མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བདེ་ཐང་ངང་འཚོ་ཐུབ་ན་ཆོས་དང་འཇིག་རྟེན་གྱི་བྱ་བ་འགྲུབ་ངེས་རེད།

བོད་ཀྱི་དུས་བབ།
༢༠༡༥/༠༣/༠༩
Share on FacebookShare on TwitterShare on EmailShare on Whatsapp

༧ས་སྐྱ་གོང་མ་རིན་པོ་ཆེ་མཆོག་གིས་རྡེ་ར་རྡུན་ས་གནས་ཀྱི་མི་མང་སྟོང་ཕྲག་མང་པོར་སྨན་ལྷའི་བཀའ་དབང་བསྩལ་བ་དང་འབྲེལ། བདེ་ཐང་ངང་འཚོ་ཐུབ་པ་ཡིན་ན་ཆོས་དང་འཇིག་རྟེན་གྱི་བྱ་བ་གང་ཡིན་ཡང་འགྲུབ་ཐུབ་པའི་སྐོར་བཀའ་སློབ་གནང་འདུག 

ཐུབ་བསྟན་རྒྱལ་མཚན་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། རྒྱ་གར་བྱང་ཕྱོགས་རྡེ་ར་རྡུན་མངའ་ཁུལ་གྱི་ས་གནས་བོད་ཀྱི་སྨན་རྩིས་ཁང་གི་ཡན་ལག་གསུམ་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༦ ཉིན་འབྲི་གུང་བཀའ་བརྒྱུད་བྱང་ཆུབ་གླིང་གི་ཉེ་འདབས་ཐང་ཆེན་དུ། དཔལ་ས་སྐྱ་༧གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་མི་མང་ཁྲི་གཅིག་ཡས་མས་ལ་སྨན་ལྷའི་དབང་ཆེན་གྱི་བཀའ་དབང་གནང་ཡོད་འདུག 

སྐབས་དེར་༧གོང་མ་རིན་པོ་ཆེ་མཆོག་གིས་མི་མང་ལ་བླང་དོར་གྱི་བཀའ་སློབ་གནང་དོན། ནང་པ་སངས་རྒྱས་པའི་ཆོས་བསམ་གྱི་མི་ཁྱབ་པ་འདི་བོད་གངས་ཅན་གྱི་ལྗོངས་ལ་དར་ཁྱབ་གནང་མཁན་རྒྱ་གར་གྱི་པཎ་གྲུབ་ཚོ་རེད། ལྷག་པར་དུ་བོད་ཀྱི་ཆོས་རྒྱལ་ཚོས་མཐུན་འགྱུར་རོགས་རམ་དང་། དགོས་སུ་དཀའ་བ་དུ་མ་སྤྱད་པའི་བོད་ཀྱི་ལོ་ཙཱ་བ་ཚོས་སྐུ་ལས་ཆེན་པོ་བསྐྱོན་ནས་མར་དར་ཁྱབ་བྱུང་བ་ཞིག་རེད། བོད་ལ་ཕྱི་དངོས་པོར་མཚོན་ན་ཆེས་རྗེས་ལུས་ཀྱི་རྣམ་པ་ཡོད་ཀྱང་། ནང་བསམ་པའི་འཁྱེར་སོ་དེ་ཡར་ལྷ་བླ་མར་དད་པ་བྱེད་པ་དང་། མར་སེམས་ཅན་སྲོག་ཆགས་གྲོག་མ་ཚུན་ཆད་ལ་སྙིང་རྗེ་བྱེད་པ་རེད། དེ་བོད་གངས་ཅན་གྱི་ལྗོངས་རེད། དེ་བཞིན་བོད་ཀྱི་བླ་མ་ཚོས་ཐུགས་རྗེ་འཕྲིན་ལས་ཀྱིས་ཁྱབ་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་ཚོ་གཞན་དང་མ་འདྲ་བ། འཛམ་བུ་གླིང་གི་མི་རིགས་གཞན་གང་ལ་བསྡུར་བ་ཡིན་ནའང་བསམ་པའི་འཁྱེར་སོ་མ་འདྲ་བ་ཡོད་པའི་སྟོབས་ལ་བརྟེན་ནས་གཤིས་རྒྱུད་འདུལ་བ་དང་བཟང་པོ། བག་ཡོད་ལྡན་པ་ཞིག་ཡིན་པ་དེ་དཔེ་མ་སྲིད་པའི་གལ་ཆེན་པོ་རེད། འགྲོ་བ་མིས་མཚོན་པའི་སེམས་ཅན་དུ་གཏོགས་ཚད་ཚང་མ་སྡུག་བསྔལ་མི་འདོད་མཁན་དང་བདེ་སྐྱིད་འདོད་མཁན་ཤ་སྟག་ཡིན་པ་དང་། སྡུག་བསྔལ་སེལ་བ་དང་བདེ་སྐྱིད་ཐོབ་ཆེད་ང་རང་ཚོ་ཚང་མས་དཀའ་ལས་རྒྱག་གིན་ཡོད་པ་རེད། འབད་བརྩོན་བྱེད་ཀྱིན་ཡོད་པ་རེད། ཡར་རྒྱས་གཏོང་གིན་ཡོད་པ་རེད། ཕྱི་དངོས་པོ་ཡར་རྒྱས་ཅི་ཙམ་ཕྱིན་ཀྱང་ནང་སེམས་དེ་ཡར་རྒྱས་ཕྱིན་མ་ཐུབ་པ་ཡིན་ན་དཀའ་ངལ་དངོས་གནས་དེ་སེལ་ཐུབ་ཡོད་མ་རེད། ཇི་སྲིད་སེམས་ཉོན་མོངས་པ་གཞན་དབང་དུ་གྱུར་པ་དེ་རྣམས་མ་གྲོལ་བར་དེ་སྲིད་དུ་རང་དབང་དངོས་གནས་དང་། ཞི་བདེ་དངོས་གནས་དེ་འཐོབ་ཐུབ་རྒྱུ་མེད་པ་རེད། དེ་འདྲ་ཡིན་ཙང་དེ་དག་ཐོབ་པའི་ཆེད་དུ་ཆོས་ཀྱི་ཉམས་ལེན་བྱེད་རྒྱུ་དེ་གལ་ཆེན་པོ་རེད། ཅེས་དང་། 

ཁོང་གིས་ལུས་སེམས་ཀྱི་འཕྲོད་བསྟེན་ལ་དོ་སྣང་དགོས་སྐོར་བཀའ་སློབ་གནང་དོན། གཞོན་སྐྱེས་ཚོས་ཆང་རག་ཚོད་མེད་འཐུང་རྒྱུ་དང་། ཐ་མག་འཐེན་རྒྱུ་ལྷག་པར་དུ་ཐ་མག་ནག་པོ་དང་རྫས་ངན་འདྲ་མིན་ཟོས་ཏེ། ལུས་སེམས་གཉིས་ཀ་འཕྲོ་བརླག་འགྲོ་བ་དེ་འདྲའི་སྤྱོད་པ་ངན་པ་བྱེད་མཁན་མང་པོ་ཡོད་རྒྱུ་མ་རེད་དེ། དེ་འདྲ་རེ་གཉིས་ཡོད་སྲིད་པས་དེ་ཚོ་དཔེ་མི་སྲིད་པའི་ནོར་འཁྲུལ་ཆེན་པོ་རེད། སྤྱོད་པ་དེ་འདྲ་མེད་མཁན་ཚོས་ཀྱང་དུས་དང་རྣམ་པ་ཀུན་ཏུ་དོགས་ཟོན་བྱས་ཏེ། དེའི་ཕྱོགས་ལ་མ་འགྲོ་བ་ཞིག་བྱེད་དགོས་པ་དེར་ཕ་མ་ཚོས་སློབ་གསོ་རྒྱག་དགོས་པ་དང་། གཞོན་པ་ཚོས་ཀྱང་སོ་སོས་བསམ་བློ་ཡག་པོ་གཏོང་དགོས་པ་རེད། རང་གཅེས་པར་མི་འཛིན་མཁན་སུ་གང་མེད་པས། དུས་དང་རྣམ་པ་ཀུན་ཏུ་གཟུགས་པོར་འཕྲོད་བསྟེན་གནང་རྒྱུ་དེ་གལ་ཆེན་པོ་རེད། སྔོན་ཆད་བག་མེད་སྤྱོད་པའི་དབང་དུ་གྱུར་ཟིན་པ་དེ་འདྲ་ཡིན་ནའང་གཟབ་གཟབ་བྱས་པ་ཡིན་ན་གང་ཡིན་ནའང་བཟོ་བཅོས་ཐུབ་པས། སྤྱོད་པ་ངན་པའི་རིགས་དེ་ཚོ་རང་དོན་རང་གཅེས་བྱས་ཏེ་ཕར་སྤང་ནས་མི་ཚུལ་ལྡན་སྤྱོད་པ་ཡ་རབས་ཤིག་བྱེད་དགོས་པ་དེ་དཔེ་མ་སྲིད་པའི་་གལ་ཆེན་རེད་འདུག མིའི་ལུང་པ་གཞན་དག་ལ་བལྟས་ན་ང་རང་ཚོ་བོད་པ་མི་འབོར་ཉུང་ཉུང་རེད་བསྡད་ཡོད་པ་དང་། དེ་བཞིན་ཧི་མ་ལ་ཡའི་མི་རྒྱུད་ཚོ་ཡིན་ནའང་ང་རང་ཚོ་བོད་པ་གཅིག་པ་རེད། བསམ་པའི་འཁྱེར་སོ་དང་སྤྱོད་ལམ་གང་ཡིན་ནའང་གཅིག་འགྱུར་རེད་བསྡད་ཡོད་པ་རེད། ཚང་མས་དུས་དང་རྣམ་པ་ཀུན་ཏུ་གཟབ་གཟབ་བྱས་ནས་དེ་རིང་ང་རང་ཚོར་ཐོབ་པའི་ལུས་རྟེན་འདི་ཡུན་རིང་འཚོ་ཐུབ་པ་གཅིག་དང་། འཚོ་བ་དེ་ཡང་གཟུགས་པོ་བདེ་ཐང་གི་ངང་ནས་འཚོ་ཐུབ་པ་ཞིག་བྱུང་ན་ཆོས་འཇིག་རྟེན་གང་གི་བྱ་བ་ཡིན་ནའང་འགྲུབ་ཐུབ་པ་ཞིག་ཡིན་པས། ཚང་མས་དུས་དང་རྣམ་པ་ཀུན་ཏུ་ཟས་བཅུད་འཕྲོད་བསྟེན་གནང་རྒྱུ་སོགས་གལ་ཆེན་རེད། ཅེས་གསུངས་འདུག

པུ་རུ་ཝ་ལའི་གཞིས་དགོན་གཉིས་ཀྱིས་གསོལ་འདེབས་ཞུས་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་༧གོང་མ་རིན་པོ་ཆེ་མཆོག་ནས་མི་མང་ལ་ཆོས་འབྲེལ་ཚེ་དབང་དང་དཔེ་མཛོད་སྒོ་འབྱེད་སོགས་ཀྱི་བཀའ་དྲིན་བསྐྱང་རྒྱུ་ཡིན་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༡༧ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༡༨ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༡༨ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༢༣ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    ་་་་་་་་་་ སྔོན་ཆད་བག་མེད་སྤྱོད་པའི་དབང་དུ་གྱུར་ཟིན་པ་དེ་འདྲ་ཡིན་ནའང་གཟབ་གཟབ་བྱས་པ་ཡིན་ན་གང་ཡིན་ནའང་བཟོ་བཅོས་ཐུབ་པས།
    སྤྱོད་པ་ངན་པའི་རིགས་དེ་ཚོ་རང་དོན་རང་གཅེས་བྱས་ཏེ་ཕར་སྤང་ནས་མི་ཚུལ་ལྡན་སྤྱོད་པ་ཡ་རབས་ཤིག་བྱེད་དགོས་པ་དེ་དཔེ་མ་སྲིད་པའི་་གལ་ཆེན་རེད་འདུག ་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese