མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པེ་ཅིན་གྱི་དགེ་ལུཊ་པའི་དགོན་པ་གཉིས་སྤྲོ་སྐྱིད་ཁང་དུ་བསྒྱུར།

བོད་ཀྱི་དུས་བབ།
༢༠༡༤/༡༢/༢༠
Share on FacebookShare on TwitterShare on EmailShare on Whatsapp

པེ་ཅིན་དུ་ཡོད་པའི་ལྕང་སྐྱ་སྐུ་ཕྲེང་རིམ་བྱོན་གྱི་བཞུགས་གནས་དགེ་ལུགས་པའི་དགོན་པ་གཉིས་ཤར་ནུབ་ལུགས་ཀྱི་རྒྱས་སྤྲོས་ཆེ་བའི་སྤྲོ་སྐྱིད་ཁང་ཞིག་ཏུ་བསྒྱུར་ཏེ། དེང་སྐབས་རྒྱ་རིགས་རྒྱུ་འབྱོར་ཅན་ཚོས་ཐུགས་སྤྲོ་དང་བག་མེད་སྤྲོ་གཡེང་བྱེད་ཡུལ་ཞིག་ཆགས་ཡོད་འདུག

པེ་ཅིན་གྲོང་ཁྱེར་གྱི་གནའ་བོའི་མཁར་གྲོང་གི་ཉེ་འཁྲིས་སུ་ཡོད་པའི་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་དགོན་པ་སོང་ཀྲུའུ་དགོན་དང་ཀྲི་ཀྲུའུ་དགོན་གཉིས་སུ། ཕྱི་ལོ་ ༢༠༡༡ ཙམ་ནས་བཟུང་ཚོང་ལས་འདྲ་མིན་གཉེར་གྱི་ཡོད་པའི་གནས་ཚུལ་རིམ་པར་ཐོན་ཀྱང་། རྒྱ་ནག་རིག་དངོས་སྲུང་སྐྱོབ་ཁང་དང་པེ་ཅིན་ནང་བསྟན་མཐུན་ཚོགས་སོགས་ཀྱིས་གསང་རྒྱ་དམ་པོ་བྱས་ཏེ་ད་ལྟའི་བར་གནས་ཚུལ་ཁ་གསལ་བྱུང་མེད་ཀྱང་། ཉེ་སྔོན་རྒྱ་ནག་ཞིན་ཧྭ་གསར་ཁང་གི་གསར་འགོད་པ་ཞིག་གིས་ཆེད་དུ་ཞིབ་འཇུག་བྱས་ཏེ་ཤེས་རྟོགས་བྱུང་བ་ལྟར་ན། ཕྱི་ལོ་ ༢༠༡༡ ཙམ་ནས་བཟུང་སོང་ཀྲུའུ་དགོན་རིག་གནས་འགན་ལེན་ཚད་ཡོད་ཚོང་གཉེར་ཁང་ཟེར་བ་སོགས་ཁེ་ལས་ཁང་འགའི་བདག་གཉེར་འོག དགོན་པ་དེ་གཉིས་ཀྱི་ནང་དུ་རྒྱས་སྤྲོས་ཆེ་བའི་ཤར་ནུབ་ལུགས་ཀྱི་ཟས་རིགས་ལ་ རོལ་བའི་གསོལ་སྟོན་ཁང་དང་། མགྲོན་ཁང་། དེ་བཞིན་དབང་འབྱོར་ལྡན་པའི་མཐོ་རིམ་མི་སྣ་རེ་འགས་སྤོས་མཆོད་ས་དང་འབྲུག་མགོ་ཅན་གྱི་གསེར་ཁྲིར་བསྡད་དེ་དཔོན་ཉམས་སྟོན་ས་དང་། གླུ་གར་ལ་རོལ་ས་སོགས་ཚོང་ལས་རིགས་འདྲ་མིན་གཉེར་གྱི་ཡོད་འདུག

དགོན་པའི་སྤྲོ་སྐྱིད་ཁང་དུ་ལས་ཀ་བྱེད་མཁན་ཞིག་གིས། འབྲུག་མགོ་ཅན་གྱི་གསེར་ཁྲི་དེ་མགྲོན་པོ་ཚོས་ཟས་ལ་རོལ་བཞིན་འདྲ་པར་རྒྱག་ས་བྱེད་ཀྱི་ཡོད་པ་དང་། སྤྲོ་སྐྱིད་ཁང་དུ་ཡོང་བའི་མགོ་ཁྲིད་མང་པོ་ཟློས་གར་ལ་ལྟ་ཉན་བྱེད་པར་དགའ་བོ་ཡོད་པས་ཟློས་གར་སྟེགས་བུ་ཞིག་ཀྱང་ཆེད་དུ་བཟོས་ཡོད་ལ། མགྲོན་པོ་གཅིག་གི་དགོང་ཟས་ལ་རིན་གོང་ཆེས་དམའ་ཤོས་རྒྱ་སྒོར་ ༨༠༠ ནས་ ༢༠༠༠ བར་ཡིན་པ་དང་། དེ་བཞིན། ཀྲི་ཀྲུའུ་དགོན་གྱི་ལྷོ་ནུབ་ར་བའི་ནང་ཚད་མཐོའི་ནུབ་གླིང་ལུགས་ཀྱི་གསོལ་སྟོན་ཁང་ཞིག་ཡོད་པ་དང་། དེའི་ནང་གི་མགྲོན་ཁང་རེ་རེར་ནུབ་རེར་རྒྱ་སྒོར་ ༢༠༠༠ ཡིན་སྐོར་བརྗོད་ཡོད་པ་རེད།

དགོན་པ་དེ་གཉིས་པེ་ཅིན་ནང་བསྟན་མཐུན་ཚོགས་ཀྱིས་དོ་དམ་འོག་ཡོད་སྟབས། གསར་འགོད་པས་པེ་ཅིན་ནང་བསྟན་མཐུན་ཚོགས་དང་ཆོས་ལུགས་ལས་དོན་ཁང་གི་འབྲེལ་ཡོད་ལས་བྱེད་པར་གནས་ཚུལ་དེའི་སྐོར་བཅར་འདྲི་བྱེད་སྐབས། དེ་སྔོན་དགོན་པ་དེ་གཉིས་ཀྱི་ནང་རྟོག་ཞིབ་བྱེད་དུ་ཕྱིན་ཡོད་ཀྱང་། སོང་ཀྲུའུ་དགོན་གྱི་ལས་བྱེད་པས་ཕྱི་ཕྱོགས་ལ་ཚོང་ལས་གཉེར་གྱི་མེད་ལབ་སོང་ཞེས་བརྗོད་འདུག༄༅ ཤིན་ཧྭ་གསར་ཁང་གི་གསར་འགོད་པ་ཉིན་ཞིག་གནས་ཚུལ་རྒྱུས་ལོན་བྱེད་དུ་དགོན་པར་ཕྱིན་ཡོད་ཀྱང་། སྒེའུ་ཁུང་ནས་རྒྱས་སྤྲོས་ཆེ་བའི་གསོལ་སྟོན་ཁང་མཐོང་བ་མ་གཏོགས་མགྲོན་པོ་འགྲོ་འོང་བྱེད་པ་མཐོང་རྒྱུ་མེད་པ་མ་ཟད། གསར་འགོད་པ་ནང་དུ་འགྲོ་རྩིས་ཀྱིས་སྒོ་བརྡུང་ཡང་ཕྱེ་མཁན་མེད་པ་དང་། ཁ་པར་བཏང་ཡང་མགྱོག་མཁན་མ་བྱུང་། ཡིན་ནའང་ཉེ་འཁྲིས་ཀྱི་ཡུལ་མི་ཚོས་དགོན་པ་དེ་གཉིས་ཕྱི་དྲོའི་ཆུ་ཚོད་ ༥ པ་ཙམ་ནས་སྒོ་ཕྱེས་ཏེ། མཚན་གུང་ཆུ་ཚོད་ ༡༢ ཡོལ་རྗེས་གཞི་ནས་སྒོ་རྒྱག་གི་ཡོད་པ་དང་། མི་ཚོགས་ཀྱི་འུར་ཟིང་གིས་ཉེ་འཁྲིས་ཀྱི་སྡོད་མང་ཚོར་སུན་སྣང་ཆེན་པོ་བཟོ་བཞིན་ཡོད་སྐོར་བརྗོད་འདུག

སོང་ཀྲུའུ་དགོན་རིག་གནས་འགན་ལེན་ཚོང་གཉེར་ཁང་ཟེར་བའི་བཟོ་ཚོང་དེབ་སྐྱེལ་ཐོ་གཞུང་ནང་། ཚོང་གཉེར་ཁང་དེ་ཕྱི་ལོ་ ༢༠༠༥ ཟླ་ ༦ པའི་ནང་གསར་དུ་བཙུགས་ཤིང་། ད་ལྟའི་ཆར་མ་དངུལ་རྒྱ་སྒོར་ཁྲི་ ༡༠༠ ཡོད་པ་དང་། ཚོང་ལས་ཀྱི་ཁྱབ་ཁོངས་སུ་རྒྱ་ཟས་དང་ཆང་སོགས་བཟའ་བཏུང་རིགས་དང་། བཟོ་རྩལ་ཐོན་རྫས་རིགས་ཀྱི་ཚོང་ལས་གཉེར་གྱི་ཡོད་པ་མ་ཟད། མགྲོན་པོའི་བདེ་ཐང་ཞབས་ཞུ་དང་རིག་གནས་བརྗེ་རེས་ཀྱི་བྱེད་སྒོ་སོགས་སྤེལ་གྱི་ཡོད་སྐོར་བཀོད་འདུག

ཕྱི་ལོ་ ༢༠༠༧ ལོར་ལོ་རྒྱུས་ཀྱི་འཛུགས་སྐྲུན་སྲུང་སྐྱོབ་དང་བསྐྱར་སྐྲུན་གནད་དོན་ཐག་གཅོད་ཆེད། པེ་ཅིན་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་དང་དགོན་དེ་བདག་ཏུ་བཟུང་བའི་ཁེ་ལས་པའི་བར་སུས་བསྐྱར་སྐྲུན་བྱས་པ་ཡིན་ན་དེ་ལ་ཁེ་ཕན་ཡོང་བའི་སྲིད་བྱུས་འོག ཁེ་ལས་ཁང་ཁ་ཤས་ལ་བོགས་གཏོང་གི་གྲོས་ཆོད་བཞག་སྟེ། དགོན་པ་དེ་གཉིས་ཀྱི་ཚོང་གཉེར་བདག་དབང་ཡང་སྲུང་སྐྱོབ་རང་བཞིན་གྱིས་བེད་སྤྱོད་བྱེད་པའི་མིང་ཐོག་ནས་བོགས་མར་བཏང་ཡོད་འདུག ཡིན་ནའང་། སོང་ཀྲུའུ་དགོན་རིག་གནས་འགན་ལེན་ཚད་ཡོད་ཚོང་གཉེར་ཁང་ཟེར་བ་དང་ཁེ་ལས་ཁང་གཞན་ཁག་ཅིག་གིས་སྤྱི་པའི་ཐོན་ཁུངས་བེད་སྤྱད་དེ་ལོ་རྒྱུས་ཡུན་རིང་ལྡན་པའི་བཟོ་བཀོད་རྣམས་མེད་པར་བཏང་ནས་མཆོད་མཇལ་བ་རྣམས་ནང་དུ་འཛུལ་བར་བཀག་འགོག་བྱས་ཏེ། སྒེར་དབང་རིང་ལུགས་ཀྱི་གསོལ་སྟོན་ཁང་དང་མགྲོན་ཁང་། ཚོགས་ཁང་སོགས་བརྒྱབ་ནས་ཚོང་ལས་གཉེར་བའི་བྱ་འགུལ་སྤེལ་བཞིན་ཡོད་འདུག

ཕྱི་ལོ་ ༢༠༡༡ ལོར་ཀྲི་ཀྲུའུ་དགོན་དུ་པེ་ཅིན་ལྷ་ཁང་གསོལ་སྟོན་ཁང་ཞེས་པ་གསར་རྒྱག་བྱས་ཏེ། རྒྱུན་དུ་ཁེ་ལས་མི་སྣ་མང་པོ་འགྲོ་འོང་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་ཏེ་མི་མང་པོས་དོ་སྣང་བྱུང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༣ ཟླ་ ༡ ནང་རྒྱ་ནག་དཔལ་འབྱོར་རླུང་འཕྲིན་ཁང་གིས། ཁེ་ལས་ཁང་འགའ་རེས་རིག་དངོས་འཛུགས་སྐྲུན་གྱི་མིང་དང་ཁོར་ཡུག་བེད་སྤྱད་དེ་སྒེར་གྱི་ཚོང་ལས་གཉེར་གྱི་ཡོད་པ་དང་། པེ་ཅིན་གྲོང་ཁྱེར་རིམ་པའི་རིག་དངོས་སྲུང་སྐྱོབ་ཁང་སོང་ཀྲུའུ་དགོན་དང་ཀྲི་ཀྲུའུ་དགོན་གཉིས་ཤར་ནུབ་ལུགས་ཀྱི་རྒྱས་སྤྲོས་ཆེ་བའི་ཟ་ཁང་དུ་བསྒྱུར་ཡོད་སྐོར་ཕྱིར་བསྒྲགས་བྱས་ཏེ། སྤྱི་ཚོགས་ཁྲོད་ལབ་གླེང་མང་པོ་བྱུང་ཡོད་པ་རེད། སྐབས་དེར་པེ་ཅིན་གྲོང་ཁྱེར་རིག་དངོས་སྲུང་སྐྱོབ་ཁང་གིས། ཁོང་ཚོས་ཞིབ་འཇུག་བྱས་པ་བརྒྱུད་དགོན་པ་དེ་གཉིས་ཀྱི་ནང་བཟའ་བཏུང་བྱེད་ས་ཡོད་པ་བདེན་པ་ཡིན་ཡང་མེ་བེད་སྤྱོད་གཏོང་གི་མེད་ལུགས་བརྗོད་ཡོད་པ་དང་། བྱ་སྤྱོད་དེ་ཁྲིམས་འགལ་ཡིན་མིན་དོགས་འདྲི་བྱས་པར་ད་ལྟའི་བར་ལན་འདེབས་གང་ཡང་བྱས་མི་འདུག འདི་ལོའི་ཕྱི་ཟླ་ ༧ ནང་པེ་ཅིན་གྲོང་ཁྱེར་ཡན་ལིན་ཅི་ཅན་བཟོ་སྐྲུན་ཚད་ཡོད་ཚོང་གཉེར་ཁང་ཟེར་བ་དེས། སོང་ཀྲུའུ་དགོན་ནང་ལོགས་ཀྱི་རྩིག་རྙིང་དང་སྒེའུ་ཁུང་ཚང་མ་གཏོར་ཏེ། བསྟན་བཅོས་ཁང་དུ་ཟས་སྣ་གཡོ་སྦྱོར་བྱས་ཏེ་ཐབ་ཚང་བྱེད་ཀྱི་ཡོད་པའི་གནས་ཚུལ་སྤྱི་ཚོགས་ཐོག་ཁྱབ་སྐབས། བཟོ་སྐྲུན་ཁང་དེས་གྲོང་ཁྱེར་རིག་དངོས་སྲུང་སྐྱོབ་ཁང་གི་ཆོག་མཆན་ཡོད་ལ་དགོན་པ་ཞིག་གསོ་བྱེད་བཞིན་ཡོད་སྐོར་བརྗོད་ཡོད་པ་རེད།

དགོན་པ་དེ་གཉིས་ཀྱི་ལོ་རྒྱུས་ནང་བཀོད་པ་ལྟར་ན། ཆིན་རྒྱལ་རབས་ཀྱི་དུས་མགོར་སོག་པོས་ཤར་ཕྱོགས་སུ་དཔུང་འཇུག་ཐེངས་མང་བྱས་པར་བརྟེན། ཆིན་སྲིད་གཞུང་གིས་ཁྱིམ་མཚེས་རྒྱལ་ཁབ་སོག་པོ་དང་བོད་གཉིས་ལ་མཐུན་འགྲིག་ཡོང་ཆེད། བོད་བརྒྱུད་ནང་བསྟན་གྱི་དགོན་པ་མང་པོ་གསར་དུ་ཕྱག་བཏབ་ནས་བོད་བརྒྱུད་ནང་པའི་བསྟན་པ་དར་སྤེལ་བཏང་ཡོད་པ་ལྟར། གོང་མ་ཁང་ཞི་ཁྲི་ལོ་ ༤༠ སྟེ་ཕྱི་ལོ་ ༡༧༠༡ ལོར་སོག་པོའི་ཏོ་ལིན་ནོར་མནའ་མཐུན་ཆིང་ཡིག་བཞག་རྗེས། གོང་མ་ཁང་ཞི་ཡིས་ལྕང་སྐྱ་སྐུ་ཕྲེང་གཉིས་པ་ངག་དབང་བློ་བཟང་ཆོས་ལྡན་མཆོག་ལ་ཊོ་ལིན་ནོར་ཏྲ་སཱ་ཁེ་ཏཱ་བླ་མ་(多伦诺尔扎萨克达喇嘛)ཞེས་པའི་མཚན་གནས་ཕུལ་བ་མ་ཟད། ཁང་ཞི་ཁྲི་ལོ་ ༤༥ ཕྱི་ལོ་ ༡༧༠༦ ལོར་ངག་དབང་བློ་བཟང་ཆོས་ལྡན་མཆོག་དབུ་བླ་རུ་བསྐོས་ཏེ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་དབུ་ཁྲིད་ཀྱི་ཐུགས་འགན་བཞེས་སུ་བཅུག་པ་དང་། ཕྱི་ལོ་ ༡༧༡༡ ལོར་གོང་མ་ཁང་ཞི་ཡིས་ཁོང་ལ་དགོན་པ་ཞིག་གསར་བཞེངས་མཛད་དེ་ཕུལ་བའི་ཐུགས་གཏན་འཁེལ་ཏེ། ཕྱི་ལོ་ ༡༧༡༢ ལོར་སོང་ཀྲུའུ་དགོན་པ་དངོས་སུ་བཞེངས་མགོ་བརྩམས་ཡོད་པ་དང་། ཕྱིས་སུ་དགོན་པ་དེ་ལྕང་སྐྱ་ངག་དབང་བློ་བཟང་ཆོས་ལྡན་མཆོག་ནས་བཟུང་ལྕང་སྐྱ་སྐུ་ཕྲེང་རིམ་བྱོན་གྱི་བཞུགས་གནས་སུ་གྱུར་ཞིང་། ཆིན་གོང་མས་གསེར་དངུལ་ཟངས་གསུམ་གྱི་ལྷ་སྐུ་དང་གསེར་གྱི་ཕོར་བ། མུ་ཏིག གཡང་ཊི། དར་ཟབ་སོགས་རིན་པོ་ཆེའི་རིགས་མང་པོ་ཡོན་ཏུ་ཕུལ་ཏེ་ཕྱི་ནང་གི་བཀོད་པ་རབ་ཏུ་རྒྱས་པར་མཛད་ཡོད་པ་མ་ཟད། བཀའ་བསྟན་བཅོས་དཔར་སྐྲུན་གྱི་ལྟེ་གནས་ཆེ་ཤོས་ཤིག་ཏུ་གྱུར་ཡོད་ཀྱང་། ཕྱི་ལོ་ ༡༩༠༠ ལོར་རྒྱལ་ཁབ་ ༨ གྱི་མཉམ་འབྲེལ་དམག་དཔུང་གིས་པེ་ཅིན་མཁར་དུ་ཡོངས་ཁྱབ་འཕྲོག་བཅོམ་བྱེད་སྐབས། དགོན་པ་དེའི་རྒྱུ་དངོས་མང་པོ་བཙན་འཁྱེར་བྱས་ཏེ་གྱོང་གུད་ཚབས་ཆེན་ཐེབས་ཡོད་འདུག

ཕྱི་ལོ་ ༡༩༥༠ ལོར་ནང་པའི་དགོན་པ་དེའི་ཆོས་ལུགས་ཀྱི་བྱེད་སྒོ་ཁག་མེད་པར་བཟོས་ཏེ་བཟོ་གྲྭ་དང་སློབ་གྲྭ་སོགས་ཀྱི་ལྟེ་གནས་སུ་གྱུར་ཏེ་ཡུན་རིང་ཕྱིན་ཡོད་པ་དང་། ཕྱི་ལོ་ ༡༩༨༤ ཟླ་ ༥ ཚེས་ ༢༤ ཉིན་སོང་ཀྲུའུ་དགོན་དང་། དགོན་དེའི་ནུབ་ཕྱོགས་སུ་ཆགས་ཤིང་གོང་མ་ཆན་ལུང་གིས་ཕྱི་ལོ་ ༡༧༦༡ ལོ་ཙམ་ལ་ཕྱག་བཏབ་པའི་ཀྲི་ཀྲུའུ་དགོན་གཉིས། པེ་ཅིན་མཁར་གྱི་རིག་དངོས་སྲུང་སྐྱོབ་ཁང་དུ་གཏན་འབེབས་ཁྱབ་བསྒྲགས་བྱས་ཏེ། ཁེ་ལས་ཁང་ཁག་ཅིག་གིས་སྔ་རྗེས་སུ་ཞིག་གསོ་ཐེངས་འགའ་བྱས་ཏེ་ཚོང་ལས་གཉེར་མགོ་བརྩམས་ཡོད་འདུག གཞན་ཡང་། སུང་ཀྲུའུ་དགོན་གྱི་ཤར་ཕྱོགས་སུ་ཧྥ་ཡཱན་དགོན་ཟེར་བའི་དགེ་ལུགས་ཀྱི་དགོན་པ་ཞིག་ཡོད་པ་དང་། དེ་ནི་ཕྱི་ལོ་ ༡༧༣༤ ལོར་གོང་མ་ཡོང་ཀྲིན་གྱིས་ཕྱག་བཏབ་ཅིང་། ལྕང་སྐྱ་སྐུ་ཕྲེང་རིམ་པ་དང་རྗེ་ཙོང་ཁ་པ་ཆེན་པོའི་དངོས་སློབ་བྱམས་ཆེན་ཆོས་ རྗེ་ཡིས་དགོན་དེར་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་རླབས་མྱོང་ཡང་། ད་སྐབས་ཤུལ་མེད་དུ་གྱུར་ནས་གནས་དེར་རྒྱ་ནག་གཞུང་གི་ཆེད་གཉེར་དངུལ་ཁང་ཆེན་པོ་ཞིག་བརྒྱབ་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༡༠ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༡༠ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༡༡ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༡༦ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

མཆན། 3

  1. རྟོགས་སད་པ། says:
    ལོ་ 9 སྔོན།

    གཞང་ཁང་བཟོས་བཞག་ན་ཏག་ཏག་རེད། ཡོང་གོ་མེད་པར་འགྲོ་སོང་ཆེ་བའི་དགོན་རྫུན་ཡོད་ཚད་མི་དམངས་དང་རཉགཉཡལ་
    ཁབ་ཀྱི་ཁེ་ཕན་ཆེད་སྒོ་བརྒྱབ་ན་འགྲིག་པ་ཞིག་རེད།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    ་་་་་་་་་་་ མགྲོན་པོ་གཅིག་གི་དགོང་ཟས་ལ་རིན་གོང་ཆེས་དམའ་ཤོས་རྒྱ་སྒོར་ ༨༠༠ ནས་ ༢༠༠༠ བར་ཡིན་པ་དང་། དེ་བཞིན། ཀྲི་ཀྲུའུ་དགོན་གྱི་ལྷོ་ནུབ་ར་བའི་ནང་ཚད་མཐོའི་ནུབ་གླིང་ལུགས་ཀྱི་གསོལ་སྟོན་ཁང་ཞིག་ཡོད་པ་དང་། དེའི་ནང་གི་མགྲོན་ཁང་རེ་རེར་ནུབ་རེར་རྒྱ་སྒོར་ ༢༠༠༠ ཡིན་སྐོར་བརྗོད་ཡོད་པ་རེད། ་་་་་་་་་་་་་་་་་

    Reply
  3. གནས་ཚང་། says:
    ལོ་ 11 སྔོན།

    ཚང་མ་ལོས་མཁྱེན་དགོས་པ་ནི་དགེ་ལུགས་པ་ནི་མན་ཇུའི་གོང་བཀུར་བྱས་ཡོད་པ་ལས་རྒྱ་ནག་གིས་དེ་ལྟར་བྱེད་དགོས་ཆགས་མེད་པའི་ཁར། རྒྱ་རིགས་མང་ཚོགས་ཀྱིས་སྔར་དབང་བསྒྱུར་བྱེད་པའི་བསམ་བློ་ཡིན་ཞེས་དམོད་ཀྱང་སྲིད། ཡིན་ནའང་། དེང་སྐབས་དཔལ་ལྡན་རྙིང་མ་བས་ཚབ་བྱེད་ཐུབ་ཡོད་པས་ཡིད་སྐྱོ་དགོས་དོན་མེད་པའི་ཁར། དཔུང་བ་མཉམ་འདེགས་ཅིས་བྱེད་མི་ཆོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese