མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་པ་ནས་ནང་པར་གྱུར་བ།

བོད་ཀྱི་དུས་བབ།
༢༠༡༥/༠༣/༡༦
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་ཚོར་རྒྱུ་མཚན་ལོས་ཡོད། ལར་ནས་རྒྱ་ནག་གཞུང་དང་བོད་མིའི་བར་དུ་བསམ་བློའི་ལྟ་གྲུབ་ཀྱི་དམག་འཁྲུག་ཅིག་རྒྱག་གིན་ཡོད་ལ། གཅིག་གིས་གཅིག་ལ་མགོ་སྒུར་དང་མ་སྒུར་གྱི་བདེན་དཔང་ནི་རྩིགས་ངོས་ན་༧གོང་ས་མཆོག་གི་སྐུ་པར་ཡོད་མེད་དེ་ཡིན། ཁག་ཅིག་གིས་དམག་འཁྲུག་འདི་ནི་ཚར་གཅོད་རང་བཞིན་ཡིན་པར་བརྗོད་ལ། ཡང་། དམག་འཁྲུག་འདིའི་རྒྱབ་ནས་མི་རིགས་རིང་ལུགས་ཀྱི་དམག་འཁྲུག་གཞན་ཞིག་མཐོང་མཁན་ཡང་ཡོད། འོན་ཀྱང་། སྐབས་བབ་ཀྱི་གླེང་གཞི་ནི་ང་ཚོ་བོད་པ་ནས་ནང་པར་གྱུར་ཚུལ་དེ་ཡིན།
བོད་ནང་གི་ཡར་ལངས་ནི་ནམ་རྒྱུན་གྲྭ་བཙུན་དག་གིས་སྣེ་ཁྲིད་ནས་ཡོང་གི་ཡོད། རྣམ་པ་འདིས་ཐོག་མར་སྟོན་པ་ནི་བོད་ནང་དུ་ཆོས་དད་རང་དབང་མེད་པ་དང་། ཡང་ན། བོད་ཀྱི་གནད་དོན་ནི་ཐད་ཀར་ནང་བསྟན་ཆོས་ལུགས་དང་དེ་ཉམས་ལེན་བྱེད་མཁན་ལ་ལྷག་པར་དུ་འབྲེལ་བསྡད་པ་དེ་ཡིན།
འདས་པའི་ལོ་ ༣༠ རིང་བོད་ནས་རྒྱ་གར་དུ་བྲོས་བྱོལ་ལ་ཡོང་མཁན་ཚོར་དམིགས་ཡུལ་གཉིས་ཡོད་པའི་གཅིག་ནི་༧གོང་ས་མཆོག་ལ་མཇལ་ཁ་ཞུ་རྒྱུ་དང་། གཉིས་པ་ནི་ནང་ཆོས་གཙོ་བོར་གྱུར་པའི་བོད་ཀྱི་ཆོས་རིག་ལ་སློབ་གཉེར་བྱེད་རྒྱུ་དེ་ཡིན། འདི་ནི་བོད་མི་བྲོས་བྱོལ་བ་ཚོ་ཧི་མ་ལ་ཡ་བརྒལ་རྗེས་༸རྒྱལ་བ་རིིན་པོ་ཆེས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་ཡར་ཞུ་དང་། རྒྱལ་སྤྱིའི་སྟེང་གསལ་བཤད་བྱེད་ཀྱིན་པའི་དཀའ་ངལ་ཆེ་ཤོས་ཡིན། དགུ་བཅུ་གོ་གྲངས་ཀྱི་རྗེས་ནས་བཙན་བྱོལ་ལ་ཕེབས་པའི་མི་སྣ་གལ་ཆེ་ཤོས་གཉིས་ནི་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དང་། སྐུ་འབུམ་བྱམས་པ་གླིང་གི་དགོན་བདག་ཨ་ཀྱཱ་རིན་པོ་ཆེ་རྣམ་གཉིས་ཡིན་ལ། ཁོང་རྣམ་གཉིས་བཙན་བྱོལ་དུ་ཕེབས་དོན་ཡང་ཆོས་ཕྱོགས་ཀྱི་བསླབ་པ་སློབ་གཉེར་དང་། ཡང་ན། ནང་ཆོས་ཀྱི་ཉམས་ལེན་ལ་འབྲེལ་ཡོད། དེ་བཞིན་བོད་ཀྱི་ཆོས་བརྒྱུད་ཆེན་མོ་དག་གི་དབུ་ཁྲིད་བླ་ཆེན་ཚང་མ་བཙན་བྱོལ་དུ་བཞུགས་ཡོད། འོན་ཀྱང་། བོད་ནས་ད་བར་ཆབ་སྲིད་ཀྱི་གོ་གནས་ཡོད་མཁན་བོད་རིགས་མགོ་ཁྲིད་དང་། ཤེས་ཡོན་གྱི་གནས་ཚད་མཐོན་པོ་ཡོད་པའི་མཁས་པ་བཙན་བྱོལ་དུ་ཡོང་མཁན་ཕལ་ཆེར་མེད། འདི་ནི་ལྐོག་གྱུར་གྱི་དྲི་བ་མིན་པར་མིག་ཐོག་ལ་ཤར་བའི་གསལ་བཤད་རིགས་ཤིག་ཏུ་འགྱུར་གྱིན་ཡོད། གཞི་རིམ་མང་ཚོགས་ཀྱི་རིམ་པ་ནས་བལྟས་ནའང་། སྟོང་ལོ་གསར་པ་འདི་ཤར་རྗེས་སུ་སྣང་ཚུལ་གསར་པ་རེ་ཟུང་བྱུང་བ་ནི། ༢༠༠༦ ལོར་བོད་མི་ཁྲི་ལྷག་བོད་ནས་རྒྱ་གར་ལྷོ་ཕྱོགས་སུ་༧གོང་ས་མཆོག་གི་དུས་དབང་ཞུ་བར་ཡོང་། སྐབས་དེའི་༧གོང་ས་མཆོག་གི་བཀའ་སློབ་ལ་བརྟེན་ནས་བོད་ས་ཁྱོན་ཡོངས་སུ་པགས་རིགས་མེར་བསྲེག་གི་ལས་འགུལ་དེ་འཕྱུར། ཟླ་ཤས་རྗེས་ནས་༧གོང་ས་མཆོག་སྐུ་འབུམ་དུ་ཆིབས་བསྒྱུར་གནང་གི་ཡོད་ཚུལ་ཐོས་ཏེ་བོད་མོ་འབུམ་གཅིག་ལྷག་ས་དེར་འཛོམས། བོད་མི་རིགས་ཀྱིས་༧གོང་ས་མཆོག་གི་ཞབས་རྗེས་སྙེག་བཞིན་དང་གསུང་ལ་ཉན་བཞིན་དུ་ཡོང་གིན་ཡོད་ལ། ཁོང་མ་ཕེབས་སར་ཡང་རྟོག་བཟོ་ལྟ་བུ་བྱས་ནས་འཛམས་ཀྱིན་ཡོདཉ བོད་མིའི་སྲོལ་རྒྱུན་དང་མཛེས་དཔྱོད་ཀྱི་ལྟ་བ་གང་ལ་འགལ་ཡང་། ༧གོང་ས་མཆོག་གིས་གང་གསུངས་པ་ནི་རྩ་བའི་བླ་མའི་བཀའ་ཡིན་པར་བརྩི་གིན་ཡོད། བཀའ་འདིའི་ཡན་གྱི་རིན་ཐང་ནི་གང་དུའང་མེད།
གནས་སྟངས་འདི་དག་ནི་སྤྱིར་བཏང་གི་བོད་མི་སྐྱབས་བཅོལ་བ་དང་། དམིགས་བསལ་གྱི་སྐྱབས་བཅོལ་བ། བཙན་བྱོལ་དུ་ཡོང་མ་ཐུབ་པའི་གཞིས་ལུས་བོད་མི་དང་ཆོས་ཞུ་བ་བཅས་ཀྱི་ཐུན་མོང་གི་དཀའ་ངལ་ཡིན་ལ། འདིས་བོད་དོན་ནི་བོད་མི་རིགས་དང་༧གོང་ས་མཆོག་གི་བར་གྱི་དད་པ་དམ་ཚིག་གི་གནད་དོན་ཞིག་ཏུ་བསྒྱུར་ཡོད་ལ། ད་བར་གྱི་ཡར་ལངས་དག་ཀྱང་དད་པ་དམ་ཚིག་ཅིག་གིས་བསླངས་པར་བསྟན་ཡོད།
བཙན་བྱོལ་སྤྱི་ཚོགས་ཀྱིས་གནས་སྟངས་འདི་ཇེ་གསལ་དུ་བཏང་། བཀའ་ཁྲི་ཟགདོང་རིན་པོ་ཆེ་མཆོག་གིས་ལོ་སྔོན་མར་བོད་ཀྱི་ནང་ཆོས་འདི་སྲུང་སྐྱོབ་ཐུབ་པ་ཡིན་ན་བོད་མི་རིགས་ཉམས་སོང་ནའང་འགྲིག་གི་ཡོད་ཚུལ་གསུངས་ཤིང་། རྒྱ་ནག་ལ་འདོན་བཞིན་པའི་དགོས་འདུན་ཡང་། བོད་ལ་ཆོས་དང་རིག་གཞུང་གི་རང་སྐྱོང་གི་སྤྲོད་དགོས་པ་དེ་ཡིན། བར་སྐབས་ཤིག་ནས་ཐ་ན་བཙན་བྱོལ་སྤྱི་ཚོགས་ནང་གི་ངོ་རྒོལ་ཁྲོམ་སྐོར་སོགས་ཀྱི་སྐབས་སུ། བོད་མིའི་བདག་དབང་དང་རང་དབང་གི་དོན་དུ་ཁ་གསལ་བའི་དགོས་འདུན་ཆེར་མི་འདོན་པར། བྱང་ཆུབ་སེམས་མཆོག་རིན་པོ་ཆེ། མ་སྐྱེ་བ་རྣམས་སྐ྄ེ་བར་ཤོག སྐྱེ་བ་ཉམས་པ་མེད་པར་ཡང་། གོང་ནས་གོང་དུ་འཕེལ་བར་ཤོག ཅེས་སྐྱོར་ནས་འགྲོ་གིན་ཡོད། བོད་ནང་ནས་ཀྱང་རྒྱ་ནག་གི་ཁ་གཏད་གཅོག་སྐབས་ཞ་འདོན་འདི་སྐྱོར་མགོ་བཙུགས་ཡོད། ཞལ་འདོན་འདི་ནི་ནང་པའི་བསྟན་པ་འདིས་འཇིག་རྟེན་གྱི་མི་སྡེ་སྤྱི་ཚོགས་ཡོངས་ལ་འཁྱེར་བའི་བསམ་བློ་དང་ཀུན་སྤྱོད་ཀྱི་འགན་ཁུར་དང་། ཆོས་ལུགས་རང་སྟེང་གི་ཕུགས་བསམ་རྨང་གཞིར་བྱས་པའི་གསོལ་བ་སྨོན་ལམ་ཙམ་མ་གཏོགས་བོད་མི་རིགས་ལ་ཐད་ཀར་དུ་འཁྲི་བའི་འབོད་ཚིག་ཅིག་མིན།
མུ་མཐུད་དུ་གླེང་ན། བཙན་བྱོལ་བོད་མིའི་དབུ་ཁྲིད་དག་གིས་རྩ་དོན་གྱི་ཁ་ཕྱོགས་འདིང་སྐབས། འཐབ་རྩོད་དང་འཐབ་བྱུས་གང་ཡིན་ཡང་ལོ་རྒྱུས་ལ་གཞི་འཇོག་གི་མེད། འདིའི་གོ་དོན་ནི། ལོ་རྒྱུས་ཐོག་བོད་ནི་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་ལ། ལོ་ངོ་སྟོང་ཕྲག་གི་རིང་མི་རིགས་འདིན་ཁྱིམ་མཚེས་རྒྱལ་ཁབ་དག་ལ་དྲག་པོའི་སྟོབས་ཤུགས་ཀྱིས་དམག་འཐབ་བྱས་ཡོད། ཡིན་ནའང་། ད་ལྟ་བོད་མི་ཚོས་སྔོན་གྱི་བདག་དབང་མི་རྩོད་པའི་ཆ་རྐྱེན་འོག་ནས་རང་སྐྱོང་གི་གནས་བབ་གླེང་གིན་ཡོད། དེའི་ཁར། འཐབ་བྱུས་ཀྱང་འཚེ་མེད་ཞི་བ་སྟེ། ལས་དགེ་སྡུག་གི་འགྲེལ་བཤད་སྟེང་ནས་སྤེལ་གྱིན་ཡོད། གསུམ་བཅུའི་དུས་དྲན་གྱི་ངོ་རྒོལ་རྗེས་ནས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་གཞིས་བྱེས་བོད་མི་ཡོངས་ལ་གནས་སྟངས་གང་དུའང་དྲག་པོའི་ལས་འགུལ་མ་སྤེལ་ོགས། ད་ལྟའི་དུས་འདི་ནི་ང་ཚོས་འཛམ་གླིང་ལ་རང་ཉིད་ནང་པ་སངས་རྒྱས་པ་ཞིག་ཡིན་མིན་ཡིག་རྒྱུགས་འཕྲོད་མིན་གྱི་གནད་ལ་ཐུག་ཡོད་སྐོར་གསུངས་ཡོད། ང་ཚོ་བོད་པ་ནས་ནང་པར་གྱུར་ཡོད་ཀྱང་། ད་དུང་ཡིག་རྒྱུགས་སྤྲོད་དགོས།
༧གོང་ས་མཆོག་གིས་འཛམ་གླིང་མི་དམངས་ལ་བོད་མི་རིགས་ནི་ནང་ཆོས་ཀྱི་བྱམས་སྙིང་རྗེ་དང་ལས་རྒྱུ་འབྲས་གཉིས་ལ་འབྲེལ་ནས་ངོ་སྤྲོད་གནང་བ་བཞིན། བོད་མི་ཚོས་ཀྱང་རང་ཉིད་བོད་པ་ལས་ཀྱང་ནང་པ་ཞིག་ཡིན་པའི་དཔྲལ་བ་དེ་འཛམ་གླིང་ལ་སྟོན་བཞིན། རང་ཉིད་ལ་ཡོད་པའི་སྣུམ་ཐིག་དེ་འདི་ཡིན་ལུགསབརྗོད་ཀྱིན་ཡོད། རྒྱ་ནག་གིས་ཀྱང་བོད་གངས་ཅན་གྱི་ཡུལ་འདི་ནང་བསྟན་རིག་གནས་ཀྱི་འགྲེམས་སྟོན་ཁང་ལྟ་བུ་ཞིག་ལ་བསྒྱུར་རྩིས་ཡོད་ལུགས་བཤད་ཀྱིན་ཡོད། འཛམ་གླིང་གི་ཡུལ་སྐོར་བ་དག་ལ་སྟོན་གྱིན་པའི་འགྲེམས་སྟོན་ཁང་དང་པོ་ནི་ཕོ་བྲང་པོ་ཏ་ལ་དང་ནོར་བུ་གླིང་ཀ་གཉིས་ཡིན་ལ། རིག་བཞིན་སེར་འབྲསས་དགེ་གསུམ་གྱིས་གཙོས་པའི་བོད་ནང་གི་དགོན་པ་ཆེ་གྲས་ཁག་འགྲེམས་སྟོན་ཁང་ལ་བསྒྱུར་རྒྱུ་དང་། ལྷག་འཕྲོས་རྣམས་སྒོ་རྒྱག་རྩིས་རེད། འདི་ལྟར་བོད་ཀྱི་སྣོད་བཅུད་གཉིས་ཀ་ནང་བསྟན་རིག་གནས་ཀྱི་འགྲེམ་སྟོན་ཁང་དང་དེའི་ནང་གི་རིག་དངོས་ཙམ་ཞིག་ཏུ་འགྱུར་གྱིན་ཡོད།

འབྲེལ་ཡོད་གསར་འགྱུར།

Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

ཆུ་ཚོད་ ༢ སྔོན་ལ།
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

ཆུ་ཚོད་ ༡༩ སྔོན་ལ།
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

ཆུ་ཚོད་ ༢༡ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

ཆུ་ཚོད་ ༢༢ སྔོན་ལ།
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

༢༠༢༦/༠༣/༣༠

མཆན། 1

  1. Doko says:
    ལོ་ 18 སྔོན།

    དོན་ངེས་ཤིང་གི་སོག་ལེ་ལྕགས་ལ་མི་འགྲོ་བ་དང་ནང་བཞིན་འཚེ་མེད་ཞི་བའི་ཐབས་ལམ་དེ་རྒྱ་དམར་དྲག་སྤྱོད་ཀྱི་གཞུང་ཐོག་ནུས་པ་ཐོན་མི་སྲིད། བོད་མི་རིགས་ཀྱི་ཁྲོད་ནས་ངེས་པར་དུ་རྒྱ་དམར་གྱིས་བོད་ཐོག་མི་འབོར་དང་དམག་ཤུགས་ཟུང་འབྲེལ་གྱིས་མནར་གཅོད་གཏོང་བཞིན་པར་འཇབ་རྒོལ་ཚ་ཐག་ཆོད་སློག་ཐུབ་མཁན་གྱི་དབུ་ཁྲིད་གཅིག་སྐྱེས་རྒྱུ་ཁ་ཚ་དགོས་གཏུགས་ཆགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese