མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁེ་ན་ཌའི་གྲོས་ཚོཊ་ཁང་ནང་འཇབ་རྒོལ།

བོད་ཀྱི་དུས་བབ།
༢༠༡༤/༡༠/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་དྲག་སྤྱོད་པ་ཞིག་གིས་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝའི་གྲོས་ཚོགས་ཐོག་ཁང་དང་དྲན་རྟེན་རྡོ་རིང་མདུན་ཐང་སོགས་སུ་རྒྱག་བཞིན་གང་བྱུང་མེ་མདའ་བརྒྱབ་པའི་གནས་ཚུལ་ཞིག་ཐོན་འདུག

ཁ་སང་ཁེ་ན་ཌའི་སྔ་དྲོའི་ཆུ་ཚོད་ ༩།༥༠ ཐོག་ཁེ་ན་ཌའི་མི་སེར་མེ་གྷལ་ (Michael Zehaf-Bibeau) ཞུ་བ་ཞིག་གིས་དྲག་ཆས་སྤྲས་ཏེ། རྒྱལ་ས་ཨོ་ཊ་ཝའི་དམག་མིའི་དྲན་རྟེན་རྡོ་རིང་ཕྱོགས་སུ་རྒྱུག་ཡོང་ནས་གང་བྱུང་མེ་མདའ་བརྒྱབ་སྟེ་དམག་མི་ནཱ་ཋན་ (Cpl. Nathan Cirillo) ཞུ་བ་ཞིག་བསད་ཡོད་པ་དང་། གཞན་འགའ་ཞིག་ལ་རྨས་སྐྱོན་བཏང་ཡོད་པ་མ་ཟད། ཁེ་ན་ཌའི་གྲོས་ཚོགས་ཐོག་ཁང་ནང་རྒྱུག་སྟེ་གྲོས་ཚོགས་ཀྱི་སྐོར་སྲུང་བ་དང་ ཕན་ཚུན་མེ་མདའ་རྒྱག་རེས་བྱས་མཐར། སྐོར་སྲུང་བ་ཁེ་ཝུན་ (Kevin M. Vickers)ཞུ་བ་ཞིག་གིས་མེ་མདའ་བརྒྱབ་སྟེ་བསད་ཡོད་འདུག

གནད་དོན་དེའི་རྐྱེན་པས་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝའི་ནང་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་གནས་སྐབས་རིང་སྒོ་བརྒྱབ་ཡོད་པ་མ་ཟད། ཁེ་ན་ཌའི་གྲོས་ཚོགས་ཀྱི་ཚོགས་དུས་ཀྱང་མཚམས་འཇོག་བྱ་དགོས་ཐུག་ཡོད་འདུག 

འདིའི་ཐད་ཁེ་ན་ཌའི་སྲིད་བློན་སི་ཌེ་ཧྥན་ཧར་པར་ (Stephen Harper)ལགས་ཀྱིས། “ད་རེབ་ཀྱི་འཇབ་རྒོལ་འདི་ལས་ཉམས་མྱོང་བླངས་ཏེ། ང་ཚོས་མ་འོངས་པར་སྔར་ལྷག་བདེ་འཇགས་དོ་དམ་དང་སྲུང་སྐྱོབ་ནན་ཏན་བྱས་ཏེ་རྒྱལ་ཁབ་ཀྱི་ཞི་བདེ་སྲུང་སྐྱོབ་བྱ་རྒྱུ་ཡིན།”ཞེས་བརྗོད་འདུག

གནས་ཚུལ་དངོས་སུ་མཐོང་མཁན་ཊོ་ནི་ (Tony Zobl)ཞུ་བ་ཞིག་གིས། “ངས་སྒེའུ་ཁུང་ནས་བལྟ་དུས་གྱོན་གོས་ནག་པོ་གྱོན་ཞིང་གདོང་རས་ནག་པོ་དཀྲིས་པའི་མི་ཞིག་གིས་དམག་མིའི་དྲན་རྟེན་རྡོ་རིང་ཕྱོགས་སུ་གང་བྱུང་མེ་མདའ་བརྒྱབ་སྟེ། དམག་མི་ཞིག་བསད་པ་ང་རང་གིས་དངོས་སུ་མཐོང་སོང”ཞེས་དང་། གསར་འགོད་པ་པི་ཊར་ (Peter Henderson)ཞུ་བ་ཞིག་གིས། “ངས་ང་རང་གི་སྦག་སྦག་དམག་མིའི་དྲན་རྟེན་རྡོ་རིང་མདུན་དུ་འཇོག་པར་འགྲོ་སྐབས། གློ་བུར་དུ་མེ་མདའི་སྐད་སྒྲ་ཆེན་པོ་བཞི་ཙམ་གྲགས་པ་ཐོས་བྱུང་བས། ཕར་བལྟ་སྐབས་དམག་མི་ཞིག་ལ་མེ་མདའ་ཕོག་སྟེ་སར་འགྱེལ་ཡོད་པ་མཐོང་བྱུང་།”ཞེས་སོགས་བརྗོད་འདུག

ཟླ་འདིའི་ཚེས་ ༢༠ ཉིན་ཁེ་ན་ཌའི་རང་སྐྱོང་མངའ་ཁུལ་ཁེའུ་བྷེག་ (Quebec) ནང་ཁ་ཆེའི་ཆོས་ལུགས་རྗེས་འབྲང་པ་ཞིག་གིས་དམག་མི་ཞིག་བསད་ཡོད་པ་མ་ཟད། ཚེས་ ༢༢ ཉིན་ཁེ་ན་ཌའི་གྲོས་ཚོགས་ཐོག་ཁང་དུ་གློ་བུར་མེ་མདའ་བརྒྱབ་ནས་མི་བསད་པའི་དོན་རྐྱེན་ཞིག་ལྷག་ཡོད་སྟབས། ཁ་སང་ཨ་རིའི་སྲིད་འཛིན་ཨོ་བྷ་མས་ཁེ་ན་ཌའི་སྲིད་བློན་ལ་ཁ་པར་བཏང་སྟེ་གྲོས་མོལ་བྱས་ཡོད་པ་མ་ཟད། རྒྱལ་ཁབ་གཉིས་ཀྱི་མཁའ་དམག་གིས་རྒྱལ་ཁབ་ཕན་ཚུན་ནང་བརྟན་ལྷིང་ཡོང་ཐབས་ལ་སྔར་ལྷག་འབད་བརྩོན་བྱས་ཏེ། གནས་ཚུལ་དེ་རིགས་མ་ཐོན་པ་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

ཁ་སང་བྱང་ཨ་མི་རི་ཀའི་དམག་དོན་བཀོད་དོམ་ལྷན་ཁང་གིས་གསར་ལམ་ཁག་ཏུ་བརྗོད་དོན། “ང་ཚོས་ཁེ་ན་ཌའི་ནང་ལྷག་པའི་གནས་ཚུལ་དེའི་ཐོག་ཞིབ་འཇུག་མཐིལ་ཕྱིན་བྱས་ཏེ། ཨ་རི་དང་ཁེ་ན་ཌའི་མངའ་ཁུལ་ནང་འཇིགས་སྐུལ་རིང་ལུགས་པའི་བྱ་སྤྱོད་དེ་རིགས་མི་འབྱུང་བ་བྱ་རྒྱུ་ཡིན།”ཞེས་བརྗོད་འདུག

སྲིད་དོན་དབྱེ་ཞིབ་པ་ཚོས། ཉེ་ལམ་ཁེ་ན་ཌའི་གཞུང་གིས་ཨ་རིར་རྒྱབ་རོགས་བྱས་ཏེ་ཨི་རག་དང་སི་རི་ཡའི་མཉམ་ འབྲེལ་དྲག་སྤྱོད་ཤོག་ཁག་ལ་ཁ་གཏད་གཅོག་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་ཡོད་སྟབས། ད་རེབ་གནས་ཚུལ་འདི་ཐོན་པ་ཞིག་ཡིན་སྐོར་བརྗོད་འདུག

ཐེངས་འདིར་དྲག་སྤྱོད་ལས་འགུལ་སྤེལ་མཁན་རང་ལོ་ ༣༢ ཡིན་པའི་མེ་གྷལ་ (Michael Zehaf-Bibeau)ཟེར་བའི་ཨ་མའི་མིང་ལ་སུ་སན་ (Susan Bibeau)ཟེར་ཞིང་། ཁོ་མོ་ནི་ཁེ་ན་ཌའི་སྐྱབས་བཅོལ་ལྷན་ཚོགས་ཀྱི་ལས་བྱེད་རྒན་གྲས་ཤིག་ཡིན་པ་དང་། ཨ་ཕའི་མིང་ལ་བྷུལ་གྷ་སམ་ (Bulgasem Zehaf)ཟེར་ཞིང་ ༡༩༩༤ ནས་ ༢༠༠༢ ལོའི་བར་མོན་རོལ་འཐུང་ཇ་ཁང་ (Montreal café)ཞེས་པ་ཞིག་གཉེར་ཡོད་འདུག སྐབས་དེར་ཁོང་བཟའ་མི་གསུམ་མཉམ་དུ་བསྡད་ཡོད་ཀྱང་། འདས་པའི་ལོ་ཤས་གོང་ནས་བཟུང་ཁོ་རང་ཁེ་ན་ཌའི་རང་སྐྱོང་ས་ཁུལ་ཁེའུ་བྷེག་གི་མངའ་ཁུལ་ (Outaouais)དང་། གྲོང་རྡལ་ (Aylmer)། དེ་བཞིན་ཝན་ཁོ་ཝར་( Vancouver) སོགས་སུ་སྡོད་བཞིན་ཡོད་ཅིང་། ༢༠༡༡ ལོར་ཝན་ཁོ་ཝར་གྲོང་ཁྱེར་ཉེན་རྟོག་པས་ཁོས་འཕྲོག་བཅོམ་ཁྲིམས་འགལ་བྱ་སྤྱོད་ཐེངས་ ༡༡ ཙམ་བྱས་པའི་ཉེས་མིང་འོག་འཛིན་བཟུང་ཡང་བྱས་མྱོང་ཡོད་འདུག 

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

ཆུ་ཚོད་ ༣ སྔོན་ལ།
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

ཆུ་ཚོད་ ༢༠ སྔོན་ལ།
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

ཆུ་ཚོད་ ༢༢ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

ཆུ་ཚོད་ ༢༣ སྔོན་ལ།
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

༢༠༢༦/༠༣/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese