཤེས་འཇོན་གཉིས་ལྡན་དང་ཡ་རབས་བཟང་སྤྱོད་ལྡན་པའི་མི་རབས་ཤིག་ཆགས་སུ་བཅུག་སྟེ། བོད་ཀྱི་བདེན་པའི་འཐབ་རྩོད་ལ་འགན་འཁུར་<ནས་ང་ཚོ་ལས་ལྷག་པའི་ནུས་པ་འདོན་ཐུབ་དགོས་དེ་གལ་ཆེན་པོ་རེད། ཅེས་གསུངས་སོང་།

དེ་རྗེས་༧རྒྱལ་བ་ཀརྨ་པ་མཆོག་ནས་བོད་ཁྱིམ་དུ་ཞབས་ལོ་ ༢༠ སོན་པའི་ལས་བྱེད་རྣམས་ལ་གཟེངས་བསྟོད་ཀྱི་གསོལ་རས་དང་། འདི་ལོའི་ཡིག་རྒྱུགས་གྲུབ་འབྲས་རྩེར་སོན་གྱི་སློབ་ཕྲུག་ཁག་ཅིག་ལ་ཤེས་ཡོན་བྱ་དགའ་དང་། སློབ་ཕྲུག་རྩེ་ཕུད་གཉིས་ལ་ཤེས་རིག་ལས་ཁུངས་ཀྱི་བྱ་དགའ་བཅས་གནང་གྲུབ་རྗེས། སློབ་ཕྲུག་ཚོས་སློབ་གྲྭའི་གཞས་དང་༧གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་བསྟོད་གླུ་སོགས་ཕུལ་བ་དང་། དེ་ནས་ལུས་རྩལ་གཟིགས་འབུལ་བཅས་ཞུས་སོང་ལ། དེ་རིང་ཕྱི་དྲོར་འཛིན་གྲྭ་ཁག་གིས་རིག་གཞུང་འཁྲབ་སྟོན་དང་རིགས་ལམ་འགྲན་སྡུར་བྱེད་བཞིན་ཡོད་པ་དང་། སང་ཉིན་ཁང་ཚན་ནང་ཁུལ་རྩེད་རིགས་དང་རིགས་ལམ་འགྲན་སྡུར། གནངས་ཉིན་བསང་གསོལ་དང་བོད་ཁྱིམ་གྱི་སློབ་ཟུར་འདུ་འཛོམས་བཅས་གནང་རྒྱུ་ཡིན་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༢ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༣ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༣ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༥ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༨ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

མཆན། 5

  1. ནང་ཆེན་གླུ་བ། says:
    ལོ་ 11 སྔོན།

    ཕྱི་ལྟ་ན་བཟང་དོག་མངོན་བཞིན་འདུག ནང་གི་གནས་ཚུལ་དེ་་་་་་་ཨཱ་ཁ་་་་་།

    Reply
  2. གངས་ཕྲུག says:
    ལོ་ 11 སྔོན།

    འདི་ཟླའི་ཚེས་༢༣ཉིན་རྡ་སྟེང་བོད་ཁྱིམ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་༥༤འཁོར་བའི་དུས་དྲན་གྱི་མཛད་སྒོ་ཞིག་གནང་སོང།
    ཚོགས་པ་འདི་ཐོག་མར་འཛུགས་སྐབས་སྐུ་ངལ་དུ་མ་ཞིག་འཕྲད་པའི་སྐོར་རྒན་རབས་ཀྱིས་ང་ཚོར་མ་ནི་བཞིན་བསྐྱོར་མྱོང། འོན་ཀྱང་ད་ལྟའི་དུས་འདིར་སྐུའི་གཅུང་མོས་དབང་ཆ་ཡོངས་རྫོགས་དབུ་འཛིན་ཚེ་དབང་ཡེ་ཤེས་ལ་ཕུལ་ནས་མི་ལོ་དུ་མ་ཞིག་ཕྱིན་ཀྱང་ད་དུང་དབུ་འཛིན་ལ་བསྒྱུར་བ་མེད་པ་གནས་ན་མ་འོངས་པའི་གཞོན་སྐྱེས་ལས་བྱེད་ཚོས་ཚོགས་པ་འདི་འཛིན་སྐྱོང་ཇི་ལྟར་ཐུབ་བམ་སྙམ་པའི་ཐེ་ཚོམ་དང་རྣམ་རྟོག་དུ་མ་ཞིག་ངའི་མིག་ཟུང་དུ་འཆར་བཞིན་འདུག

    Reply
  3. ཕུན་ཚོགས ། says:
    ལོ་ 11 སྔོན།

    འབུམ་རམས་པ་༡༣་ཙམ་ལས་མེད་པ་དེ་གནད་འགག་གང་ལ་ཐུག་པ་ཡིན་ནམ། ངོ་མ་སེམས་སྐྱོ་བ་ཞིག་རེད།

    Reply
  4. ཡར་ཀློང་པ། says:
    ལོ་ 11 སྔོན།

    སྤྱི་བཏང་སློབ་གྲྭ་ཧ་ཅང་ཡག་པོ་འདུག ཡར་རྒྱས་ཆེན་པོ་སོང་ཡོད་པ་མ་ཟད་བཙན་བྱོལ་སྤྱི་ཚོགས་ཁྱོན་ཡོངས་ལ་ཞབས་ཞུ་ཆེན་པོ་ཞུས་ཡོད་པ་རེད། འོན་ཀྱང་ཤེས་ཡོན་སྲིད་བྱུས་ཐོག་ཤུགས་ཅིག་སྐྱོན་གནང་ཐུབ་པ་ཡིན་ན། བོད་པའི་བྱུང་རབས་ལོ་རྒྱུས་དང་རིག་གཞུང་ཐོག་ཞབས་རྗེ་ཆེན་པོ་ཆགས་ཡོད་པ་རེད། དེ་ཐུགས་ལ་བཞག་ནང་རོགས།

    Reply
  5. བློ་བཟང་ཡོན་ཏན། says:
    ལོ་ 11 སྔོན།

    བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ནང་བོད་ནས་ཡོང་བའི་སློབ་ཕྲུག་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་ས་རིས་ཐང་གསལ་རེད། ཡིན་ནའང་སློབ་གྲྭ་ཁག་ཁ་ཤས་ནང་སློབ་ཕྲུག་སྤྱིའི་གྲངས་འབོར་དེ་ཙམ་ཉུང་དུ་འགྲོ་གི་མེད་པའི་རྒྱུ་མཚན་གསལ་བོ་གསུངས་རོགས། དེ་ནས་ད་ལོ་བོད་ཁྱིམ་ནང་མྱོས་རྫས་ངན་གོམས་སོང་བ་ག་ཚོད་ཡོད་མེད་གསལ་མི་འདུག དེ་ད་ལོ་མྱོས་རྫས་ངན་གོམ་སོང་བའི་ཕྲུ་གུ་གཅིག་ཀྱང་མེད་པ་རེད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese