མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་གི་འབོད་སྒྲ་ང་ཚོས་རྒྱལ་སྤྱིའི་ཐོག་བསྐྱེལ་དགོས།

བོད་ཀྱི་དུས་བབ།
༢༠༡༥/༠༡/༡༢
Share on FacebookShare on TwitterShare on EmailShare on Whatsapp

གཟའ་སྤེན་པའི་ཉིན་སུད་སིའི་ནང་རྟེན་གཞི་བྱས་པའི་བོད་ཀྱི་མི་རབས་གསར་པའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག སུད་སིའི་གྲོང་ཁྱེར་ཛུ་རིག་མེ་འཁོར་འབབ་ཚིགས་ཀྱི་ཉེ་འཁོར་ནས་རྒྱ་ནག་གཞུང་ཚབ་མདུན་བར་རྔམ་སྟོན་ཁྲོམ་སྐོར་ལས་འགུལ་ཞིག་སྤེལ་ཡོད་ཅིང་། ལས་འགུལ་དེའི་ནང་སུད་སིའི་མི་མང་གི་ཚོགས་གཞོན་བསམ་པ་དོན་གྲུབ་གཙོས་ཚོགས་སྡེ་ཁག་གི་སྐུ་ཞབ་དང་། མི་མང་ ༢༠༠ མ་ཟིན་ཙམ་མཉམ་ཞུགས་གནང་ཡོད་འདུག

ལས་འགུལ་འདིའི་དམིགས་ཡུལ་གཙོ་བོ་ཉེ་ལམ་ཉེ་ལམ་བོད་ཨ་མདོ་རྔ་པའི་བུད་མེད་ཚེ་པེ་དང་རྟའུ་ཉ་མཚོ་དགོན་པའི་གྲྭ་སྐལ་བཟང་ཡེ་ཤེས་རྣམ་གཉིས་གཙོས་པའི་བོད་མི་ ༡༣༥ ལྷག་གིས་བོད་དོན་ཆེད་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་བའི་རྒྱལ་གཅེས་དཔའ་བོ་དཔ་མོ་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་། ཁོང་ཅག་གི་ཞལ་ཆེམས་འཛམ་གླིང་མི་མང་ལ་བརྒྱུད་སྒྲོག་བྱེད་ཆེད་བཅས་ཡིན་འདུག

ལས་འགུལ་དེ་དང་བསྟུན་ཏེ་བོད་དོན་དང་འབྲེལ་བའི་ཡིག་ཆ་སྣ་ཚོགས་འགྲེམ་སྤེལ་དང་། རྒྱ་ནག་གཞུང་ཚབ་མདུན་དུ་སུད་སིའི་མི་མང་ཚོགས་གཞོན་བསམ་པ་དོན་གྲུབ་ལགས་ཀྱིས་གཏམ་བཤད་སྤེལ་རྗེས། མི་རབས་གསར་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་དཔའ་བོ་ལགས་ཀྱིས་ལས་འགུལ་ངོ་སྤྲོད་གཏམ་བཤད་གནང་དོན། ལས་འགུལ་འདི་སྔ་ས་ནས་སྤེལ་འཆར་ཡོད་ཀྱང་སྤྱི་ལོའི་ལོ་སར་དང་ཡེ་ཤུ་འཁྲུངས་སྐར་སོགས་དང་སྟབས་ཁེལ་སྟབས། ད་ལྟའི་བར་ཆོག་མཆན་རག་ཐབས་མ་བྱུང་ཚུལ་དང་། དེ་རིང་གི་ལས་འགུལ་འདི་ནི་ཉེ་བའི་ཆར་སྐུ་ལུས་མེར་བསྲེགས་གནང་རྣམ་པ་གཉིས་ཀྱིས་གཙོས་རྒྱལ་གཅེས་དཔའ་བོ་རྣམས་དང་། བོད་དོན་ཆེད་དཀའ་བ་བརྒྱ་ཕྲག་སྤྱོད་བཞིན་པའི་གཞིས་ལུས་བོད་མི་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཆེད་དང་། འཛམ་གླིང་མི་མང་ལ་བོད་ཀྱི་ཛ་དྲག་གི་གནས་བབ་ངོ་སྤྲོད་དང་། གཞིས་ལུས་རྒྱ་ཆེའི་མི་མང་གི་རེ་བའི་འབོད་སྒྲ་ང་ཚོས་ཅིས་ཀྱང་བསྒྲུབ་དགོས་པའི་འགན་འཁྲི་ཞིག་གི་ཐོག་ནས་སྤེལ་བ་ཡིན་། ཞེས་སོགས་བརྗོད་ཡོད་འདུག

ཚོགས་གཞོན་མཁར་འཕགས་ལགས་ཀྱིས་ལས་འགུལ་མཇུག་སྡོམ་གཏམ་བཤད་ནང་བརྗོད་དོན། ང་ཚོ་བོད་པ་སུ་ཡིན་ཡང་སོ་སོ་བོད་མི་རིགས་ཤིག་གི་གྲས་སུ་སྐྱེས་པར་སྤོབས་པ་དང་གཟི་བརྗིད་ཡིན་བསམ་པ་ཞིག་དང་། བོད་མིའི་བདེ་སྡུག་དེ་ང་ཚོ་དང་འབྲེལ་ཡོད་པའི་གནད་དོན་ཞིག་ལ་བསམ་བློ་གཏོང་རྒྱུ་གལ་ཆེན་ཡིན་པ་དང་། དེ་རིང་ང་ཚོས་གཞིས་ལུས་མི་མང་གི་སྐུ་ཚབ་བྱས་ནས་དེ་རིང་རྒྱ་ནག་དམར་གཞུང་སྐུ་ཚབ་ཀྱི་སྒོ་རྡུང་གིན་ཡོད་པ་རེད། རྒྱ་གཞུང་གིས་བོད་ལ་རང་དབང་ཚད་ལྡན་ཞིག་མ་སྤྲད་བར་ཏུ་ང་ཚོས་རྒྱ་གཞུང་གི་སྒོ་རྡུང་མཚམས་མི་འཇོག་པའི་སྤོབས་པ་དང་དམ་བཅའ་དགོས་པ་རེད། སྤོབས་པ་འདི་བོད་མི་སུ་འདྲ་ཞིག་ཡིན་ནའང་སེམས་ལ་ཉར་དགོས་རྒྱུ་གལ་ཆེན་ཡིན་ཚུལ་སོགས་བརྗོད་ཡོད་འདུག

གཞན་རྒྱ་ནག་གཞུང་ཚབ་མདུན་དུ་ལས་འགུལ་བའི་ཁྲོད་ནས་རྒྱ་གཞུང་ལ་བརྡ་ལན་ཤུགས་ཆེན་འདོན་མཁན་ཁ་ཤས་བྱུང་སོང་ལ། དེ་བཞིན་མི་མང་ཚོས་མིག་ཆུ་དང་ངུ་ངག་འདོན་བཞིན་སེམས་ཚོར་དྲག་པོས་སྐད་འབོད་ ཤུགས་ཆེན་གནང་སོང་།

གནས་ཚུལ་མཁོ་གཏོང་བ། ཙ་ཡུས་ཕུན་ཚོགས།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

ཆུ་ཚོད་ ༢༡ སྔོན་ལ།
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨
ཉེ་ལམ་རྒྱ་ནག་གིས་བླ་རུང་སྒར་གཏོར་བཤིག་གཏོང་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་དམག་མི་འབོར་ཆེན་བཀྲམ་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་འདུག 

༢༠༢༦/༠༨/༡༨
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༡༧
Mobile App

གཏན་ཉིན་སློབ་གྲྭ་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག 

༢༠༢༦/༠༨/༡༧
Mobile App

རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག

༢༠༢༦/༠༨/༡༧
Mobile App

ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག

༢༠༢༦/༠༨/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese