མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསང་བ་ཕྱི་ལ་ཤོར་བ་སྔོན་འགོག་བྱེད་དགོས།

བོད་ཀྱི་དུས་བབ།
༢༠༡༤/༡༢/༠༤
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ཟླ་བའི་ཉིན་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་གཞུང་ལས་ཁང་གིས་གསར་འགོད་ལས་རིགས་དང་འབྲེལ་བའི་སྒྲིག་གཞི་དོན་ཚན་ ༡༠ ཅན་ཞིག་ཁྱབ་བསྒྲགས་བྱས་ཏེ། གཞུང་གི་སྲིད་བྱུས་རིགས་ཁྱབ་བསྒྲགས་ཤུགས་ཆེ་རུ་གཏོང་དགོས་པ་དང་རྒྱལ་ཁབ་ཀྱི་གསང་རྒྱའི་རིགས་ཕྱི་ལ་མ་ཤོར་བ་བྱེད་དགོས་ཚུལ་སོགས་འཁོད་འདུག སྒྲིག་གཞི་དེ་དག་བོད་ཡིག་ཏུ་བསྒྱུར་ཡོད་པ་འདིར་བཀོད་ཡོད།

གཅིག  ཡུན་རིང་གསར་བསྒྱུར་བྱས་མེད་པའི་ལེ་ཚན་སྒོ་གཏན་པ།

སྲིད་གཞུང་དྲ་བའི་ཆ་འཕྲིན་གསར་བསྒྱུར་གྱི་སྒྲིག་འཛུགས་འཐུས་ཚང་དུ་བཏང་ནས། ནང་དོན་ཕྱི་བསྒྲགས་ཀྱི་དུས་ཚོད་དང་།  ས་གནས་རང་དང་སྡེ་ཚན་རང་གི་སྲིད་གཞུང་དྲ་བའི་ནང་དོན་གསར་བསྒྱུར་གནས་ཚུལ་ལ་ལྟ་སྐུལ་བྱེད་པ།   ནང་དོན་གསར་བསྒྱུར་ལ་ཁག་ཐེག་བྱེད་མི་ཐུབ་པའི་ལེ་ཚན་དག་དུས་ཐོག་ཏུ་གཅིག་སྡུད་བྱེད་པའམ་སྒོ་གཏན་དགོས།

གཉིས།  དོན་རྐྱེན་ཆེན་པོ་བྱུང་ཚེ་དུས་ཐོག་ཏུ་གསལ་བསྒྲགས་བྱེད་དགོས།

ས་གནས་རང་དང་སྡེ་ཚན་རང་དུ་གཏོགས་པའི་གློ་བུར་བའི་དོན་རྐྱེན་དང་།  མྱུར་བར་ཐག་གཅོད་དགོས་པའི་དོན་རྐྱེན་བྱུང་པར།  ཁྲིམས་ལྟར་གོ་རིམ་ལྡན་པའི་ངང་དུས་ཐོག་ཏུ་སྲིད་གཞུང་དྲ་བ་བརྒྱུད་ནས་ཆ་འཕྲིན་གསལ་ བསྒྲགས་གནང་དགོས་ཤིང་། ནང་དོན་བསྒྲགས་པ་དྲང་བདེན་དོན་དངོས་ཡིན་དགོས་པ་མ་ཟད།  དོན་དག་འཕེལ་རིམ་དང་ལས་ཀའི་མྱུར་ཚད་དང་བསྟུན་དུས་ཐོག་ཏུ་ལས་རིམ་ཆ་འཕྲིན་དང་།  སྲིད་གཞུང་གི་ལངས་ཕྱོགས་གསལ་བསྒྲགས་གནང་དགོས།

གསུམ།   མང་ཚོགས་ཀྱི་སྲིད་ཇུས་ལོ་ཙཱ་བ་བྱེད་པ།

སྲིད་གཞུང་གིས་སྲིད་ཇུས་གལ་ཆེན་ཞིབ་འཇུག་གཏན་ཁེལ་གནང་དུས། དྲ་བས་དུས་མཉམ་དུ་སྲིད་ཇུས་འགྲེལ་བཤད་བྱེད་ཐབས་ལེགས་པོར་སྒྲུབ་པ།  དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་དམངས་འཚོ་སོགས་ཀྱི་སྲིད་ཇུས་འདོན་དུས།  སྲིད་གཞུང་དྲ་བའི་སྟེང་དེར་བསྟུན་གྱི་སྲིད་ཇུས་གཏན་ཁེལ་གནང་མཁན་དང་།  ཆེད་ལས་སྡེ་ཚན།  ཆེད་མཁས་སོགས་ཀྱི་རྩོམ་གནང་མཛད་པའི་དཔྱད་བརྗོད་རྩོམ་ཡིག་དང་བཅར་འདྲི་སོགས་ཀྱི་ནང་དོན་སྤེལ་ཏེ།  གོ་བདེ་བའི་སྒོ་ནས་ནང་དོན་ལ་འགྲེལ་བཤད་རྒྱག་དགོས།

བཞི།  མང་ཚོགས་ཀྱི་བསམ་འཆར་བཏོན་པར་ཉིན་བདུན་རིང་ལན་བསྐྱོན་དགོས།

ས་གནས་སོ་སོ་དང་།  སྡེ་ཚན་སོ་སོས་སྲིད་གཞུང་དྲ་བ་བརྒྱུད་སྐུད་ཐོག་བཅར་འདྲི་དང་།  བསམ་འཆར་འཚོལ་སྡུད།  དྲ་ངོས་བརྟག་དཔྱད་སོགས་ཀྱི་ནང་དོན་སྤེལ་དགོས་ལ།  མང་ཚོགས་བར་གྱི་འབྲེལ་འདྲིས་ལ་ཤུགས་སྣོན་བྱེད་པ།   མང་ཚོགས་ཀྱི་བསམ་འཆར་གཏིང་ལོན་པ།  སྤྱི་ཚོགས་ཀྱི་སྐྱོན་བརྗོད་དང་ལྟ་སྐུལ་དང་ལེན་བྱས་ངོར། མང་ཚོགས་དང་སྲིད་གཞུང་གི་བར་ཐད་ཀའི་སྦྲེལ་ཟམ་བསྐྲུན་དགོས།  དྲ་བ་ནས་མི་རྣམས་ཀྱི་བསམ་འཆར་འབྱོར་རྗེས།  ཕྱོགས་བསྡུས་སྒོས་དཔྱད་ཞིབ་གནང་དགོས་པ་དང་།   རིན་ཐང་དང་དོན་སྙིང་ལྡན་པ་དག་ལ་ཉིན ༧ གྱི་ནང་ཐག་གཅོད་བྱས་ཏེ་ཕྱིར་ལན་བསྐྱོན་དགོས་ཤིང་།  གནས་ཚུལ་རྙོག་འཛིང་ཆེ་བའི་རིགས་དུས་ཡུན་ཉིན ༡༥ ཡི་རྒྱུན་བསྲིངས་ཆོག་པ།  ཐག་གཅོད་བྱེད་མི་ཐུབ་པ་དག་ལ་གསལ་བཤད་བྱེད་དགོས།

ལྔ། མཐའ་སྣེ་དང་བྱེད་ཐབས་མང་པོ།  ལག་རྩལ་གསར་པའི་ལམ་ནས་དྲིལ་སྒྲོག་ནུས་པ་ཇེ་མཐོར་གཏོང་དགོས།

སྲིད་གཞུང་དྲ་བས་སྤྱི་ཚོགས་འབྲེལ་དྲ་གཙོ་བོར་ཆ་འཕྲིན་མཉམ་སྤྱོད་བྱེད་རྒྱུ་མཁོ་སྤྲོད་གནང་དགོས་པ་དང་།  ཁ་པར་དང་།   ལག་ཐོགས་གློག་ཀླད་སོགས་སྒུལ་སྐྱོད་མཐའ་སྣེའི་ཞབས་ཞུར་ཤུགས་སྣོན་བྱེད་པ།  ཧུར་ཐག་སྒོས་སྐད་འཕྲིན་དང་པོད་ཕྲན་སོགས་ལག་རྩལ་གསར་པ་སྤྱད་ནས་སྲིད་གཞུང་དྲ་བའི་ནང་དོན་བརྒྱུད་སྒྲོག་བྱས་ནས།  མང་ཚོགས་ཀྱིས་དུས་ཐོག་ཏུ་སྲིད་གཞུང་གི་ཆ་འཕྲིན་རྟོགས་པར་སྟབས་བདེ་བསྐྲུན་དགོས།  ཆ་རྐྱེན་ལྡན་པའི་སྲིད་གཞུང་གི་དྲ་བས་ཞིབ་འཇུག་བགྲོ་གླེང་སྤེལ་རྒྱུ་དང་།  སྲིད་གཞུང་དྲ་བའི་མིང་རྟགས་བརྒྱུད་སྒྲོག་སོགས་ཀྱི་བྱེད་སྒོ་སྤེལ་དགོས།

དྲུག    རིམ་པ་སོ་སོའི་སྲིད་གཞུང་དྲ་བས་སྟོབས་ཤུགས་གཅིག་སྡུད་བྱེད་པ།

རིམ་པ་སོ་སོའི་སྲིད་གཞུང་དྲ་བའི་བར་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བྱས་ནས།  སྲིད་གཞུང་དྲ་བའི་གཅིག་སྡུད་ནུས་པ་འབུར་དུ་ཐོན་དགོས།  རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྱོན་ཡོངས་ཀྱི་ལས་དོན་སྤེལ་བར་མཛུབ་སྟོན་རང་བཞིན་གྱི་དོན་སྙིང་ལྡན་པ་དང་།  སྤྱི་ཚོགས་ཡོངས་ཀྱི་ཤེས་དགོས་པའི་སྲིད་ཇུས་ཆ་འཕྲིན་བསྒྲགས་དུས།   རིམ་པ་སོ་སོའི་སྲིད་གཞུང་དྲ་བས་དུས་ཐོག་ཏུ་བརྒྱུད་འགོད་དང་།  འབྲེལ་མཐུད་གནང་དགོས།  ལས་རིགས་གང་དང་ས་ཁུལ་གང་གི་སྲིད་ཇུས་ཆ་འཕྲིན་བསྒྲགས་དུས།  དེར་འབྲེལ་གྱི་སྡེ་ཚན་དང་ས་གནས་སྲིད་གཞུང་གིས་དུས་ཐོག་ཏུ་བརྒྱུད་འགོད་དང་འབྲེལ་མཐུད་གནང་དགོས།

བདུན།  སྨྱན་སྦྱོར་དང་མཉམ་འབྲེལ་སྒོས་སྲིད་གཞུང་གི་ཆ་འཕྲིན་ཤུགས་རྐྱེན་ཇེ་མཐོར་གཏོང་དགོས།

སྲིད་གཞུང་དྲ་བ་དང་དུས་དེབ།  ཚགས་པར།  རྒྱང་སྒྲོག  བརྙན་འཕྲིན་སོགས་སྨྱན་སྦྱོར་དང་མཉམ་འབྲེལ་བརྒྱུད། སྲིད་གཞུང་དྲ་བས་གསར་འགྱུར་དྲ་བ་དང་གསར་འགྱུར་ལས་རིགས་ཀྱི་ལས་སྒྲུབ་མཉམ་མྱོང་ལྡན་པའི་ཚོང་དོན་དྲ་བ་དང་མཉམ་འབྲེལ་བྱས་ནས།  སྲིད་གཞུང་དྲ་བའི་ཤུགས་རྐྱེན་ཇེ་མཐོར་གཏོང་དགོས་ཤིང་།  སྲིད་གཞུང་གི་སྐད་ཆ་དུས་ཐོག་ཏུ་ནོར་འཆུག་མེད་པར་མང་ཚོགས་ལ་བརྒྱུད་སྒྲོག་གནང་དགོས། དེ་དང་ཆབས་ཅིག སྲིད་གཞུང་དྲ་བས་སྲོལ་རྒྱུན་སྨྱན་སྦྱོར་དང་དྲ་བ་གཞན་དག་གི་ཆ་འཕྲིན་གཙོ་བོ་དང་། ལྟ་ཚུལ་བདམས་ནས་དྲ་བའི་ནང་དོན་འཐུས་ཚང་དུ་གཏོང་དགོས།

བརྒྱད།  གཞུང་སྒྲུབ་ཁང་གིས་མི་སྣ་ཆེད་བསྐོས་ཀྱིས་དྲ་བའི་ཆ་འཕྲིན་ལ་འགན་འཁུར་དུ་འཇུག་དགོས།

ས་གནས་སོ་སོ་དང་།  སྡེ་ཚན་སོ་སོའི་གཞུང་སྒྲུབ་ཁང་གིས་དོན་དངོས་དགོས་མཁོར་དམིགས་ནས།  ལས་འགན་པ་གཅིག་བཀོད་སྒྲིག་བྱས་ནས་སྒྲིག་འཛུགས་མཐུན་སྦྱོར་ལ་འགན་འཁུར་དགོས། གཟའ་རེར་དུས་གཏན་ངང་སྲིད་གཞུང་དྲ་བའི་ཆ་འཕྲིན་ནང་དོན་འཛུགས་སྐྲུན་ལས་དོན་ལ་ཞིབ་འཇུག་གནང་དགོས་ཤིང་།  “གཙོ་འགན་པ་སུ་ཡིན་ན་དེས་འགན་འཁུར་པ”དང”སུས་བསྒྲགས་ན་དེས་འགན་འཁུར་དགོས་པ།” འོས་འགན་སོ་སོར་དགར་བ་ལྟར་འབྲེལ་ཡོད་ཕྱོགས་ནས་ཆ་འཕྲིན་མཁོ་སྤྲོད་གནང་པའི་འགན་ཁུར་ལ་བཀོད་སྒྲིག་གནང་དགོས།  གཞུང་སྒྲུང་ཁང་གིས་སྲིད་གཞུང་དྲ་བའི་ཆ་འཕྲིན་སྤྱི་བསྒྲགས་གནང་པའམ་ལས་ཁུངས་གཏན་འཁེལ་པས་ཉིན་རྒྱུན་གྱི་མཐུན་སྦྱོར་ལས་དོན་ལ་འགན་འཁུར་དགོས།

དགུ  ནང་དོན་ལ་ཚོད་འཛིན་བྱེད་དགོས་པ་དང་གསང་པ་ཕྱི་ལ་ཤོར་བ་སྔོན་འགོག་བྱེད་དགོས།

བྱེད་ནུས་སྡེ་ཚན་གྱིས་ནང་དོན་དང་ངོ་བོ་མི་འདྲ་བར་དམིགས་ནས་རིམ་པ་དང་རིགས་དགར་ནས་ཐག་གཅོད་དགོས་པ།  ཆ་འཕྲིན་ཕྱིར་སྒྲོག་བྱེད་ཐབས་བདམས་ནས་ཆ་འཕྲིན་གྱི་ནང་དོན་ལ་ཚོད་འཛིན་བྱས་པ་བརྒྱུད་གཙོ་གནད་འབུར་དུ་ཐོན་པར་བྱ་དགོས་པ། ཆ་འཕྲིན་གྱི་ནང་དོན་མཁོ་སྤྲོད་ཀྱི་འགན་ཁུར་གསལ་བོ་བྱེད་པ། ནན་ཏན་སྒོས་འཚོལ་སྡུད་དང་དཔྱད་ཞིབ། ཡར་ཞུ།  བསྐྱར་བཅོས། བརྒྱུད་སྒྲོག་བཅས་ཀྱི་གོ་རིམ་ནན་ཏན་གྱིས་ལག་བསྟར་བྱས་ནས།  ཆ་འཕྲིན་སྤྱི་སྒྲོག་སྔོན་གྱི་གསང་རྒྱའི་ཞིབ་བཤེར་ལས་དོན་ལེགས་པོ་སྒྲུབ་ནས་གསང་བ་ཕྱི་ལ་ཤོར་བ་སྔོན་འགོག་བྱེད་དགོས།

བཅུ།   སྲིད་གཞུང་དྲ་བ་ཚད་ལྡན་མིན་ཚེ་འགན་ཁུར་པར་རྩད་གཅོད་བྱེད་དགོས།

དཔྱད་ཞིབ་ཚད་ལྡན་ཡིན་ཞིང་སྤྱི་ཚོགས་དཔྱད་བརྗོད་འབུར་དུ་ཐོན་པའི་སྲིད་གཞུང་དྲ་བར།  འབྲེལ་ཡོད་ལས་ཁུངས་དང་མི་སྣར་བསྔགས་བརྗོད་གནང་རྒྱུ་མ་ཟད།  སྔོན་ཐོན་ཉམས་མྱོང་ཁྱབ་བརྡལ་གཏོང་དགོས།   ཚད་ལྡན་མིན་པའི་རིགས་ལ་འབྲེལ་ཡོད་གཙོ་འགན་སྡེ་ཚན་དང་ལས་ཁུངས་ལ་དུས་ཚད་ནང་བཅོས་སྒྱུར་བྱ་དགོས་པའི་བླང་བྱ་འདོན་པ། བྱེ་བྲག་འགན་ཁུར་པ་དང་ལས་བྱེད་མི་སྣར་འགན་འཁྲི་རྩད་གཅོད་དང་སློབ་གསོ་གཏོང་དགོས་པ། ཆེད་ལས་སྡེ་ཚན་དང་། སྨྱན་སྦྱོར། མང་ཚོགས་ཟུང་འབྲེལ་གྱི་སྤྱི་ཚོགས་དཔྱད་ཞིབ་སྒྲིག་འཛུགས་འཐུས་ཚང་དུ་གཏོང་པ། སྲིད་གཞུང་དྲ་བས་སྤྱི་ཚོགས་དཔྱད་འཇོག་དང་ལྟ་སྐུལ་སྤེལ་བ། དཔྱད་འཇོག་གི་གོ་རིམ་དང་མཇུག་འབྲས་སྤྱི་ཚོགས་ལ་ཁྱབ་སྒྲོག་བྱེད་དགོས། (ཀྲུང་གོའི་བོད་ལྗོངས་དྲ་ཚིགས་ཟེར་བ་ལས་འདྲེན་བཀོད་བྱས།)

འབྲེལ་ཡོད་གསར་འགྱུར།

Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

ཆུ་ཚོད་ ༢ སྔོན་ལ།
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese