མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདྲེ་ཤར་སྒོར་བཞག་ནས་གླུད་ནུབ་སྒོར་མ་འཁྱེར།

བོད་ཀྱི་དུས་བབ།
༢༠༡༤/༡༡/༢༦
Share on FacebookShare on TwitterShare on EmailShare on Whatsapp

འཕན་པོ་སྐལ་ལྡན།

༄༅།། བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོ་ནས་དབུ་ཚུགས་ཏེ། བོད་རྗེ་དར་མའི་བར་བོད་འདི་བཞིན་ཤར་གླིང་དབུས་མའི་ནང་དཔུང་སྟོབས་དང་མངའ་ཐང་ཆེ་གྲས་སུ་འགྱུར་ཏེ། བོད་ཀྱི་སྐད་ཡིག་དང་བརྡ་སྤྲོད་ཆོས་རིག་སྤྱི་ཚོགས་བཅས་ཀྱི་གནས་བབ་རང་བཙན་རྒྱལ་ཁབ་ཅིག་ཡིན། བོད་རྗེ་དར་མས་བོད་ནང་གསར་རྗེའི་རིང་ལུགས་སྤེལ་བའི་རྗེས་ལ་བོད་ཀྱི་བཙན་པོའི་རྒྱལ་རབས་མཇུག་རྫོགས་པ་དང་། བོད་སིལ་བུར་འཐོར་རྗེས་སླར་ཡང་རང་ཅག་རྣམས་ལ་བཀའ་དྲིན་བླ་ན་མེད་པ་༸གོང་ས་སྐུ་ཕྲེང་ལྔ་པ་ཆེན་པོ་མཆོག་གིས་ཆབ་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བཞེས་ཏེ། བོད་འདི་བཞིན་འཛམ་གླིང་ནང་གི་རིགས་གནས་ཀྱིས་ཕྱུགས་པའི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད།

རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ཏེ་རིང་པོར་མ་སོང་བར། བོད་ས་ཡོངས་རྫོགས་ཟ་ཧམ་གྱིས་བཙན་དབང་འོག་གྲོས་འཆར་དོན་ཚན་བཅུ་བདུན་ལ་མིང་རྟགས་བཀོད་དགོས་བྱུང་ཡང་། རྗེས་སུ་རྒྱ་ནག་ཁོ་རང་ཚོ་རང་གིས་གྲོས་འཆར་དོན་ཚན་བཅུ་བདུན་རྩིས་མེད་རྡོག་རོལ་བཏང་སྟེ། བོད་ཞི་བས་བཅིངས་བཀྲོལ་བཏང་རྒྱུའི་ཁྱབ་བསྒྲགས་དང་བཅས་བོད་ནང་ཟིང་འཁྲུག་དམག་འཐབ་ཆེན་པོ་བྱུང་སྟེ། བོད་ས་ཡོངས་རྫོགས་རྒྱ་ནག་གི་མངའ་འོག་དུ་བཙན་འཇུག་བྱས།

༸གོང་ས་སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག་དང་བོད་མི་སྟོང་ཕྲག་མང་པོ་བཙན་བྱོལ་དུ་འབྱོར་རྗེས། ༸གོང་ས་མཆོག་གི་དབུ་ཁྲིད་ལམ་སྟོན་དང་ལྷད་མེད་བྱམས་བརྩེའི་འོག བཙན་བྱོལ་བོད་ཕྲུག་རྣམས་ལ་ཕྱིའི་ཡུལ་གྲུ་ཁག་དང་མཉམ་པའི་སློབ་སྦྱོང་གི་གོ་སྐབས་ཐོབ་པ་དང་། བཙན་བྱོལ་བོད་མི་རྣམས་ཀྱང་ཀ་བ་གསུམ་ལྡན་གྱི་ཡང་དག་པའི་མང་གཙོའི་ལམ་དུ་འཁྲིད་གནང་བ། མི་མང་གི་འོས་འདེམས་གནང་བའི་བཀའ་ཁྲི་ལ་ཡང་ཐུགས་བརྩེ་བ་ཆེན་པོས་༸གོང་ས་སྐུ་ཕྲེང་ལྔ་པའི་སྐབས་ལ་བཞེས་གནང་མཛད་པའི་བོད་ཀྱི་ཆབ་སྲིད་སྐུ་དབང་ཡོངས་རྫོགས་རྩིས་སྤྲོད་དང་ཆབས་གཅིག་བཀའ་ཁྲི་ནས་སྲིད་སྐྱོང་སུ་མཚན་བསྒྱུར་གནང་མཛད་པ་ནི། ༸གོས་ས་མཆོག་གི་ཡི་ཤེས་དབྱིངས་དཔྱད་ཀྱི་གཟིགས་པ་རྒྱ་ཆེན་ཞིག་ཡིན།

༸གོང་ས་མཆོག་ནི་འཛམ་གླིང་ཐོག་ཆེས་བརྙན་གྲགས་ཆེ་བའི་ནོ་བྷལ་ཞི་བདེའི་གཟེངས་རྟགས་བཞེས་གནང་མཁན་དང་། ཚེ་བ་སྤོང་བའི་ཞི་བདེ་དེད་དཔོན། ཆོས་ལུགས་མཐུན་ལམ་གནང་མཁན་གྱི་དབུ་ཁྲིད་ཅིག་ཡིན་སྟབས། བོད་ཀྱི་གནད་དོན་དེ་ཡང་འཚེ་བ་མེད་པར་གཉིས་སྨན་དབུ་མའི་ལམ་དུ་བསྐྱོད་དགོས་པ་ནི། ༸གོང་ས་མཆོག་གི་རང་ཆས་སུ་ཡོད་པའི་རླབས་ཆེན་གྱི་མཛད་པ་ཞིག་དང་། བཙན་བྱོལ་བོད་མི་མང་ཆེ་བའི་མངོན་འདོད་ཀྱང་ཡིན་ལ། བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་དུ་བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་ཆེད་དུ་རང་གི་གཅེས་པའི་ལུས་སྲོག་ལོངས་སྤྱོད་ཕངས་མེད་མཆོད་འབུལ་གནང་གི་ཡོད་པའང་གནས་ཚུལ་འདི་དག་གི་ཆེད་དུ་ཡིན།

བཙན་བྱོལ་སྤྱི་ཚོགས་ནང་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཚོས་ཆོ་ག་ཕྱག་ལེན་ལྟ་བུར་གདུང་སེམས་མཉམ་སྐྱེད་དང་མཆོད་འབུལ་སྨོན་ལམ། མར་མེ་ཁྲོམ་སྐོར་སོགས་བྱས་ཏེ་དུས་ཚོད་སྐྱེལ་བཞིན་ཡོད་པ་དང་། ལྷག་པར་དུ་བཙན་བྱོལ་སྒྲིག་འཛུགས་ཀྱི་ཆེས་མཐོའི་དབུ་ཁྲིད་རྣམ་པས་ཀྱང་དབུ་མའི་ལམ་གྱི་སྲིད་བྱུས་བཞིར་བཟུང་བོད་རྒྱ་ཞི་སྒྲིག་གི་ཐབས་ལམ་མི་འཚོལ་བར། ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་ཕྱོགས་སྐྱོད་དུ་བྲེལ་ཚབས་བྱེད་པ། དམིགས་གསལ་ཚོགས་ཆེན་ཐེངས་གཉིས་དང་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་བཅས་ཀྱི་གྲོས་ཆོད་ཁག་ཏུའང་ཡིག་ཉོག་མང་པ་ལས་བོད་ནང་གི་ཛ་དྲག་གནས་སྟངས་ལ་ནུས་པ་གང་ཡང་འཐོན་གྱི་མེད་པ། བཙན་བྱོལ་སྒྲིག་འཛུགས་ཀྱི་དབུ་ཁྲིད་རྣམ་པ་ཕྱི་རྒྱལ་ཁག་ཏུ་ཕེབས་ཏེ་མི་སྒེར་རེ་ཟུང་དང་། ཚོགས་པ་བྱེ་བྲག་པ་རེ་ཟུང་གི་རྒྱབ་སྐྱོར་རེ་བ་བྱེད་པ་འདི་དག་གིས་བོད་རྒྱ་ཞི་འགྲིག་ཡོང་ཐབས་མེད་པ་ཟུར་ལྟས་ལེབ་མཐོང་ཡིན།

བཙན་བྱོལ་སྒྲིག་འཛུགས་ཀྱི་དབུ་ཁྲིད་རྣམ་པས་༸གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་རྒྱུ་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་མི་རིགས་ས་གནས་རང་སྐྱོང་ཚད་ལྡན་ཞིག་འཐོབ་དགོས་ན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེས་མཐོའི་མགོ་ཁྲིད་རྣམས་དང་གྲོས་མོལ་ཡོང་ཐུབ་ལ་འབད་བརྩོན་གནང་དགོས་པ་དང་། རྒྱ་ནག་ནང་གི་རྒྱ་རིགས་མི་མང་ལ་འབྲེལ་ལམ་འཛུགས་རྒྱུ། དེ་བཞིན། ༸གོང་ས་མཆོག་དང་བོད་མི་ཚོས་དབུ་མའི་ལམ་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་རྩ་ཁྲིམས་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་རྩོད་ཀྱི་ཡོད་པ་ལས་ཁ་བྲལ་རྩོད་ཀྱི་མེད་པ་རྒྱ་རིགས་ཡོངས་ལ་གསལ་བཤད་གནང་དགོས་པ་འདི་དག་གལ་ཆེ་བ་ལས། འདྲེ་ཤར་སྒོར་གནས་པ་ལ་གླུད་ནུབ་སྒོར་གཡུག་ན་དོན་དག་གང་ཡང་འགྲུབ་ཐུབ་མེད།

རང་རེའི་དབུ་ཁྲིད་རྣམ་པས་ཤར་ཕྱོགས་རྒྱ་ནག་ནང་ཁ་ཕྱོགས་དགོས་པ་ལས་ནུབ་ཕྱོགས་ཨ་རི་སོགས་ལ་ཁ་ཕྱོགས་པ་ནི་དོན་མེད་ཡིན་སྟབས། བཙན་བྱོལ་སྒྲིག་འཛུགས་ཀྱི་དབུ་ཁྲིད་རྣམ་པས་ཕྱིའི་ཡུལ་གྲུ་ཁག་ཏུ་ཕྱོགས་ཕེབས་ཉུང་ཙམ་གནང་རྒྱུ་དང་། རང་ཉིད་ཀྱི་དབང་ཆ་སྲ་བརྟན་བཟོ་ཐབས་དང་སྒེར་མཁོན་སྤྱི་དོན་དུ་སྤུང་བ་སོགས་མ་གནང་བར། བོད་ནང་གི་ཛ་དྲག་གནས་སྟངས་ལ་གཟིགས་ཏེ། དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་བོད་རྒྱ་ཞི་འགྲིག་ཡོང་ཐབས་ལ་འབད་བརྩོན་ལྷོད་མེད་གནང་དགོས་སོ།།

འབྲེལ་ཡོད་གསར་འགྱུར།

Mobile App

འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག

ཆུ་ཚོད་ ༥ སྔོན་ལ།
Press Statement From The Office of His Holiness The Dalai Lama
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་ནས་བྱུང་མེད་པའི་གསལ་བསྒྲགས་གནང་།

ཆུ་ཚོད་ ༩ སྔོན་ལ།
Delhi High Court, Image Representational (Photo/Shutterstock)
Mobile App

རྒྱ་གར་གྱི་མཐོ་རིམ་ཁྲིམས་ཁང་གིས་བོད་མི་ཞིག་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲོད་དགོས་པའི་བཀའ་ཁྱབ་བཏང་།

༢༠༢༦/༠༢/༠༧
Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༦
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

༢༠༢༦/༠༢/༠༦
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥

མཆན། 2

  1. བསྟན་འཛིན་འཕགས་པ། says:
    ལོ་ 11 སྔོན།

    གངས་ཕྲུག་ལགས་སྐུ་ཁམས་བཟང་།
    གཞན་ལ་ལྟ་ཡི་མིག་ཡོད་ན་རང་ཉིད་ལྟ་སའི་མེ་ལོང་དགོས། གཞན་ལ་སྐྱོན་བརྗོད་མ་གཏོགས་གང་ཡང་ཤེས་ཀྱི་མེད་པས། སོ་སོ་སོའི་བོད་བསྟན་སྲིད་ཆེད་དུ་ཕྱག་ལས་ག་རེ་གནང་ཡོད་མེད་ཀུན་གྱི་མཁྱེན་གསལ་རེད།

    Reply
  2. གངས་ཕྲུག says:
    ལོ་ 11 སྔོན།

    དངོས་གནས་བདེན་པ་རེད། སྲིད་སྐྱོང་མཆོག་ནས་གྲོས་ཚོགས་ནང་འཐུས་མི་མང་པོས་དྲི་བ་བསྐུལ་བའི་སྐབས་སུ་གྲ་སྒྲིག་ཡོད་གསུངས་པ་ཙམ་ལས་མི་ལོ་གསུམ་ལྷག་ཙམ་ཕྱིན་ཚར་སོང་ད་དུང་བོད་རྒྱ་འབྲེལ་མོལ་ཕར་བཞག་སྐད་ཆ་གཅིག་ཀྱང་བྱུང་མེད།
    སྲིད་སྐྱོང་གི་འོས་བསྡུ་སྐབས་སུ་ཁས་ལེན་གནང་བ་རྣམས་གང་དུ་ཡོད་དམ།
    ཨ་རིའི་རོགས་སྐྱོར་དངུལ་གྱིས་བོད་རྒྱ་འབྲེལ་མོལ་བྱ་ཐུབ་ཐབས་མེད་། བཙལ་བྱོལ་བོད་མི་མང་པོ་ཞིག་གིས་སྲིད་སྐྱོང་གིས་རོགས་སྐྱོར་ལེན་ཐུབ་སོང་ཟེར་དགའ་སྣང་དང་བསྟོད་བསྔགས་བྱེད་བཞིན་འདུག སྲིད་སྐྱོང་ལྟ་གྲུབ་རང་ཁ་རང་གསོ་དང་ཡོངས་སུ་འགལ་བ་ཞིག་ཡིན་པ་ཤེས་པ་གྱིས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese