བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུའི་སྟེང་། རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་འགྱུར་འགྲོས་དང་། བོད་མིའི་རང་སྲེག་ཐོག་བགྲོ་གླེང་གནང་ཡོད་ཟེར།
བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༢༧ པ་དེ་ཁ་སང་དང་ཁི་ཉིན་གཉིས་རིང་། དྷ་རམ་ས་ལའི་(Asian health Resort)ཞེས་པའི་རྒྱ་གར་གསོལ་མགྲོན་ཁང་ཞིག་ཏུ་ཚོགས་པ་མཇུག་བསྒྲིལ་ཡོད་འདུག
ཚོགས་འདུ་མཇུག་བསྡོམས་གསལ་བསྒྲགས་ནང་འཁོར་པར། ཐེངས་འདིའི་བོད་རྒྱ་ཞི་མོལ་ལྷན་ཚོགས་ཐོག་རྒྱ་ནག་ནང་ཆབ་སྲིད་ཀྱི་འགྱུར་འགྲོས་དང་། བོད་རྒྱ་གཉིས་ཀྱི་གནས་སྟངས་ལ་གཞིགས་ཏེ་འབྱུང་འགྱུར་རྒྱ་ནག་གི་མགོ་ཁྲིད་དང་ལྷན་འབྲེལ་མོལ་བསྐྱར་གསོའི་གནད་དོན། རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་སྐོར། དེ་བཞིན་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་གྱིས་ད་བར་བོད་མི་ ༡༣༥ ནས་རང་ལུས་མེར་བསྲེགས་བཏང་བའི་ཛ་དྲག་གི་གནས་སྟངས་སོགས་ཀྱི་གནད་དོན་ཐོག་བགྲོ་གླེང་ལྷུག་པོ་གནང་ཡོད་འདུག
དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལྷན་ཚོགས་ཐོག་དབུ་བཞུགས་ཀྱིས་ཉིན་གཉིས་རིང་གི་བཞུགས་མོལ་ཚོགས་འདུའི་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་ཀྱི་གནད་དོན་དེ་༸གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་སྐུ་ཚབ་དབར་ཞི་བའི་གྲོས་མོལ་གྱི་ལམ་ནས་གསལ་ཐབས་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་སྐོར་ནན་བརྗོད་གནང་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ངོས་ནས་འཚེ་མེད་ཞི་བ་དང་དབུ་མའི་ལམ་གྱི་སྲིད་བྱུས་ནི་བོད་ཀྱི་དཀའ་རྙོག་སེལ་རྒྱུའི་ཐབས་ལམ་ཁོ་ན་དེ་ཡིན་པ་གསུངས་འདུག
བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་འདི་བཞིན་གསར་འཛུགས་གནང་དགོས་དོན་ནི། འཚེ་མེད་ཞི་བ་དང་གྲོས་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་དེ་བཞིན་བོད་རྒྱ་མི་རིགས་ཕྱོགས་གཉིས་ཀྱི་མོས་མཐུན་ཐོག་ནས་གསལ་ཐབས་ཀྱི་ཐབས་ལམ་འཚོལ་རྒྱུའི་སྲིད་བྱུས་ཐོག་རོགས་ཕན་ཡོང་ཆེད་ཡིན་འདུག ཞེས་སོགས་འཁོད་འདུག
་་་་་་་་ བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་འདི་བཞིན་གསར་འཛུགས་གནང་དགོས་དོན་ནི། འཚེ་མེད་ཞི་བ་དང་གྲོས་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་དེ་བཞིན་བོད་རྒྱ་མི་རིགས་ཕྱོགས་གཉིས་ཀྱི་མོས་མཐུན་ཐོག་ནས་གསལ་ཐབས་ཀྱི་ཐབས་ལམ་འཚོལ་རྒྱུའི་སྲིད་བྱུས་ཐོག་རོགས་ཕན་ཡོང་ཆེད་ཡིན་འདུག ་་་་་་་་་་་་་
ང་ཚོའི་གྲོལ་མོལ་དང་ཚོགས་འདུ་ལ་གྲུབ་འབྲས་མེད་པར་འགྲོ་སོང་མང་པོ་ཞིག་ཡོད་པ་འདྲ། གང་ལྟར་ཚོགས་འདུ་འཚོགས་པ་ཡག་པོ་རེད་་འོན་ཀྱང་འཚོགས་ཁང་ངེས་པར་དུ་མགྲོན་ཁང་རྫིག་པོ་དང་ཟ་ཁང་ཆེན་པོ་ཞིག་ཡིན་དགོས་དོན་ཨེ་ཡོད་དམ་་་་ཚོགས་འདུ་འཚོགས་ས་ཞིག་གངས་སྐྱིད་ལའང་ཡོད་རྒྱུ་རེད་་་་་་དམིགས་ཡུལ་གཞན་པ་ཞིག་ཡོད་ན་གསོལ་མགྲོན་ཁང་རྫིག་པོ་རྐྱང་རྐྱང་ལ་ལྷོད་ཀྱིས་ཕེབས་རོགས
རྡ་སའི་རི་སྒང་དེར་ཚོགས་འདུ་གང་ཞིག་ཚོགས་རུང་དབུ་མ་ཟེར་བའི་ཆོས་ཚིག་དེ་མ་སྦྱར་བའི་ཡི་གེ་དང་། མ་གླེང་པའི་སྐད་ཆ་ག་ནས་ཡོད། ཡིན་ད་ཡིན་མུ་མཐུད་དབུ་མར་ཕེབས་རོགས། མི་རབས་ནས་མི་རབས་དབུ་མའི་ཆེད་དུ་བྱས་ཡོད་ལ། མི་རིགས
དང་རྒྱལ་ཁབ་དབུ་མར་བརྗེ་མྱོང་། ད་དུང་ཤི་རུང་གསོན་རུང་དབུ་མ་ནི་ངེས་པར་དུ་གླེང་དགོས། དབུ་མ་ནི་ང་ཚོ་བཙན་བྱོལ་པའི་ཕོར་བ་ཡིན་ལ། དབུ་མ་ནི་ང་ཚོ་བཙན་བྱོལ་པའི་འཚོ་ཐབས་ངོ་མ་དེ་ཆགས་ཡོད།
ཡང་སྐྱར་རྒྱ་གར་བའི་ལག་ཏུ་དངུལ་དམར་ཕོན་ཆེན་ཤོར་འདུག
མགྲོན་ཁང་རྫིག་པོ་དེ་ཚོའི་ནང་ཚོགས་དགོས་པའི་དམིགས་ཡུལ་དང་དགོས་པ་རྒྱུ་མཚན་གང་ཞིག་ཡོད་མིན་ད་དུང་ཡང་ཆ་མི་འཚལ།
རྒྱས་སྤྲས་ཆེ་བའི་འདུ་འཛོམས་བྱས་ཤིང་རྒྱ་གར་མགྲོན་བདག་ལ་དངུལ་མང་ཙམ་ཕུལ་བ་ནི་ཚོགས་འདུ་འདིའི་གྲུབ་འབྲས་སུ་བཤད་ཆོག་པར་སྣང་། གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་སྐུ་ཚབ་པར་གྲོས་མོལ་ཡོང་བའི་ནན་བརྗོད་སུ་ལ་ཞུས་ཡོད་པ་རེད་དམ། ངོ་མ་རི་བོང་རྡོ་བརྫུ་ཡི་སྣང་བརྙན་འདི་རིགས་ནི་དགོད་བྲོ་བོ་ཞིག་རེད་འདོད།