མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་དམར་ཤོག་ཚོགས་པའི་ཆེས་འབྱོར་བ་ཆེ་ཤོས་ཀྱི་ནང་པ།

བོད་ཀྱི་དུས་བབ།
༢༠༡༥/༠༢/༠༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་ཧྲང་ཧེ་བྷི་བྷི་སིའི་གསར་འགོད་པ། ཇོཧན སུདལྦོརཐ་ཡིས་བརྩམས།

སྤོན་ཊ་གཏན་སློབ་བོད་དགེ  མིག་དམར་གྱིས་དབྱིན་ཡིག་ནས་བསྒྱུར།

གྲང་རླུང་འཚུབ་པའི་ཁོར་ཡུག་འདི་ནས་བོད་ཀྱི་ནང་ཆོས་ལ་རྒྱ་གཞུང་གིས་འགྱུར་བ་ཞིག་གཏོང་ཐུབ་བམ། བོད་མི་རིགས་ཀྱི་ལ་ཞེན་ལ་མུ་མཐུད་གདུག་རྩུབ་བྱེད་བཞིན་ཡོད་ཀྱང་རྒྱ་གཞུང་གི་ཆོས་ཁས་མི་ལེན་མཁན་ཚོས་ཆོས་ཕྱོགས་ལ་བསམ་བློའི་ལྟ་སྟངས་དང་། ལྷག་པར་དུ་ཏཱ་ལའི་བླ་མའི་ཐད་གུ་ཡངས་ཀྱི་ལྟ་ཚུལ་གསར་བ་ཞིག་ཡོང་གི་ཡོད།

དེ་ཡང་། རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་ལས་བྱེད་ཟུར་བ་ཞིག་ནས་ཁོ་རང་གི་ཁྱིམ་ལ་བྷི་བྷི་སི་གསར་འགོད་པ་གདན་ཞུ་བྱས་ཡོད་ལ། གཞན་ཡང་ཕྱིའི་རྒྱལ་ཁབ་ཀྱི་གསར་འགོད་པ་མང་པོ་ཡང་གདན་ཞུ་བྱས་ཡོད། འདི་ནི་གཞན་དང་མི་འདྲ་བའི་ལྟ་ཚུལ་ཞིག་རེད་སྙམ།

ལྷག་པར་དུ་མཐོ་རིམ་ལས་བྱེད་ཟུར་བ་དེ་འདྲ་ཞིག་རྒྱ་ནག་གི་མགོ་ཁྲིད་ཚོ་དང་མཉམ་དུ་འབྲེལ་བ་དམ་ཟབ་ཡོད་པ་དང་། རྒྱ་ནག་གི་བདེ་འཇགས་བྱེད་ཕྱོགས་ཐད་ལས་ཀ་བྱེད་ཀྱིན་ཡོད་སྐོར་གྱི་སྐད་ཆ་ཡང་ཤོད་ཀྱི་ཡོད། བྷི་བྷི་སི་གསར་དགོད་པ་མཐོ་རིམ་ལས་བྱེད་ཟུར་པ་ཁོང་གི་ཁྱིམ་ལ་གདན་ཞུ་བྱས་དོན་ནི་ཁོ་རང་གིས་ཏཱ་ལའི་བླ་མའི་སྐུར་པར་མདུན་དུ་སྨོན་ལམ་འདེབས་ཀྱི་ཡོད་པ་མཐོང་བཅུག་འདོད་པ་དེ་རེད། དེ་ནི་རྒྱའི་སྤྱི་ཚོགས་ཀྱི་གཞུང་ལུགས་དང་འགལ་བ་ཞིག་ཡིན་ལ། གད་མོ་ཤོར་འོས་པ་ཞིག་དང་ལྐུག་རྟགས་ཤིག་ཀྱང་རེད། གང་ལྟར་ཀྱང་། ཞའོ་འུ་ནན་གྱིས་དེ་ལྟར་བྱས་པ་རེད།

ཁོ་རང་གི་རྒྱས་སྤྲོས་ལྡན་པའི་ཁང་པའི་ཐོག་ཀར་ནང་པའི་མཆོད་ཁང་ཞིག་ཟུར་དུ་གཟི་ཉམས་ངང་བཞེངས་ཡོད། དེའི་ནང་རྒྱ་ནག་གཞུང་གིས་ཞེད་སྣང་ཆེ་ཤོས་དང་སྐྱོན་བརྗོད་ཆེ་ཤོས་བྱེད་ཡུལ་ཏཱ་ལའི་བླ་མའི་སྐུ་པར་བཞུགས་འདུག བོད་པའི་གྲྭ་བ་ཞིག་ལ་མཚོན་ན་ཏཱ་ལའི་བླ་མའི་སྐུ་པར་ཙམ་ཉར་ན་སྲོག་ལ་ཉེན་ཁ་ཡོད་པ་དང་།  དགོན་པ་ཁག་ལའང་ཁོང་གི་སྐུ་པར་སྒྲིག་གཤོམ་བྱེད་མི་ཆོག་པ་བཟོས་ཡོད། ཡིན་ན་ཡང་། ཞའོ་འུ་ནན་ཁོང་ནི་བོད་ཀྱི་དགེ་བཤེས་བསོད་ནམས་ལྷན་དུ་བཞུགས་ཤིང་། དེའི་སྐབས་དགེ་བཤེས་ཁོང་གིས་ཁོང་ནི་ཆབ་སྲིད་དང་ཏཱ་ལའི་བླ་མའི་སྐོར་ལ་སྐད་ཆ་གཏན་ནས་ཤོད་འདོད་མེད་ཅེས་གསལ་པོར་བརྗོད་སོང་། སྐུ་ཞབས་ཞའོ་འུ་ནན་གྱིས་ཀྱང་དེའི་ཐད་གལ་ཆེན་པོ་མ་རེད་ཅེས་ནན་བརྗོད་བྱས། གཞན་ཡང་། རྒྱ་ནག་གཞུང་དང་ཏཱ་ལའི་བླ་མ་གཉིས་བར་གྱི་ཆབ་སྲིད་ཀྱི་དཀའ་ངལ་དེ་ང་ཚོས་ཀྱང་རྟོགས་དཀའ་བ་ཞིག་རེད་ཅེས་དང་། མ་ཟད། ཆབ་སྲིད་ཀྱི་ལྟ་ཚུལ་དེའི་ཐོག་ནས་༸གོང་ས་མཆོག་གང་འདྲ་ཞིག་ཡིན་མིན་ཚོད་དཔག་བྱེད་རྒྱུ་ང་ཚོ་ལ་ཡང་ཤིན་ཏུ་དཀའ་ལས་ཁག་པོ་ཞིག་ཆགས་ཡོད། འོན་ཀྱང་། ནང་པ་ཞིག་གི་ངོས་ནས་བཤད་ན། ནང་པའི་ཉམས་ལེན་གྱི་ཆ་ནས་ཁོང་ལ་ང་ཚོས་བརྩི་བཀུར་ཞུ་བཞིན་ཡོད་ཅེས་ཞའོ་འུ་ནན་གྱིས་གསུངས་སོང་།

དགུང་ལོ་ ༣༦ ལ་ཕེབས་པའི་རྒྱ་ནག་གི་ཚོང་པ་ཆེན་པོ་སྐུ་ཞབས་སཱན་ཀིཇཱ་ལགས་ནས་སྐུ་ཞབས་ཞའོ་འུ་ནན་མཆོག་བྷི་བྷི་སི་ལ་ངོ་སྤྲོད་གནང་ཡོད། སཱན་ཀིཇཱ་ལགས་ཀྱི་སྐོར་ལ་དེ་ཙམ་གནས་ཚུལ་ཤེས་རྟོགས་བྱས་མེད་ཀྱང་། གང་ལྟར་ཁོང་ནི་རྒྱ་ནག་ནང་འབྱོར་ལྡན་ཆེ་གྲས་སུ་སླེབ་མཁན་དང་། ཉེ་བའི་ཆར་བོད་ཀྱི་ནང་ཆོས་ལ་དོ་སྣང་བྱེད་མཁན་ཞིག་ཡིན། རྒྱ་ནག་ནང་སྤྱི་ཡོངས་ནས་ཆོས་ལ་དད་པ་བྱེད་མཁན་གྱིི་མི་འབོར་ཇེ་མང་དུ་འགྲོ་བཞིན་ཡོད་པའི་གནས་ཚུལ་གསལ་པོ་ཡིན་ལ། གཞི་དེ་ལ་བརྟེན་ཏེ་རྒྱ་ནག་གི་དཔལ་འབྱོར་འཕེལ་ཚད་ཀྱང་ཇེ་མགྱོགས་སུ་འགྲོ་བཞིན་ཡོད་པའི་འགྲེལ་བརྗོད་བྱེད་ཀྱིན་ཡོད།

སཱན་ཀིཇཱ་ལགས་ཀྱིས། ང་རང་ཚོང་ལས་བྱེད་པའི་སྐབས་དཀའ་ངལ་ཆེན་པོ་འཕྲད་བྱུང་། དཀལ་ངལ་དེ་དག་ལ་ང་རང་ཚོས་གདོང་ལེན་བྱས་པ་ཙམ་གྱིས་སྒྲུབ་པ་ཞིག་མིན་པ་ང་རང་གིས་ཚོར་བྱུང་། དེ་དག་ནི་དཀོན་མཆོག་དང་། ལྷ། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་བཅས་ཀྱིས་བདག་ལ་བྱིན་རླབས་གནང་བ་ལས་གྲུབ་པ་ཞིག་ཡིན་ཅེས་བརྗོད་ཡོད། དེ་ལྟར། སཱནཀིཇཱ་ལགས་ནི་ཚོང་ལས་གཉེར་མཁན་དང་དངུལ་གྱི་རྗེས་འཇུག་པ་ཞིག་ཆགས་པ་མ་ཡིན་པར། ནང་པའི་གྲྭ་བ་དང་དེའི་ནང་ནས་བོད་ཀྱི་ནང་པའི་གྲྭ་བའི་རྗེས་འཇུག་པ་ཞིག་ཆགས་ཡོད། དེ་ནས་བཟུང་ཁོ་རང་གི་ལས་དགེ་བའི་ཆེད་དངུལ་གསོག་སྒྲུབ་གནང་ཞིང་། ཁྱོན་བསྡོམས་ཚོད་རྩིས་བྱས་ན་ཨ་སྒོར་ས་ཡ་བརྒྱ་ལྷག་ཟིན་གྱི་ཡོད། ཁོ་རང་གི་ད་ལྟའི་ཆར་ནང་པའི་ཆོས་ཚོགས་མང་པོ་ཞིག་བཙུགས་ཡོད་ལ། བོད་ཀྱི་དགེ་བཤེས་བསོད་ནམས་ལགས་གཙོས་པའི་བླ་མ་མང་པོ་ཞིག་གདན་ཞུ་བྱས་ཏེ་ཆོས་གསུང་བཅུག་པ་དང་། ཁོང་རྣམས་ལ་ཆོས་ཡོན་ཡང་ཁོ་རང་གི་ཨམ་ཁུག་ནས་སྤྲོད་ཀྱིན་ཡོད། མ་ཟད། བོད་ནང་གི་དགོན་པ་ཁག་བསྐྱར་གསོ་བྱེད་པའི་ཆེད་དགོས་ངེས་ཀྱི་རོགས་སྐྱོར་རྒྱ་ཆེན་གནང་གི་ཡོད།

སཱཀིཇཱ་ཁོང་གི་ནང་ལ་ཕེབས་མཁན་གྱི་སྐུ་མགྲོན་གྲགས་ཅན་ཚོང་པ་དང་། གཞུང་གི་ལས་བྱེད། འབྱོར་ལྡན་པ་ཁག་ནང་ལ་ཕེབས་སྐབས་ཁོང་རྣམས་ལ་བག་ཕེབས་དང་ཞི་དུལ་ཀྱི་ཚོར་བ་ཞིག་རང་བཞིན་གྱིས་སྐྲུན་གྱི་ཡོད། དེ་ནི་ཁོང་གིས་དམིགས་གསལ་ཅན་ཞིག་ཡིན་པ་ལ་ངོས་འཛིན་བྱེད་ཀྱི་ཡོད། སཱན་ཀིཇཱ་ལགས་ཀྱིས། ངའི་བློ་མཐུན་གྲོགས་པོ་ཚོ་ངའི་ས་ཆ་འདིར་ཕེབས་སྐབས་ཡིད་དབང་འཕྲོག་ཅིང་དགའ་སྣང་བྱེད་ཀྱི་ཡོད། ང་ལ་དགོས་པ་ནི་ཁོང་རྣམས་ལ་ཤུགས་རྐྱེན་ཞིག་ཐེབས་ན་བསམ་པ་དེ་ཡིན། མ་ཟད། ངའི་ཚོང་ལས་བྱེད་ཕྱོགས་ལྟར་ཁོང་རྣམས་ཀྱིས་ཀྱང་གནང་ཚེ་ངས་མཐུན་རྐྱེན་ག་རེ་སྦྱར་དགོས་ཀྱང་སྦྱར་ཐུབ་ཀྱི་ཡོད། བྱེད་སྟངས་དེ་འདྲ་ཞིག་གི་ཐོག་ནས། ནང་པའི་ཆོས་དར་ཁྱབ་གཏོང་བར་ང་རང་གི་ལེགས་སྐྱེས་ཞིག་ཡིན་བསམ་གྱིན་ཡོད། འདི་ནི་ང་ལ་གང་འདོད་པའི་ལས་དགེ་བ་ཞིག་ཀྱང་ཡིན་ཅེས་བརྗོད་ཡོད།

སཱན་ཀིཇཱ་ལགས་ཀྱིས་ང་ཚོ་གསར་འགོད་པ་ཁོ་རང་གི་ས་ཁུལ་ལ་གདན་ཞུ་བྱས་བྱུང་ལ། དེ་བཞིན་ཁོ་རང་གི་ཆོས་ཚོགས་དང་འབྲེལ་བ་དམ་ཟབ་ཡོད་པའི་མི་སྒེར་བ་ཁག་དང་ལྷན་དུ་འབྲེལ་བ་བྱེད་རྒྱུ་བྱུང་། གཞན་ཡང་།  མཆོད་ཁང་གི་ཞ་ལའི་ཐོག་དགེ་བཤེས་བསོད་ནམས་འཁྲིས་སུ་བུད་མེད་ཅིག་བཞུགས་འདུག ཁོ་མོ་ནི་རྒྱ་ནག་གི་མཐོ་རིམ་ཆབ་སྲིད་ཚོགས་པ་དང་ཁོ་མོའི་ནང་མིའི་བར་འབྲེལ་བ་ཆེན་པོ་ཡོད་མཁན་ཞིག་རེད་ཅེས་སཱནཀི་ཇཱ་གིས་བརྗོད་བྱུང་། དགེ་བཤེས་བསོད་ནམས་ཀྱི་འཁྲིས་སུ་བཞུགས་པའི་ཁོ་མོ་ནི་རྒྱ་ནག་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་བཅོས་བསྒྱུར་ལྷན་ཁང་ (China’s National Development and Reform Commission) གི་མཐོ་རིམ་ལས་བྱེད་དང་གཞན་དེ་ནི་ཁོ་མོའི་རླངས་འཁོར་གཏོང་མཁན་ཡིན་པ་ངོ་སྤྲོད་བྱས་བྱུང་། ཁོ་རང་ཚོའི་ཆུ་ཚོད་དང་། ལུས་ཀྱི་སྐེ་རྒྱན། འཕྲེང་བ་བཅས་དགེ་བཤེས་ཁོང་གི་མདུན་དུ་ཕུལ་ནས་བྱིན་རླབས་ཞུ་བཞིན་འདུག ཆོས་ཕྱོགས་ཀྱི་བྱེད་སྒོ་དེ་དག་ཚར་བའི་རྗེས་སུ་ཞལ་ལག་གྲ་རྒྱས་པོ་ཞིག་གོ་སྒྲིག་གནང་སོང་། འོན་ཀྱང་དེ་འདྲའི་རྒྱས་སྤྲོས་ལ་དགེ་གཤེས་ཁོང་དེ་ཙམ་ཐུགས་དགྱེས་པོ་གནང་མ་སོང་། ཁོང་གིས། ཞལ་ལག་ག་ཚོད་རྒྱས་སྤྲོས་ཆེ་ཡང་ཞལ་ལག་རང་རེད་ཅེས་དང་། དེ་ལྟ་བུ་ཞིག་གོ་སྒྲིག་བྱེད་རྒྱུར་དུས་ཚོད་མང་པོ་ཞིག་འགོར་གྱི་ཡོད་པས་དེ་ཚོའི་རིགས་ཀྱིས་དུས་ཚོད་མང་པོ་ཞིག་འཕྲོ་བརླག་གཏོང་གི་ཡོད་པ་ང་རང་གི་ཚོར་གྱི་འདུག ང་རང་དེ་འདྲ་ལ་དགའ་བོ་མེད། འོན་ཀྱང་། དེ་ཚོའི་རིགས་ནི་ང་ཚོའི་ཆོས་བྱེད་ཕྱོགས་ལྟ་བུར་འགྱུར་ཡོད། གལ་སྲིད་ངས་ཕར་ཚུར་མ་བསྐྱོད་པར། བྲག་ཕུག་ནང་འཛུལ་ཏེ་ཕྱི་ལ་མི་འདོན་པར་བསྡད་པ་ཡིན་ན་ཡག་ག་མིན་འདུག་གམ་ཅེས་འདྲིས་སོང་།

ནང་པའི་དགེ་འདུན་པ་ཚོར་དངུལ་དགོས་ཀྱི་ཡོད། དེར་བརྟེན། སྤྱིར་རྒྱ་གཞུང་ཆོས་ཁས་མི་ལེན་མཁན་ཡིན་ནའང་ད་ལྟའི་ཆར་རྒྱ་ནག་གི་རྒྱལ་ས་ཆེ་གྲས་སུ་བོད་ཀྱི་དགེ་འདུན་པ་མང་པོ་ཞིག་ཕེབས་ཏེ་རོགས་དངུལ་འཚོལ་སྒྲུབ་བྱེད་ཀྱི་ཡོད། ལྷག་པར་དུ་བོད་ནང་གི་ཆབ་སྲིད་དང་ནང་ཆོས་གཉིས་བར་ལ་འབྲེལ་བ་ཡོད་པས་ནང་ཆོས་ལ་ལྟ་ཕྱོགས་ནི་ཁྱད་མཚར་བོ་ཞིག་ཡིན། གང་ལྟར་རྒྱ་གཞུང་གིས་ནང་པ་ཡེ་ཤུ་ལ་བསྒྱུར་བའི་རིང་ལུགས་ལག་བསྟར་བྱེད་ཆོག་པ་ཙམ་མ་ཟད་རིང་ལུགས་འདི་ཤུགས་ཆེ་རུ་གཏོང་བའི་བརྒྱུད་སྐུལ་ཡང་བྱེད་ཀྱིན་ཡོད།

སྲིད་འཛིན་ཞི་ཅིན་ཕིན་དེ་སྔོན་གྱི་སྲིད་འཛིན་དག་ལས་ཆོས་ལུགས་ཐད་ཅུང་གུ་ཡངས་པའི་སྐད་ཆ་ཤོད་ཀྱི་ཡོད་སྐོར་གྱི་གནས་ཚུལ་ཞིག་ཡོང་གི་ཡོད། བཟང་ཕྱོགས་ཀྱི་གནས་ཚུལ་དེས་རྒྱ་ནག་གི་སྤྱི་ཚོགས་བདེ་འཇགས་མེད་པ་དང་། བཟང་སྤྱོད་བྲལ་བའི་སྟོང་ཆ་དེ་འགེངས་པར་ཕན་ཐོགས་པའི་རེ་བའང་བྱེད་ཀྱིན་ཡོད། གཞན་ཡང་། སྲིད་འཛིན་ཞི་ཅིན་ཕིན་གྱི་བཟའ་ཟླ་ཕིང་ལིཡན་གཙོས་རྒྱ་ནག་གི་ཆབ་སྲིད་ཀྱི་མཐོ་རིམ་མི་སྣ་ཁག་ནང་ཆོས་ལ་དོ་སྣང་བྱས་དང་བྱེད་བཞིན་ཡོད་པའི་གླེང་སློང་མང་པོ་ཞིག་རྒྱ་ནག་སྤྱི་ཚོགས་ནང་ཡོང་གི་ཡོད། སྲིད་འཛིན་ཞི་ཅིན་ཕིན་གྱི་ཡབ་ཞི་ཀྲོང་ཞན་ནི་རྒྱ་ནག་དམར་ཤོག་ཚོགས་པའི་གསར་བརྗེ་བ་དང་མགོ་ཁྲིད་ཀྱང་ཡིན། ཏཱ་ལའི་བླ་མ་ ༡༩༥༩ ལོར་བྲོས་བྱོལ་དུ་མ་ཕེབས་སྔོན་ལ་ཁོང་གཉིས་བར་འབྲེལ་བ་དམ་ཟབ་ཡོད་པའི་སྐོར་ཁོ་རང་གིས་བརྗོད་ཡོད།  དེ་བཞིན་ཞའོ་འུ་ནན་མཆོག་གི་ཡབ་དང་སྲིད་འཛིན་ཞི་ཅིན་ཕིན་གྱི་ཡབ་གཉིས་བར་འབྲེལ་བ་ཆེན་པོ་ཡོད་པའི་སྐོར་རྒྱུ་མཚན་དེ་ཙམ་མེད་པའི་གླེང་སློང་ཞིག་ཀྱང་ཡོད། 

གང་ལྟར་ཀྱང་། དེ་ལྟ་བུའི་གནས་ཚུལ་མང་པོ་ཞིག་བྱུང་སྲིད་པ་རེད། འོན་ཀྱང་། ཞའོ་འུ་ནན་ལགས་ཀྱིས་ནང་པའི་མཆོད་ཤོམ་བསྒྲིགས་ཤིང་། ཁོ་རང་གིས་དད་ཕྱག་བྱེད་ཚུལ་དེ་དག་བྷི་བྷི་སིའི་གསར་འགོད་པ་རྣམས་ཀྱིས་དངོས་སུ་མཐོང་བའི་ཆོག་མཆན་སྤྲད་ཅིང་། བྱེད་ཚུལ་དེས་བརྡ་ལན་གང་འདྲ་ཞིག་སྤྲོད་མིན་གྱི་གནད་དོན་དེ་ནི་དྲི་བ་གལ་ཆེན་པོ་ཞིག་རེད། དེ་ལས་ཀྱང་ཧང་སང་དགོས་པའི་གནས་ཚུལ་ཞིག་ནི་ཞའོ་འུ་ནན་ཁོ་རང་ཕྱི་ལོ་ ༢༠༡༢ ལོར་རྒྱ་གར་ལ་ཕེབས་སྐབས་ཏཱ་ལའི་བླ་མ་དང་ཞལ་མཇལ་བྱུང་བའི་ལྟད་མོ་ཐུང་ཐུང་ཞིག་བྷི་བྷི་སིའི་གསར་འགོད་པར་ཁོ་རང་གི་ལག་པའི་ཕུ་ཐུང་འོག་ནས་སྤྲད་པ་དེ་རེད། ཞའོ་འུ་ནན་ལགས་ཀྱིས་གནང་བའི་ལྟད་མོ་ཐུང་ཐུང་འདི་ནི་རྒྱ་ནག་གཞུང་དང་འབྲེལ་བ་ཆེན་པོ་ཡོད་པའི་མི་སྣ་དང་ཏཱ་ལའི་བླ་མ་སྐུ་ངོ་མ་གདོང་དང་གདོང་ཐུག་ནས་བཀའ་མོལ་བྱུང་བའི་རིན་ཐང་བྲལ་བའི་དཔང་རྟགས་ཤིག་རེད།

གནས་ཚུལ་དེའི་ཐོག་རྒྱ་གར་གྱི་གསར་ཤོག་ཅིག་ནང་གསལ་པོ་མེད་པའི་གནས་ཚུལ་ཁག་ཅིག་སྤེལ་ཡོད། འོན་ཀྱང་། བྷི་བྷི་སིར་ལྟད་མོ་འདི་དངོས་སུ་མ་འབྱོར་བར་ང་ཚོས་ཀྱང་ཆ་འཇོག་གཏན་ནས་བྱས་མེད། ལྟད་མོ་དེའི་ནང་ཏཱ་ལའི་བླ་མ་དང་ཞའོ་འུ་ནན་གཉིས་བར་བཀའ་མོས་གནང་བའི་གནད་དོན་ཞིག་ནི་རྒྱ་ནག་ནང་གྲྭ་བ་རྫུན་མས་ལས་ཀ་འདྲ་མིན་བྱེད་ཀྱིན་ཡོད་པ་དེའི་ཐོག་ཏཱ་ལའི་བླ་མ་མཆོག་སེམས་ཚབ་ཆེན་པོ་ཡོད་ཅེས་ཞའོ་འུ་ནན་ལ་གསུངས་ཡོད། ཞའོ་འུ་ནན་ལགས་ནས། ང་རང་ཡང་དེའི་ཐོག་སེམས་ཚབ་ཆེན་པོ་ཡོད། དེར་བརྟེན། དངོས་སུ་ང་ཚོ་ལ་ནང་པའི་དབུ་ཁྲིད་ཅིག་དགོས་ཀྱི་འདུག་ལ། ༸གོང་ས་མཆོག་ཁྱེད་རང་གི་ངོས་ནས་དེའི་ཐད་རླབས་ཆེན་གྱི་ཕྱག་ལས་ཤིག་གནང་ཐུབ་ཀྱི་ཡོད་པ་ངའི་སེམས་ནང་དྲན་གྱི་འདུག་ཅེས་ལན་འདེབས་བྱས་ཡོད། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ནི་བསམ་ཤེས་བྱེད་མི་ཐུབ་མཁན་ལྟ་བུ་ཞིག་ཡིན། དེའི་ཐད་དྲང་པོ་བྱེད་དགོས་པ་ཡིན་ཞེས་དང་། སྲིད་བྱུས་དེའི་ཐད་རྒྱ་གཞུང་ལ་ད་ལྟའི་བར་དཀའ་ངལ་གང་འཕྲད་མེད། མཁྲེགས་འཛིན་སྲིད་བྱུས་དེ་བོད་རྒྱ་ཕྱོགས་གཉིས་ཀ་ལ་ཕན་ཐོགས་མེད་པ་མ་ཟད། རྒྱ་ནག་ལ་མཚོན་ན་སྲིད་བྱུས་དེས་རྒྱ་སྤྱིའི་ཐོག་མཐོང་ཚུལ་སྡུག་ཆགས་ཤིག་ཆགས་ཀྱི་ཡོད་ཅེས་ཏཱ་ལའི་བླ་མ་མཆོག་གིས་ག་དུས་ཡིནའང་གསལ་བཤད་གནང་གི་ཡོད།  

ཞའོ་འུ་ནན་ལགས་ནས། ང་ལ་མཐོ་རིམ་ལས་བྱེད་ཟུར་བ་ཞེས་གསུངས་ན་འགྲིག་གི་རེད། ང་གཞུང་གི་ལས་བྱེད་ཡིན་པའི་སྐབས་སྲིད་ཇུས་དེའི་ཐོག་དེ་ཙམ་གསལ་པོ་ཤེས་ཀྱི་མེད་ཅེས་བརྗོད་ཡོད། ཏཱ་ལའི་བླ་མ་མཆོག་དང་ཁོང་མཇལ་བའི་སྐབས་ཁོང་ནི་རྒྱ་གཞུང་གི་མཐུས་མི་ལྟ་བུ་ཞིག་བྱེད་ཀྱི་མེད་ཅེས་ནན་བརྗོད་བྱས་ཡོད། ཁོང་ནི་གླིང་ཆེན་ཡེ་ཤ་ཡ་ཞི་མཐུན་མཉམ་ལས་མཐུན་ཚོགས་ Asia Pacific Exchange and Cooperation Foundation (APECF)ཀྱི་ཚོགས་གཞོན་ལས་གནས་ཐོག་རྒྱ་གར་ནང་ཡོང་བ་ཞིག་ཡིན་ཞེས་གསུངས་ཡོད། གླིང་ཆེན་ཨེ་ཤ་ཡ་ཞི་མཐུན་མཉམ་ལས་མཐུན་ཚོགས་འདི་ནི་རྒྱ་ནག་གཞུང་གིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། དེའི་ནང་བལ་ཡུལ་ཀྱི་ནང་པའི་གནས་ཆེན་ཁག་ཡར་རྒྱས་གཏོང་ཆེད་ཨ་སྒོར་ཐེར་འབུམ་མང་པོའི་འགྲོ་སོང་གཏོང་འཆར་དང་སྔོན་ཐོན་འཛུགས་བསྐྲུན་བྱེད་འཆར་ཚུད་ཡོད།

རྒྱ་གཞུང་གི་མཐོ་རིམ་ལས་བྱེད་ཟུར་བ་ཞིག་གིས་ཏཱ་ལའི་བླ་མ་མཆོག་ལ་མཇལ་ཁ་ཞུ་ཐུབ་པ་དེ་རྟོགས་དཀའ་བ་ཞིག་ཡིིན། ཡང་ན། ཁོ་རང་གིས་རྒྱ་གཞུང་གི་དབང་ཆ་ལ་ལྟོས་མི་དགོས་པར་ཏཱ་ལའི་བླ་མའི་སྐུ་པར་ལ་དད་ཕྱག་འབུལ་གྱི་ཡོད་པ་གང་ཡིན་བརྗོད་མི་ཐུབ་པ་ཞིག་རེད། དེར་བརྟེན། ནེ་ཡོག་ཀོལུབེཡ་གཙུག་ལག་སློབ་ཁང་ (Columbia University in New York )གི་བོད་རིག་པའི་ཆེད་ལས་པ་སློབ་དཔོན་རོབྦེ་བཱརནིཏ་ལ་གནད་དོན་དེ་གང་འདྲ་ཞིག་ཡིན་མིན་ངས་བཀའ་འདྲི་ཞུས་པ་ཡིན། ཁོང་ནས་ཏཱ་ལའི་བླ་མ་དང་ཞའོ་འུ་ནན་གཉིས་ཀྱི་མཇལ་འཕྲད་དེའི་ཐོག་དཔྱད་ཞིབ་མཐིལ་ཕྱིན་པ་བྱེད་དགོས་པའི་ལམ་སྟོན་གནང་བྱུང་ལ། དེ་ནི་རྟགས་མཚན་ཞིག་ཀྱང་རེད་ཅེས་དང་། ཁོང་གཉིས་ཀྱི་མཇལ་འཕྲད་དེ་ཆབ་སྲིད་ཀྱི་ཁ་ཕྱོགས་དང་འབྲེལ་བ་མེད་པ་ངས་མཐོང་གི་འདུག འོན་ཀྱང་། དེ་ནི་རྒྱ་ནག་གི་ཁྲིམས་ལུགས་ལ་བསམ་གཞིག་བྱེད་དགོས་པ་ཆགས་པའི་བརྡ་ལན་ནམ་རྟགས་མཚན་ཞིག་ཡིན་ཅེས་བརྗོད་བྱུང་། གཞན་ཡང་ཁོང་གིས། ཞའོ་འུ་ནན་ནས་སྤོབས་པ་ཆེན་པོས་ལྟད་མོ་དེ་འདྲ་ཞིག་སྟོན་གནང་བ་དེར་རྒྱ་ནག་གི་མགོ་ཁྲིད་ཚང་མས་ཁོང་ལ་རྒྱབ་སྐྱོར་ཡོད་པའི་ངེས་པ་མེད་། ཡིན་ན་ཡང་དམར་ཤོག་ཚོགས་པའི་ནང་ཉུང་ཤས་ཤིག་གིས་རྒྱབ་སྐྱོར་ཡོད་པ་གསལ་པོ་རེད་ཅེས་དང་། གནད་དོན་དེ་གལ་ཆེན་པོ་ཆགས་ཀྱི་ཡོད་པ་ང་ཚོས་རྟོགས་ཐུབ་པ་ཞིག་རེད། གནད་དོན་དེ་འདྲ་ཞིག་འབྱུང་ངེས་པ་ཁོ་ཚོས་ཀྱང་ང་ཚོ་མཐོང་བཅུག་འདོད་ཀྱི་ཡོད། ཅེས་བརྗོད་གནང་སོང་།

འདས་པའི་ལོ་བཅུ་ཕྲག་གཉིས་ཙམ་ནང་ཏཱ་ལའི་བླ་མའི་སྐུ་པར་བཀག་འགོག་དང་རྒྱ་ནག་གིས་སྲིད་བྱུས་དམ་དྲག་ཆེ་རུ་བཏང་ཡོད་པས་བོད་ནང་གི་གནས་སྟངས་ཧ་ཅང་ཛ་དྲག་ཆེན་པོ་ཆེགས་ཡོད། དེ་ནི་ཐེ་ཚོམ་སྐྱེ་དགོས་པ་ཞིག་རེད། མ་ཟད། དུས་ཚོད་རིང་པོ་ཞིག་གི་ནང་བོད་རྒྱ་ཕྱོགས་གཉིས་ཀྱིས་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་གྲོས་མོལ་གནང་ཡོད་ཀྱང་ཕན་ཐོགས་དེ་ཙམ་བྱུང་མེད། ཉེ་བའི་ཟླ་བའི་ནང་ཏཱ་ལའི་བླ་མ་སྒེར་དང་རྒྱ་གཞུང་གི་མི་སྣའི་བར་གཞུང་འབྲེལ་མིན་པའི་བཀའ་མོལ་བྱུང་བ་ནི་ཁུངས་བཙན་ཆགས་ཡོད་པ་དང་། ཁོང་རྒྱ་ནག་ནང་གནས་སྐོར་ལ་ཕེབས་ཆོག་པའི་ཆོག་མཆན་སྤྲོད་སྲིད་པའི་བསམ་ཚུལ་ཡང་བྱུང་བ་རེད།

དེར་བརྟེན། ཞའོ་འུ་ནན་ནས་ལྟད་མོ་དེ་འདྲ་ཞིག་འགྲེམས་སྤེལ་བྱས་པ་དེ་སྲིད་འཛིན་ཞི་ཅིན་ཕིན་གྱིས་བོད་ཀྱི་ནང་ཆོས་ལ་འཛིན་པའི་རྒྱ་གཞུང་གི་སྲིད་བྱུས་ལ་འགྱུར་བ་གཏོང་བཞིན་པའི་མཚོན་རྟགས་ཤིག་ཡིན་སྲིད་དམ། ཡང་ན། བོད་ནང་མུ་མཐུད་གདུག་རྩུབ་བྱེད་བཞིན་པ་དེ་འགེབ་སྲུང་ཆེད་སྨུག་ཞག་གིས་གཡོག་པའི་བཅོས་མའི་མཐོང་ཚུལ་ཞིག་ཡིན་ནམ།

གལ་སྲིད་དེ་འདྲ་གང་ཡང་མིན་ན། ཞའོ་འུ་ནན་ཁོང་དང་ཁོང་གིས་ཏཱ་ལའི་བླ་མའི་མཆོད་ཤོམ་བསྒྲིགས་པ་དེ་རྣམས་རྒྱ་གཞུང་གི་མཐོ་རིམ་ལས་བྱེད་བར་ལ་འབྲེལ་བ་ཆེན་པོ་ཡོད་པ་དང་། ཁོང་རྣམས་ཀྱང་ད་ལྟའི་ཆར་བོད་ཀྱི་ནང་ཆོས་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད། ཁོ་ཚོར་སེམས་སྐུལ་བྱེད་པར་བོད་ཀྱི་དགེ་འདུན་པ་ཚོར་ཆོག་མཆན་སྤྲད་པ་ཞིག་ཀྱང་རེད།

དགེ་བཤེས་བསོད་ནམས་ཀྱིས། སངས་རྒྱས་ཀྱི་གོ་འཕང་ནི་ཉོས་ནས་རག་རྒྱུ་ཞིག་མིན། འོན་ཀྱང་ནང་ཆོས་ནང་གསལ་བ་བཞིན་སོ་སོའི་ངོས་ནས་སྦྱིན་གཏོང་སོགས་ཀྱིས་མཚོན་པའི་ཆོས་ཉམས་ལེན་བྱས་ཏེ་ལས་དགེ་བ་གསོག་རྒྱུ་དེ་ཡིན་ཞེས་གསུངས་སོ།།

 

བསྒྱུར་མཆན།  བསྒྱུར་དེ་དོན་བསྒྱུར་གཙོ་བོ་བྱས་ཡོད་ལ། རྩོམ་པ་པོ་རང་ཉིད་ཀྱི་རྩོམ་ཡིག་དེ་གསར་འགྱུར་གྱི་ངོ་བོའི་ཐོག་ནས་བྲིས་གནང་འདུག། འོན་ཀྱང་རྩོམ་བསྒྱུར་གྱི་ངོ་བོ་དེ་རྩོམ་ཡིག་གི་རང་གཞིན་ལ་བྱས་ནས་བསྒྱུར་ཡོད་པས་དགོངས་འཇགས་མཁྱེན།

མ་རྩོམ་འབྲེལ་ཐག http://www.bbc.com/news/magazine-30983402

འབྲེལ་ཡོད་གསར་འགྱུར།

Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

༢༠༢༦/༠༡/༡༠
A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

༢༠༢༦/༠༡/༠༩
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

༢༠༢༦/༠༡/༠༩
Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

༢༠༢༦/༠༡/༠༨
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese