མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཇིགས་སྐུལ་པས་སློབ་མ་ ༡༣༢ བསད་འདུག

བོད་ཀྱི་དུས་བབ།
༢༠༡༤/༡༢/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་པ་ཀི་སི་ཐན་གྱི་དམག་མིའི་སློབ་གྲྭ་ཞིག་ནང་འཇིགས་སྐུལ་པ་འགས་འཇབ་རྒོལ་བྱས་ཏེ་སློབ་ཕྲུག་ ༡༣༢ དམར་གསོད་བཏང་ཡོད་འདུག  

ཁ་སང་ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠ ཡས་མས་ལ་པ་ཀི་སི་ཐན་ནང་རྟེན་གཞིས་བྱས་པའི་ཐ་ལི་བྷན་འཇིགས་སྐུལ་ཚོགས་པའི་ཚོགས་མི་དགུ་ཡིས་ལུས་སྟེང་དུ་འབར་རྫས་དང་ལག་ཏུ་མཚོན་ཆ་བཟུང་སྟེ་པ་ཀི་སི་ཐན་པེ་ཞཱ་ཝ་ (Peshawar) མངའ་སྡེའི་ནང་གི་སློབ་ཕྲུག་ ༡༡༠༠ ལྷག་ཡོད་པའི་དམག་མིའི་སློབ་གྲྭ་ཞིག་ལ་འཇབ་རྒོལ་བྱས་ཏེ། སློབ་ཕྲུག་ ༡༣༢ དང་ལས་བྱེད་ ༡༠། དམག་མི་ ༣ བཅས་ཁྱོན་མི་ ༡༤༥ དམར་གསོད་དང་། སློབ་ཕྲུག་ ༡༠༠ ལྷག་ལ་རྨས་སྐྱོན་འཚབ་ཆེན་བཟོས་ཡོད་འདུག་ལ། སྐབས་དེར་པ་ཀི་སི་ཐན་གྱི་བདེ་འཇགས་དམག་མི་དང་ཉེན་རྟོག་པས་ཆུ་ཚོད་བརྒྱད་རིང་འཇིགས་སྐུལ་བ་ཚོར་རྒོལ་ལན་བསླགས་མཐར་ཚང་མ་བསད་ཡོད་འདུག

དོན་རྐྱེན་བྱུང་རྗེས་ཀྱི་དགོང་མོ་དེར། པ་ཀི་སི་ཐན་གྱི་སྲིད་བློན་ནཱ་ཝ་ཤཱ་རེ་ཧྥི་ (Nawaz Sharif) ལགས་ས་གནས་ས་ཐོག་ཏུ་འབྱོར་ཏེ་འཇིགས་སྐུལ་པའི་བྱ་སྤྱོད་ལ་སྐྱོན་བརྗོད་དང་མི་མང་ལ་སེམས་གསོ་བྱས་ཏེ་སློབ་ཕྲུག་ཚོའི་ཆེད་དུ་པ་ཀི་སི་ཐན་རྒྱལ་ཡོངས་ཀྱིས་ཉིན་གསུམ་རིང་མྱ་ངན་བྱེད་དགོས་པའི་བཀའ་བཏང་ཡོད་པ་དང་། སྲིད་གཞུང་གི་ངོས་ནས་མུ་མཐུད་དུ་རྒྱལ་ཁབ་ནང་འཇིགས་སྐུལ་པ་རྩ་མེད་བཟོ་ཐབས་ལ་འབད་བརྩོན་བྱེད་རྒྱུ་ཡིན་པ། པ་ཀི་སི་ཐན་གཞུང་གིས་ངེས་པར་དུ་ཨབ་གྷན་གཞུང་ལ་འབྲེལ་བ་བྱས་ཏེ་དམར་གསོད་བྱས་པའི་བྱིས་པ་རེ་རེའི་ཁྲག་ཐིགས་ལ་དགྲ་ཤ་ལེན་ཐུབ་བྱ་རྒྱུ་ཡིན་ཚུལ་སོགས་བརྗོད་འདུག  

པ་ཀི་སི་ཐན་གྱི་དམག་སྤྱི་ཆེན་མོ་ར་ཧེལ་ (Raheel Sharif) གྱིས་བསྒྲགས་གཏམ་སྤེལ་ཏེ། འཇིགས་སྐུལ་པ་ཚོས་རྒྱལ་ཁབ་ཀྱི་བླ་སྲོག་ལ་འཇབ་རྒོལ་བྱས་ཡོད་སྟབས། ང་ཚོས་སྡུག་སེམས་ཅན་གྱི་འཇིགས་སྐུལ་པ་ཚོ་དང་མཐུན་སྦྱོར་ངན་འབྲེལ་བྱེད་མཁན་ཚོ་རྩ་མེད་གཏོང་བར་དྲག་ཤུགས་བེད་སྤྱོད་ཀྱིས་རྗེས་འདེད་བྱ་ངེས་ཡིན་ཞེས་བརྗོད་འདུག

སྲིད་འཛིན་ཨོ་བྷ་མས་ཨ་རིའི་ཕོ་བྲང་དཀར་པོའི་ནང་བསྒྲགས་གཏམ་སྤེལ་ཏེ། འཇིགས་སྐུལ་པས་དམར་གསོད་བྱས་པའི་སློབ་ཕྲུག་ཚོའི་ཕ་མ་སྤུན་མཆེད་ཚོར་གདུང་ཤུགས་དྲག་པོས་སེམས་གསོ་བྱེད་ཀྱིན་ཡོད་ལ། ཨ་རིའི་གཞུང་གིས་པ་ཀི་སི་ཐན་གྱིས་འཇིགས་སྐུལ་པ་ཚོར་ཁ་གཏད་གཅོག་པར་སྔར་ལྷག་རྒྱབ་སྐྱོར་བྱས་ཏེ། མངའ་ཁུལ་དེར་ཞི་བདེ་དང་བརྟན་བརླིང་ཡོང་ཐུབ་བྱ་རྒྱུ་ཡིན་ཞེས་བརྗོད་འདུག

གཞན། རྒྱ་གར་གྱི་སྲིད་བློན་མུ་དྷི་ཡིས་ཀྱང་འཇིགས་སྐུལ་པའི་དོན་རྐྱེན་དེས་ཁོ་རང་ཧང་སངས་བཅུག་ཡོད་སྟབས། ཨབ་གྷན་གྱི་ཐ་ལི་བྷན་ཚོགས་པ་ནས་ཁ་ཁ་ཆགས་པའི་པ་ཀི་སི་ཐན་གྱི་ཐ་ལི་བྷན་འཇིགས་སྐུལ་བ་ཚོར་ཁ་གཏད་གཅོག་པ་དང་། ཐེངས་འདིར་འཇིགས་སྐུལ་པས་ཁ་ཆེ་ཆོས་ལུགས་ཀྱི་རྩ་བའི་ལྟ་གྲུབ་ལ་ལོག་འགྲེལ་བྱས་ཏེ་སློབ་ཕྲུག་ཚོ་དམར་གསོད་བྱས་པ་ནི་ཀླ་ཀློའི་བྱེད་སྟངས་ཤིག་ཡིན་པར་སྐྱོན་བརྗོད་བྱས་ཡོད་འདུག

ད་ལོའི་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཐོབ་མཁན་པ་ཀི་སི་ཐན་གྱི་བུད་མེད་ཀྱི་ཤེས་ཡོན་ཐོབ་ཐང་རྩོད་ལེན་པ་མཱ་ལཱ་ལཱ་ (Malala Yousafzai)མཆོག་གིས་དབྱིན་ཡུལ་རྒྱལ་ས་ནས་དོན་རྐྱེན་འདིའི་ཐད་བསྒྲགས་གཏམ་སྤེལ་བའི་ནང་། གདུག་རྩུབ་དང་སྙིང་རྗེ་མེད་པའི་འཇིགས་སྐུལ་པ་ཚོས་སློབ་ཕྲུག་དམར་གསོད་བྱས་པའི་བྱ་སྤྱོད་ཀྱིས་ང་རང་ཧ་ཅང་སེམས་པ་སྐྱོ་རུ་བཅུག་སོང་ལ། འཛམ་གླིང་མི་མང་ཡོངས་ཀྱིས་འཇིགས་སྐུལ་དོན་རྐྱེན་ཁྲོད་ཤི་བའི་སློབ་ཕྲུག་ཚོར་མྱ་ངན་བྱེད་ཀྱིན་ཡོད་པ་དང་། ང་ཚོ་ནམ་ཡང་འཇིགས་སྐུལ་པའི་བྱ་སྤྱོད་ཀྱིས་ཕམ་མི་སྲིད་ཅེས་བརྗོད་ཡོད་པ་དང་། རྒྱ་གར་གྱི་བྱིས་པའི་ཐོབ་ཐང་ལས་འགུལ་བ་སྐུ་ཞབས་སཱ་ཊི་ཡཱར་ཐི་ (Kailash Satyarthi)མཆོག་གིས་ཀྱང་། གལ་སྲིད་འཇིགས་སྐུལ་པ་ཚོས་ངས་བཤད་པ་གོ་ཡི་ཡོད་ན། ང་རང་འཛིན་བཟུང་བྱས་ཏེ་གཏའ་མ་ཉར་བ་དང་ཐ་ན་ང་རང་གསོད་ཆོག གང་ཡིན་ཟེར་ན། ཁོ་ཚོ་ངའི་བྱིས་པ་ཡིན། ཐེངས་འདིར་འཇིགས་སྐུལ་པས་བྱིས་པ་དམར་གསོད་བྱས་པ་དེ་ནི་འགྲོ་བ་མིའི་ཆེས་མུན་ནག་གི་ཉིན་མོ་ཡིན་པར་བརྟེན། སྲིད་གཞུང་གིས་ངེས་པར་དུ་བྱིས་པ་ཚོ་འཚེ་བའི་ནང་ནས་སྲུང་སྐྱོབ་བྱེད་དགོས་ཞེས་བརྗོད་ཡོད་འདུག

འདིའི་ཐད་པ་ཀི་སི་ཐན་གྱི་ཐ་ལི་བྷན་འཇིགས་སྐུལ་ཚོགས་པའི་མགྲིན་ཚབ་པ་ཀོ་ར་སཱ་ནེ་ (Muhammad Khurasani)ཡིས་དམག་མིའི་སློབ་གྲྭ་དེའི་ནང་སློབ་ཕྲུག་ཚོར་དམག་མིར་ཞབས་འདེགས་ཞུ་དགོས་པའི་སློབ་སྦྱོང་སྤྲོད་ཀྱིན་ཡོད་སྟབས། འཇིགས་སྐུལ་ཚོགས་པས་འཇབ་རྒོལ་བྱས་པ་ཞིག་ཡིན་པ་དང་། ལྷག་པར་དུ་ཁ་ཆེ་ཆོས་ལུགས་ཀྱི་ལྟ་གྲུབ་ལ་དགག་པ་རྒྱག་མཁན་དགྲ་བོ་ཚོས་རང་ཉིད་ཀྱི་བུ་ཕྲུག་གསོད་པ་མཐོང་བཅུག་ནས་སེམས་པ་སྐྱོ་གདུང་བཟོས་དགོས་པ་དེ་ང་ཚོས་ཐག་གཅོད་བྱས་པ་ཞིག་ཡིན་ཞེས་བརྗོད་འདུག

ཐེངས་འདིའི་དོན་རྐྱེན་ཐད་ཨ་རི་དང་རྒྱ་གར། མཉམ་འབྲེལ་རྒྱལ་ཚོགས་དང་ཨ་ཧྥེ་རི་ཀའི་མཐུན་ཚོགས། ཡུ་རོབ་མཐུན་ཚོགས། འཛམ་གླིང་རྒྱལ་ཁབ་སོ་སོའི་སྲིད་འཛིན་དང་སྲིད་བློན་ཚོས་འཇིགས་སྐུལ་པའི་བྱ་སྤྱོད་ནི་ཆེས་ཀླ་ཀློ་དང་ཆེས་གདུག་རྩུབ་ཆེ་བའི་བྱ་སྤྱོད་ཅིག་ཡིན་པའི་སྐྱོན་བརྗོད་ཤུགས་ཆེན་བྱས་འདུག

ཉེ་ལམ་པ་ཀི་སི་ཐན་གྱི་དམག་སྤྱི་ཆེན་པོ་ཨ་རིའི་ནང་སྐོར་སྐྱོད་བྱས་ཏེ། ཨ་རིས་པ་ཀི་སི་ཐན་གྱི་དམག་དཔུང་ལ་མཚོན་ཆ་དང་དམག་ཐབས། རོགས་དངུལ་བཅས་ལ་རྒྱབ་སྐྱོར་བྱས་པའི་འོག པ་ཀི་སི་ཐན་གྱི་དམག་དཔུང་གིས་ཨབ་གྷན་དང་པ་ཀི་སི་ཐན་གྱི་ས་མཚམས་སུ་རྟེན་སྡོད་བྱེད་པའི་ཐ་ལི་བྷན་འཇིགས་སྐུལ་ཚོགས་པ་རྩ་མེད་བཟོ་སྟངས་སྐོར་ལ་གྲོས་མོལ་བྱས་ཡོད་པ་དང་། ལྷག་པར་དུ་ཨ་རིའི་མཁའ་དམག་གིས་པ་ཀི་སི་ཐན་གྱི་བྱང་ཝ་ཛེ་རེ་སི་ཐན་ (North Waziristan) ས་ཁུལ་ནང་ཡོད་པའི་འཇིགས་སྐུལ་པ་ཚོར་མཁའ་ཐོག་ནས་འཇབ་རྒོལ་བྱས་ཏེ་འཇིགས་སྐུལ་པ་མང་པོ་བསད་ཡོད་འདུག

དམག་དོན་དབྱེ་ཞིབ་པ་ཚོས། ཟླ་འགའི་གོང་པ་ཀི་སི་ཐན་གཞུང་གིས་ཐ་ལི་བྷན་འཇིགས་སྐུལ་ཚོགས་པ་མཉམ་དུ་ཞི་བའི་གྲོས་མོལ་ཐེངས་འགའ་བྱས་ཀྱང་གྲུབ་འབྲས་ཐོན་མེད་སྟབས། པ་ཀི་སི་ཐན་དམག་དཔུང་གིས་ཐ་ལི་བྷན་ཚོགས་པར་འཇབ་རྒོལ་ཡང་ཡང་བྱས་ཏེ་འཇིགས་སྐུལ་པ་ཚོ་བསད་བཟུང་བྱས་པར། འཇིགས་སྐུལ་པས་དགྲ་ཤ་ལེན་ཆེད་དམག་མིའི་སློབ་གྲྭར་འཇབ་རྒོལ་བྱས་པ་ཡིན་ཚུལ་རྗོད་བཞིན་ཡོད་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

ཆུ་ཚོད་ ༡༧ སྔོན་ལ།
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

ཆུ་ཚོད་ ༡༧ སྔོན་ལ།
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦

མཆན། 2

  1. ཤོག་ཁྲ་མ་ says:
    ལོ་ 12 སྔོན།

    མི་ཡི་ལུས་རྟེན་འཆང་ནས། བྱམས་དང་སྙིང་རྗེ་མེད་པའི།
    སྨྲ་ཤེས་དོན་གོའི་དུད་འགྲོ། གཅན་གཟིག་ཁང་ལ་ཞོགས་དང་།
    སྙིང་རྗེ་འདས་གྲོངས་སུ་ཕྱིན་པའི་བུ་ཕྲུག་གི་ཕ་མ་རྣམས། ངས་སྨོན་ལམ་འདེབས་ཆོག may their souls rest in peace and may almighty give a strength to the bereaved family, འདས་གྲོངས་སུ་ཕྱིན་པ་རྣམས་ཀྱི་རྣམ་ཤེས་རྣམས་བདེ་བར་གནས་པ་དང་། མྱངས་བའི་ནང་མི་རྣམས་མྱ་ངན་གྱི་དུས་འདིར་ཐུགས་རྗེས་གཟིགས་ཤིག
    པྰ་ཀིས་ཐན་གཞུང་གིས་པེ་ཤྰ་ཝར་གྱི་དོན་རྐྱེན་དེ་བྱུང་བ་ནས་བཟུང་དེ་སྔོན་དུས་འགྱངས་སུ་བཏང་བའི་སྲོག་ཐོག་གི་ཉེས་ཆད་དེ་ཕྱིར་བསྡུ་བྱས་ནས་འཇིགས་སྐུལ་མི་སྣ་གཉིས་ལ་སྲོག་ཐོག་དཔྱང་གསོད་བཏང་བ་དང་། པ་ཀིས་ཐན་དམག་མིས་ཨཕ་གྷ་ནིས་ཐྰན་ས་མཚམས་ཁུལ་དུ་དྲག་པའི་ལས་འགུལ་སྤེན་ནས་འཇིགས་སྐུལ་བ་༥༩ བསད་ཐུབ་པ་བརྗོད་འདུག རྒྱ་གར་ནང་ལའང་སློབ་གྲྭ་མང་ཆེ་བར་ཉེ་སྐོར་བརྙན་དཔར་འཛུགས་དགོས་པའི་བཀའ་རྒྱ་བཏང་བ་དང་། སློབ་ཕྲུག་གི་བདེ་འཇགས་མཐུན་རྐྱེན་ཐོག་སློབ་གྲྭ་ཚོས་དོ་སྣང་དམིགས་བསལ་དགོས་པའི་མངའ་སྡེ་དང་། དབུས་་གཞུང་གཉིས་ཀ་ཡིས་བཀའ་ཁྱབ་བཏང་ཡོད་པའི་གནས་ཚུལ་ཐོན་ཡོད་པ་ནི་སྣ་སུན་རྐྱེན་ངན་མཚོ་ཆེན་ལ་བཟང་ཕྱོགས་ཕྱིས་པའི་ར་སྐོར་ནང་བཞིན་བྱུང་འདུག

    Reply
  2. གཅན་བཟོད་རྒྱམ། says:
    ལོ་ 12 སྔོན།

    གསར་འགྱུར་ཡག་པོ་བྲིས་འདུག་པས་བཀའ་དྲིན་ཆེ་ཞུ། དྲག་སྤྱོད་པས་དམར་བསད་དོན་རྐྱེན་སྐོར་གྱི་གསར་འགྱུར་འདི་ལ་སྒུག་བསྡད་པ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese