མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་འཛིན་གྱི་རྒྱལ་ཁ་ཡང་བསྐྱར་ཐོབ་འདུག

བོད་ཀྱི་དུས་བབ།
༢༠༡༤/༡༠/༢༨
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་བྷར་ཛིལ་རྒྱལ་ཡོངས་སྲིད་འཛིན་འོས་བསྡུའི་ཁྲོད་ད་ལྟའི་སྲིད་འཛིན་ལྕམ་རོབ་སི་ཧྥི་ལགས་སུ་སླར་ཡང་སྐབས་གཉིས་པའི་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་ཡོད་འདུག

ཁ་སང་ཕྱི་ཚེས་ ༢༦ ཉིན་བྷར་ཛིལ་རྒྱལ་ཡོངས་སྲིད་འཛིན་འོས་བསྡུ་གནང་བའི་ཁྲོད། ད་ལྟའི་གཞུང་འཛིན་ངལ་རྩོལ་ཚོགས་པའི་སྲིད་འཛིན་ལྕམ་རོབ་སི་ཧྥི་ (Dilma Rousseff)ལགས་སུ་འོས་གྲངས་བརྒྱ་ཆ་ ༥༡.༦ དང་། ཁ་གཏད་ཚོགས་པ་བྷར་ཛིལ་སྤྱི་ཚོགས་རིང་ལུགས་དམངས་གཙོ་ཚོགས་པ་(PSDB)ཡི་སྲིད་འཛིན་འོས་མི་དཔལ་འབྱོར་རིག་པ་བ་སྐུ་ཞབས་ནེ་བེ་སི་ (Aecio Neves) ལགས་སུ་འོས་གྲངས་བརྒྱ་ཆ་ ༤༨.༦ བཅས་ཐོབ་སྟེ། ད་ལྟའི་སྲིད་འཛིན་ལྕམ་རོབ་སི་ཧྥི་ལགས་སུ་རྒྱལ་ཁ་ཐེངས་གཉིས་པ་ཐོབ་ཡོད་འདུག

ཁོང་མོར་རྒྱལ་ཁ་ཐོབ་རྗེས་མང་ཚོགས་ལ་གཏམ་བཤད་གནང་སྐབས། ཁོང་མོས་སྲིད་འཛིན་གྱི་དུས་ཡུན་རིང་སྲིད་འཛིན་ཡག་ཤོས་ཤིག་བྱས་ཏེ། བྷར་ཛིལ་མང་ཚོགས་ཀྱི་མངོན་འདོད་ལྟར་དཔལ་འབྱོར་ཉམས་རྒུད་བསྐྱར་གསོ་དང་། ལས་མེད་དང་དབུལ་ཕོངས། འགྲིམ་འགྲུལ་སོགས་ཀྱི་དཀའ་ངལ་སེལ་ཐུབ་བྱ་རྒྱུ་ཡིན་པ་དང་། ལྷག་པར་དུ་རྒྱལ་ཁབ་ནང་དཀའ་ངལ་འཕྲད་བཞིན་པའི་སྲིད་དོན་ཚོགས་པའི་བར་གྱི་དཀའ་རྙོག་ཁག་གྲོས་མོལ་བརྒྱུད་སེལ་ཐུབ་བྱ་རྒྱུ་ཡིན་སྐོར་སོགས་བརྗོད་འདུག

ཁོང་མོས་མུ་མཐུད་དུ། ཐེངས་འདིའི་འོས་བསྡུས་རྒྱལ་ཁབ་ཤོག་ཁག་གཉིས་སུ་བགོས་པར་ཡིད་ཆེས་བྱེད་ཀྱི་མེད་པ་མ་ཟད། མི་མང་ཁྲོད་ཕན་ཚུན་ཕྱོགས་འགལ་གྱི་ལྟ་ཚུལ་དང་སེམས་ཚོར་ཡོད་པར་བསམ་ཤེས་བྱེད་ཐུབ། དེ་དག་ཚང་མ་རྒྱལ་ཁབ་འཛུགས་སྐྲུན་དང་མི་དམངས་ཀྱི་འཚོ་བ་ཡར་རྒྱས་ཆེད་ཡིན་སྟབས། ང་ཚོས་མཉམ་རུབ་ཀྱི་ཐོག་ནས་རྨང་གཞི་སྲ་བརྟན་པའི་རྒྱལ་ཁབ་གསར་འཛུགས་བྱེད་དགོས། ཞེས་བརྗོད་འདུག

དེ་བཞིན། ཁ་གཏད་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་ནེ་བེ་སི་ལགས་ཀྱིས་འོས་བསྡུའི་རྒྱལ་ཁ་ཤོར་བ་ངོས་ལེན་དང་འབྲེལ་ཏེ། སྲིད་འཛིན་ལྕམ་རོབ་སི་ཧྥི་མཆོག་ལ་ཁ་པར་བརྒྱུད་འཚམས་འདྲི་ཞུས་ཏེ། “འབྱུང་འགྱུར་སྲིད་གཞུང་གིས་ང་ཚོའི་དགོས་འདོད་ལྟར་མི་དམངས་ལ་ཆེ་མཐོང་ལྡན་པའི་ཐོག་ནས་བྷར་ཛེལ་རྒྱལ་ཁབ་ཆིག་སྒྲིལ་ཡོང་བར་འབད་བརྩོན་བྱེད་པའི་ཡིད་ཆེས་ཡོད་”ཅེས་འབོད་སྐུལ་བྱས་ཡོད་འདུག

ལྕམ་རོབ་སི་ཧྥི་སྲིད་གཞུང་གིས་ ༢༠༡༤ ལོའི་འཛམ་གླིང་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གོ་སྒྲིག་བྱེད་སྐབས། མང་ཚོགས་ཁྲོད་གཞུང་གི་དཔོན་ངན་ཚོས་རྐང་རྩེད་སྤོལ་ལོའི་རྩེད་ཐང་འཛུགས་སྐྲུན་གྱི་མ་དངུལ་ལྐོག་ཟ་བྱེད་ཀྱིན་ཡོད་པ་དང་། གཞུང་གིས་གྲོང་ཁྱེར་ནང་གི་སྤྱི་སྤྱོད་རླངས་འཁོར་དང་མེ་འཁོར་གླ་ཆ་དང་ཟས་སོང་སྤར་བ། འཕྲོད་བསྟེན་ཞབས་ཞུ་ཉམས་ཆག་ཕྱིན་པ་སོགས་ཀྱི་སྐྱོན་བརྗོད་བྱས་ཏེ། འཛམ་གླིང་རྐང་སྤོལ་འགྲན་བསྡུར་གོ་སྒྲིག་ཕྱིར་འཐེན་བྱེད་དགོས་པ་དང་། སྲིད་འཛིན་ལྕམ་རོབ་སི་ཧྥི་ཡིས་དགོངས་པ་ཞུ་དགོས་པ་སོགས་ཀྱི་ངོ་རྒོལ་སྐད་འབོད་བྱས་ཡོད་ཀྱང་། རྐང་རྩེད་སྤོ་ལོ་རྩེད་འགྲན་མཇུག་སྒྲིལ་རྗེས་གཞུང་གིས་ལྐོག་ཟ་རུལ་སུངས་དག་ཐེར་དང་འགྲིམ་འགྲུལ་གླ་ཆ་ཆགས་ཡང་། འཕྲོད་བསྟེན་བཅས་ཀྱི་གནད་དོན་སེལ་ཐབས་ལ་འབད་བརྩོན་བྱས་ཡོད་འདུག

ཐེངས་འདིར་སྲིད་འཛིན་འོས་བསྡུའི་ལས་རིམ་ཁྱབ་བསྒྲགས་སྐབས། སྲིད་འཛིན་འོས་མི་སྐུ་ཞབས་ནེ་བེ་སི་ལགས་གཙོས་ཁ་གཏད་ཚོགས་པས་སྲིད་འཛིན་ལྕམ་རོབ་སི་ཧྥི་དང་ཁོ་མོའི་ཆབ་སྲིད་ཚོགས་པས་གཞུང་གི་རྡོ་སྣུམ་ལྐོག་ཟ་དང་འཛིན་སྐྱོང་ཚགས་ཚུད་མེད་པ་བཅས་ལ་བརྟེན་ཏེ། རྒྱལ་ཁབ་ཀྱི་དཔལ་འབྱོར་ཉེན་ཁར་ཐུག་ཡོད་ཚུལ་སོགས་ཀྱི་སྐྱོན་བརྗོད་དང་། གལ་སྲིད་ཁོ་ཚོར་འོས་འཐོབ་པ་ཡིན་ན་རྒྱལ་ཁབ་ཀྱི་དཔལ་འབྱོར་བསྐྱར་གསོ་ཨང་དང་པོར་འཛིན་རྒྱུ་ཡིན་ཚུལ་སོགས་བརྗོད་དེ་མི་སེར་དཀྱུས་མའི་རྒྱབ་སྐྱོར་ཐོབ་ཐབས་བྱས་ཡོད་ཀྱང་། ལྕམ་རོབ་སི་ཧྥི་ཡིས་སྲིད་གཞུང་བཟུང་ནས་ད་བར་ཉམ་ཐག་མི་སེར་ས་ཡ་ ༤༠ ལྷག་གི་འཚོ་བ་ཡར་རྒྱས་དང་ལས་མེད་ཉུང་དུ་བཏང་བ། མ་འོངས་པར་མི་སེར་ཉམ་ཐག་གི་འཕྲོད་བསྟེན་དང་ཤེས་ཡོན། འཛུགས་སྐྲུན་སོགས་ཡར་རྒྱས་གཏོང་རྒྱུ་ཡིན་སྐོར་ཁྱབ་བསྒྲགས་བྱས་ཡོད་འདུག

སྲིད་དོན་དབྱེ་ཞིབ་པ་ཚོས། ཐེངས་འདིར་ལྕམ་རོབ་སི་ཧྥི་ལ་སྲིད་འཛིན་རྒྱལ་ཁ་ཐོབ་པ་དེས་མང་ཚོགས་ཀྱིས་ཁོང་དང་ཁོང་གི་སྲིད་བྱུས་ལ་རྒྱབ་སྐྱོར་ཡོད་པ་མཚོན་པ་མ་ཟད། ཟླ་འགའི་ནང་མང་ཚོགས་ཀྱིས་ཁོ་མོས་སྲིད་འཛིན་ལས་དགོངས་པ་ཞུ་དགོས་པ་དང་གཞུང་ལ་ངོ་རྒོལ་ཆེན་པོ་བྱས་ཡོད་པ་སོགས་སྲིད་དོན་ཚོགས་པ་གཞན་གྱིས་ངན་སྐུལ་བྱས་པ་ཞིག་ཡིན་པ་ར་སྤྲོད་བྱས་ཡོད་ཚུལ་སོགས་བརྗོད་འདུག

ལྕམ་རོབ་སི་ཧྥི་མཆོག་ནི་ད་ལྟ་རང་ལོ་ ༦༦ ཡིན་པ་དང་། ༡༩༨༠ ལོ་ནས་བཟུང་སྲིད་དོན་ཚོགས་པའི་ནང་ཞུགས་ཏེ་སྲིད་གཞུང་གི་གནས་རིམ་འདྲ་དང་གྲོས་ཚོགས་འཐུས་མི་སོགས་གནང་ཡོད་འདུག ༢༠༡༡ ལོར་སྲིད་འཛིན་འོས་མིའི་ནང་ཞུགས་ཏེ་བྷར་ཛིལ་གྱི་བུད་མེད་སྲིད་འཛིན་ཐོག་མ་ཆགས་ཡོད་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༡༠
བསམ་ཚུལ།

བོད་ཀྱི་དཔའ་རྒོད་རང་བཙན་བློ་དགའ་ལས་འཕྲོས་པའི་རྗེས་དྲན།

༢༠༢༦/༠༧/༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

༢༠༢༦/༠༧/༠༩
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

༢༠༢༦/༠༧/༠༩
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

༢༠༢༦/༠༧/༠༩
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

༢༠༢༦/༠༧/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese