མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐང་ག་ཞིག་ལ་ཨ་སྒོར་ས་ཡ་ ༤༥ སྤྲད།

བོད་ཀྱི་དུས་བབ།
༢༠༡༤/༡༡/༢༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་རིགས་ཕྱུག་བདག་ཅིག་གིས་ཡི་དམ་གཤིན་རྗེ་གཤེད་དམར་གྱི་བོད་པའི་སྐུ་ཐང་རྙིང་པ་ཞིག་ལ་ཨ་སྒོར་ས་ཡ་བཞི་བཅུ་ཞེ་ལྔ་སྤྲད་ནས་ཉོས་འདུག

ཁ་སང་རྒྱ་གར་ཧིན་རྡུ་སི་ཐན་དུས་བབ་ཐོག་གནས་ཚུལ་སྤེལ་བ་ལྟར་ན། གཟའ་ལྷག་པའི་ཉིན་ཧོང་དུ་དབྱིན་ཡུལ་རྒྱལ་ས་ལོན་ཌོན་ནང་རྟེན་གཞི་བྱས་པའི་རིན་སྤར་ཚོང་སྒྱུར་ཚན་པ་ (Christie’s auction house) ཞེས་པས་གོ་སྒྲིག་འོག རྒྱ་ནག་རྒྱལ་ཡོངས་ནས་ཕྱོགས་བསྡུས་བྱས་པའི་རི་མོའི་བརྩམས་ཆོས་སྒྱུ་རྩལ་གྱི་རིན་སྤར་ཚོང་སྒྱུར་ཁྲོམ་ར་ཚོགས་པའི་སྟེང་། དར་གོས་ཚེམ་དྲུབ་ཅན་གྱི་ཡི་དམ་གཤིན་རྗེ་གཤེད་དམར་གྱི་བོད་པའི་སྐུ་ཐང་རྙིང་པ་ཞིག་ལ་ཧོང་ཀོང་གི་སྒོར་མོ་ས་ཡ་ ༦༠ ནས་མགོ་འཛུགས་ཀྱིས་རིན་སྤར་ཚོང་སྒྱུར་བྱེད་སྐབས། རྒྱལ་སྤྱི་དང་རྒྱ་ནག་གི་གནའ་རྫས་བསྡུ་རུབ་བྱེད་མཁན་མང་པོ་འགྲན་བསྡུར་ནང་བཞུགས་ཏེ། སྐུ་ཐང་གི་རིན་གོང་ཧོང་ཀོང་གི་སྒོར་མོ་ས་ཡ་ ༡༦༠ ཙམ་ལ་སླེབ་སྐབས་འགྲན་སྡུར་ནང་མི་གཉིས་ལས་ལྷག་མེད་ཅིང་། སྐབས་དེར་རྒྱ་རིཊ་ལེའུ་ཡེ་ཆན་ (Liu Yiqian) ཞུ་བ་ཞིག་གིས་ཨ་སྒོར་ས་ཡ་ ༤༥ སྤྲད་དེ་སྐུ་ཐང་དེ་ཉོས་ཡོད་འདུག

འདིའི་ཐད་ལེའུ་ཡེ་ཆན་གྱིས། “ངས་རྒྱ་ནག་ནང་ལོ་རྒྱུས་ལྡན་ཞིང་གལ་འགངས་ཆེ་བའི་དུས་རབས་བཅོ་ལྔའི་སྐབས་ཀྱི་ཐང་ག་ཞིག་འཁྱེར་ཐུབ་པ་དེ་ནི་སྤོབས་པ་སྐྱེ་འོས་པ་ཞིག་ཆགས་ཡོད་སྟབས། མ་འོངས་པར་ཐང་ག་དེ་ ༢༠༡༢ ལོར་ང་དང་བཟའ་ཟླས་གསར་འཛུགས་བྱས་པའི་ཧྲང་ཧེ་ལེའུ་ལུང་ ( Liu’s Long)གནའ་རྫས་འགྲེམ་སྟོན་ཁང་དུ་བཤམ་སྟོན་བྱ་རྒྱུ་ཡིན།”ཞེས་བརྗོད་འདུག རིན་སྤར་ཚོང་སྒྱུར་ཚན་པ་དེས། “ད་སྔའི་རྒྱལ་སྤྱིའི་རིན་སྤར་ཚོང་སྒྱུར་རི་མོ་གོང་མཐོ་ཤོས་དེ་བོད་པའི་སྐུ་ཐང་རྙིང་པ་དེ་ཆགས་ཡོད་ཅིང་། ཐེངས་འདིའི་སྐུ་ཐད་དེ་ནི་ལྷ་སའི་གཙུག་ལག་ཁང་ནང་ཡོད་པའི་ཡི་དམ་གཤིན་རྗེ་གཤེད་དམར་གྱི་སྐུ་ཐང་གསུམ་ཡོད་ཁོངས་ནས་གཅིག་ཆགས་ཡོད།”ཅེས་བརྗོད་འདུག

གནས་ཚུལ་དེའི་ནང་འཁོད་དོན། “ཧོང་ཀོང་གཙོས་པའི་རྒྱ་ནག་གི་གྲོང་ཁྱེར་ཁག་ཅིག་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་དང་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་ལྟར། རྒྱལ་སྤྱིའི་རིན་སྤར་ཚོང་སྒྱུར་བྱེད་ཡུལ་ལྟེ་གནས་སུ་འགྱུར་བཞིན་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༤ ཚེས་ ༨ ཉིན་རྒྱ་ནག་ཧྲང་ཧེ་གྲོང་ཁྱེར་གྱི་རིན་སྤར་ཚོང་སྒྱུར་འཛུ་ཚོགས་ཤིག་ཏུ། རྒྱ་རིགས་ཕྱུག་བདག་ལེའུ་ཡེ་ཆན་གྱིས་རྒྱ་ནག་མིང་རྒྱལ་རབས་ཀྱི་རྒྱལ་བོ་ཆིན་ཧོ་ (cheng hua)སྐབས་བཟོས་པའི་ཞེང་ཚད་ལ་མི་ཊར་ ༨ དང་། མདུན་ངོས་སུ་ཁྱིམ་བྱ་བཟའ་ཚོ་གཉིས་ཀྱིས་བྱ་ཕྲུག་སྐྱོང་གི་ཡོད་པའི་རི་མོ་ཅན་གྱི་དཀར་ཡོལ་ཞིག་ལ་ཨ་སྒོར་ས་ཡ་ ༣༦།༠༥ སྤྲད་དེ་ཉོས་ཡོད་པ་དང་། ཟླ་འདིའི་ཚེས་ ༢༦ ཉིན་ཁོས་ཧོང་ཧོང་གི་རིན་སྤར་ཚོང་སྒྱུར་སྟེང་༡༤༠༢ ནས་ ༡༤༢༤ སྐབས་ཀྱི་རྒྱ་ནག་མིང་རྒྱལ་རབས་སྐབས་ཚེམ་དྲུབ་བརྒྱབ་པའི་ཡི་དམ་གཤིན་རྗེ་གཤེད་དམར་གྱི་བོད་པའི་སྐུ་ཐང་ཞིག་ལ་ཨ་སྒོར་ས་ཡ་ ༤༥ སྤྲད་དེ་ཉོས་ཡོད།” ཅེས་སོགས་འཁོད་འདུག

གནད་དོན་དབྱེ་ཞིབ་པ་ཚོས། ༢༠༡༠ ལོར་རྒྱ་རིགས་ཕྱུག་བདག་ཅིག་གིས་ཨ་སྒོར་ས་ཡ་ ༣༢།༤ སྤྲད་དེ་གནའ་རྫས་ཤེལ་བུམ་ཞིག་ཉོས་པ་ནས་བཟུང་། རྒྱ་རིགས་ཕྱུག་བདག་ཚོས་རང་ཉིད་ཀྱི་རྒྱུ་ནོར་ངོམ་ཆེད་རིན་གོང་མཐོན་པོ་སྤྲད་དེ་གནའ་རྫས་ཉོ་བཞིན་ཡོད་སྐོར་བརྗོད་འདུག ལེའུ་ཡེ་ཆན་ནི། དེ་སྔོན་གླ་གཏོང་རླངས་འཁོར་ཁ་ལོ་བ་ཞིག་ཡིན་ཞིང་། ཕྱིས་སུ་ཁོས་ཚོང་ལས་ནང་ཞུགས་ཏེ་ད་ཆ་རྒྱལ་སྤྱིའི་ཐོག་ཨ་སྒོར་ཐེར་འབུམ་ ༡ དང་དུང་ཕྱུར་ ༦ ཅན་གྱི་ཕྱུག་བདག་ཨང་ ༢༠༠ པ་དང་རྒྱ་ནག་གི་ཕྱུག་བདག་ཨང་ ༡༣༤ དེ་ཆགས་ཡོད་ཅིང་། ༢༠༡༢ ལོར་ཁོ་དང་བཟའ་ཟླས་ཧྲང་ཧེ་ནང་ལེའུ་ལུང་ ( Liu’s Long) ཞེས་པའི་གནའ་རྫས་འགྲེམས་སྟོན་ཁང་ཞིག་བཙུགས་ཏེ། རྒྱལ་སྤྱི་རྒྱ་ནག་གི་གནའ་རྫས་ཉོ་སྒྲུབ་ཀྱིས་འགྲེམས་སྟོན་བྱེད་བཞིན་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས། དྲ་ལམ་གྱི་པར། ༢༠༢༦།༦།༡༨
Mobile App

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༦ སྔོན་ལ།
རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

ཆུ་ཚོད་ ༨ སྔོན་ལ།
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༡༠ སྔོན་ལ།
ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ཐང་ག་དེ་བོད་ནང་ནས་ཕྱི་རོལ་དུ་ཤོར་སྟངས་ལ་དཔྱད་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese