མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཇོ་ནང་པ་ཚོས་སྤྱི་འཐུས་སྒོ་ཁར་ཞི་རྒོལ་གནང་།

བོད་ཀྱི་དུས་བབ།
༢༠༡༥/༠༣/༢༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་གྲོས་ཚོགས་ལས་རིམ་མགོ་བཙུགས་པ་དང་བསྟུན་ཏེ། རྒྱ་གར་དང་བལ་ཡུལ་གྱི་ཇོ་ནང་ཆོས་བརྒྱུད་རྗེས་འབྲང་བ་དང་མང་ཚོགས་བརྒྱད་ཅུ་ ལྷག་གིས་སྤྱི་འཐུས་ཚོགས་ཁང་སྒོ་ཁར་ཞི་རྒོལ་མགོ་འཛུགས་གནང་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ སྟེང་། སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་བའི་ལས་ཉིན་བཅུ་གཉིས་པ་དབུ་འཛུགས་དང་བསྟུན་ཏེ། དྷ་སར་རྟེན་གཞི་བྱས་པའི་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོ་ལགས་དང་། སིམ་ལ་ཇོ་ནང་མ་དགོན་གྱི་མཁན་རིན་པོ་ཆེ་རྣམ་གཉིས་ཀྱིས་སྣེ་འཁྲིད་འོག རྒྱ་གར་དྷ་རམ་ས་ལ་དང་ལྡི་ལི་གཙོ་བྱས་པའི་བལ་ཡུལ་དང་། སིམ་ལ་ཇོ་ནང་དགོན་བཅས་ཀྱི་དཔལ་རྒྱལ་བ་ཇོ་ནང་པའི་ཆོས་བརྒྱུད་རྗེས་འབྲང་པ་དང་། གཞན་དྷ་ས་ཁུལ་གྱི་མང་ཚོགས་བཅས་སྐྱ་སེར་ ༨༠ ལྷག་གིས་དྷ་རམ་ས་ལའི་གངས་སྐྱིད་སྤྱི་འཐུས་ཚོགས་ཁང་སྒོ་མཁར། དགོས་འདུན་དོན་ཚན་ ༤ ཡི་འོག་ནས་ཞུ་འབོད་ལས་འགུལ་ཞིག་སྤེལ་སོང་།

དགོས་འདུན་དོན་ཚན་བཞི་ནི།  ༡༽གཞིས་བྱེས་བོད་མི་ཁྲི་ཕྲག་མང་པོའི་ལོ་ངོ་བཅོ་བརྒྱད་ལྷག་གི་རིང་སྙན་ཞུ་བརྒྱ་ཕྲག་ལྷག་ཕུལ་བ་རྩིས་མེད་བཏང་དགོས་དོན་ཅི་ཡིན་གསལ་བཤད་བྱ་དགོས། ༢༽ས་སྐྱའི་སྤྱི་འཐུས་ག་ཟི་དགེ་བཤེས་ཚེ་རིང་པོ་གཙོས་ཆོས་བརྒྱུད་སྤྱི་འཐུས་རྣམས་ཀྱིས་༧གོང་ས་མཆོག་གི་བཀའ་སློབ་དང་། བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམས་ཀྱིས་ཇོ་ནང་པར་རྒྱབ་གཉེར་སྤྲད་པའི་ཡིག་ཆ། དེ་བཞིན་ཆོས་ཚོགས་ཐེངས་བཅུ་གཅིག་པའི་གྲོས་ཆོད་བཅས་རྩིས་མེད་བཏང་དོན་ཅི་ཡིན་གསལ་བཤད་བྱ་དགོས། ༣༽ ཐེངས་འདིའི་གྲོས་ཚོགས་སྟེང་དྲང་བདེན་མིན་པའི་ཐག་གཅོད་ལ་ངོས་ལེན་མེད་པ་མ་ཟད། འགྲོ་གླེང་ཙམ་ཡང་མ་བྱས་པའི་དགོངས་དོན་ཅི་ཡིན་གསལ་བཤད་བྱ་དགོས། ༤༽ སྐབས་བཅུ་དྲུག་པའི་འོས་བསྡུའི་ལས་རིམ་མགོ་འཛིགས་མ་གནང་བའི་སྔོན་དུ། ཇོ་ནང་པར་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་གནང་ཕྱོགས་ཐག་གཅོད་གནང་དགོས།

གོང་འཁོད་དོན་ཚན་བཞི་པོར་ཡ་ལན་གསལ་ཁ་མ་བྱུང་བར་དུ། ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་རྒྱུན་ལས་རྣམས་དང་། སིམ་ལ་ཇོ་ནང་མ་དགོན་གྱི་མཁན་རིན་པོ་ཆེའི་དབུས་ལས་སྣེ་རྣམ་པ། བལ་ཡུལ་ཇོ་ནང་དགོན་པའི་ལས་སྣེ། ལྷོ་ཕྱོགས་གདན་ས་ཁག་ཏུ་སློབ་གཉེར་གནང་བཞིན་པའི་ཇོ་ནང་གྲྭ་བ་ཁ་ཤས་དང་། དྷ་ས་དང་ལྡི་ལིར་གནས་བཞུགས་ཇོ་ནང་ཆོས་བརྒྱུད་འཛིན་པ་ཁག་ཅིག་བཅས་ལས་གྲུབ་པའི་ཞི་རྒོལ་འདི་ཉིད་འཚམས་འཇོག་མི་བྱེད་པའི་དམ་བཅའ་ཡིན།  ཞེས་འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་གཙོས་ཐེངས་འདིའི་ལས་འགུལ་བ་ཐུན་མོང་ནས། ཞེས་སོགས་འཁོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

༢༠༢༦/༠༡/༡༠
A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

༢༠༢༦/༠༡/༠༩
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

༢༠༢༦/༠༡/༠༩
Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

༢༠༢༦/༠༡/༠༨
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧

མཆན། 29

  1. sangkye says:
    ལོ་ 11 སྔོན།

    ད་ཐང་ད་ཇོ་ནང་གི་ཁྲིམས་དང་མཐུན་པའི་ལས་འགུལ་ཞིག་སྤེལ་འདུག དེ་ཡག་པོ་འདུས་བསམས་སོང་། ཕྱིན་ཆད་གྲོས་ཚོགས་ཀྱི་དེའི་ཐོག་ལ་ཐག་ཆོད་ཡག་པོ་གནང་ན་ལེགས་པར་སྙམ། བྱ་བ་དེ་ཚོའི་རིགས་སྣང་མེད་དུ་བཏང་ན་ཕྱིན་ཆད་འགྱོད་ཡོངས་ངས་རེད། དེའི་ཐོག་ལ་སྤྱི་མཐུས་ཚང་མའི་ཐུགས་བསམ་གནང་དགོས་པ་དེ་གལ་ཆེན་མཐོང་། ཐུགས་བསམ་མ་གནང་ན་ཇོ་ནང་པའི་གྲྭ་རྐྱང་ཚོ་གྲལ་བསྒྲིགས་ངན་པ་ཡོད་རྒྱུ་རེ་བམས་གི ག་ཟི་དགེ་བཤེས་ཚེ་རིང་པོ་ཡིན་ན་བམས་བློ་ཡག་པོ་བཏང་ན་རེད་བསམ་སོང་། སྐུ་ཚེ་བརྟན་མིན་ཐེ་ཚོམས་རེད། རྒྱལ་ལོ་རྒྱལ་ལོ་ཇོ་ནང་རྒྱལ་ལོ།

    Reply
  2. མེད་ན་མེད། says:
    ལོ་ 11 སྔོན།

    ཇོ་ནང་པ་རྒྱལ་གྱུར་ཅིག

    Reply
  3. འགྲུལ་བཞུད་པ། says:
    ལོ་ 11 སྔོན།

    མང་གཙོའི་ལུགས་དང་མཐུན་པའི་ཞི་རྒོལ་བྱས་པ་དེར་བསྔགས་བརྗོད་ཡོད། དེར་མང་གཙོའི་ཐོབ་ཐང་ལོངས་སུ་སྤྱད་པ་ཟེར། གལ་སྲིད་ཆོས་བརྒྱུད་ཚོར་རྐུབ་སྟེགས་སྤྲད་པ་དེ་བདེན་པར་མཐོང་ན་ཇོ་ནང་གཙོས་པའི་ཆོས་བརྒྱུད་ཚང་མར་ཐོབ་ཐང་གཅིག་གྱུར་དགོས། དེ་མིན་མང་གཙོའི་ལུགས་དང་འགལ། འོན་ཀྱང་ཐབས་ཇུས་གཅིག་ཡོད་པ་ནི་ཆོས་ལུགས་ཡོངས་ཀྱི་སྤྱི་མཐུས་འོས་མི་མེད་པ་བཟོ་རྒྱུ་དེ་རེད། དེ་མིན་གཅིག་མཚུངས་མིན་པའི་བལྟ་ཚུལ་དེ་མི་བུ་ཐམས་བཅད་ཀྱི་མིག་ངོར་ཤར་ངེས་ཡིན་པ་ཐག་ཆོད། དེས་ན་ཇོ་ནང་གི་རེ་འབོད་དེར་ཁ་གསལ་གྱི་ལན་འདེབས་ཡོད་ན་གནས་ཚུལ་ཇེ་བཟང་དུ་འགྲོ་ངེས་རེད།

    Reply
  4. ཨ says:
    ལོ་ 11 སྔོན།

    ཞི་རྒོལ་མཁན་དང་ཞི་རྒོལ་བྱ་ཡུལ་གཉིས་ཀས་ཐེངས་འདིར་མང་གཙོའི་བྲོ་བར་ཞིབ་མྱོང་ཚད་ལྡན་ཞིག་བྱས་ན། ཕྱི་ཡུལ་བ་འུ་ཚོའི་ལོ་འདིའི་ལྟད་མོ་ཆེས་ཡག་ཤོས་དེ་འདི་ཡིན་ངེས། འདིར་རེབ་འདིའི་དོན་དག་སྐོར་ནས་བསམ་ཚུལ་ཅི་ཙམ་ཞིག་བཤད་ནའང་། སྙིང་དགོས། དོན་དག་འདི་ལ་སྤྱི་འཐུས་རྐུབ་སྟེགས་སྟེང་གི་སྲས་སྲས་མོ་ཚོའི་སྤྱན་ཐོགས་ག་ལ་དཔེ། དེ་བས་སེམས་ནི་ཅི་བཤད།

    Reply
  5. ཐོབ་ཐང་། says:
    ལོ་ 11 སྔོན།

    བོད་ལ་ཁ་ཆེ། ཡེ་ཤུ། ད་དུང་གྲུབ་མཐའ་ཡོང་ཆོག་ཆོག་ཡིན་པས་དེ་དག་དང་། གསར་དགོན། རྙིང་དགོན། བཀའ་དགོན། ས་དགོན། བོན་དགོན། ཇོ་དགོན། སྔགས་དགོན། ཨ་ནི་དགོན་སོགས་ཀྱིས་ཀྱང་དགོན་པའི་འཐུས་མི་དགོས་ཟེར་ནས་འོས་ལང་བྱེད་སྲིད་པས་དེ་དུས་ང་ཚོས་ཅི་ཞིག་བྱ། ང་ཚོའི་ནང་ཁུལ་ལ་མཐུན་ལམ་ཞིག་ཡོང་ས་འདུག་གམ། བོད་དོན་ཞིག་འགྲུབ་བམ། ཞིབ་ཏུ་བསམ་དགོས་སོ།།

    Reply
  6. ཐོབ་ཐང་། says:
    ལོ་ 11 སྔོན།

    བོད་ལ་ཁ་ཆེ། ཡེ་ཤུ། ད་དུང་གྲུབ་མཐའ་ཡོང་ཆོག་ཆོག་ཡིན་པས་དེ་དག་དང་། གསར་དགོན། རྙིང་དགོན། བཀའ་དགོན། ས་དགོན། བོན་དགོན། ཇོ་དགོན། སྔགས་དགོན། ཨ་ནི་དགོན་སོགས་ཀྱིས་ཀྱང་དགོན་པའི་འཐུས་མི་དགོས་ཟེར་ནས་འོས་ལང་བྱེད་སྲིད་པས་དེ་དུས་ང་ཚོས་ཅི་ཞིག་བྱ། ང་ཚོའི་ནང་ཁུལ་ལ་མཐུན་ལམ་ཞིག་ཡོང་ས་འདུག་གམ། བོད་དོན་ཞིག་འགྲུབ་བམ། ཞིབ་ཏུ་བསམ་དགོས་སོ།།

    Reply
  7. བསྟན་ཆོས། says:
    ལོ་ 11 སྔོན།

    བོད་དགའ་ལགས། བླ་ཆེན་ཇོ་ནང་བ་འདི་བོད་ཀྱི་ཆོས་རྒྱུད་ཅིག་ལ་ངོས་ལན་གནང་ཟིན་པ་རེད།

    Reply
  8. བསྟན་ཆོས། says:
    ལོ་ 11 སྔོན།

    དོན་དངོས་དང་དྲང་བདེན་བྱས་ན། སྤྱི་འཐུས་ཀྱི་ས་མིག་མ་སྤྲད་ས་ག་ལ་འགྲོ འོན་ཀྱང་སྐབས་རེར་མི་སྲིད་པ་སྲིད་པས་མ་ཚད། ཡང་དང་ཡང་དུ་འབྱུང་གིན་འདུག་པའི་གྲོས་ཚོགས་འདི་ལ་ཞུ་འདོད་པ་ནི། རྗེས་མའི་ཚོགས་དུས་སུ། ཇོ་ནང་བ་འདི་ཆོས་རྒྱུད་ཅིག་ལ་ངོས་ལེན་ཡོད་་དང་མེད་ལ་འོས་བསྡུ་རོགས་ཞུ། དེ་ལས་གཞན་གང་ཡང་ལྷག་ཡོད་པ་མ་རེད་དོ།།

    Reply
  9. བོད་དགའ། says:
    ལོ་ 11 སྔོན།

    དང་པོ། དཔལ་རྒྱལ་བ་ཇོ་ནང་པའི་ཆོས་རྒྱུད་སྤྱི་འཐུས་དགོས་མིན་སྐོར་དེ་སྤྱི་འཐུས་ལྷན་ཚོགས་ནས་ཐག་གཅོད་བྱེད་ཤེས་པ་ཞིག་མ་རེད། དཔེར་ན། “དེར་བརྟེན་ཆོས་བརྒྱུད་ཆེན་པོ་ཞིག་ལ་ངོས་འཛིན་གནང་དགོས་བྱུང་ན། མཁས་དབང་རྣམ་པ་དང་བླ་ཆེན་རྣམ་པས་ངོས་འཛིན་བྱེད་དགོས་རེད་མ་གཏོགས། སྤྱི་འཐུས་གྲོས་ཚོགས་དེ་ཆབ་སྲིད་ཀྱི་སྡིངས་ཆ་ཞིག་རེད། ཆབ་སྲིད་ཀྱི་མི་སྣ་དེ་ཚོས་ཆོས་བརྒྱུད་ཆེན་པོའི་ཚད་དང་ས་མཚམས་འཇོག་ཤེས་ཀྱི་མ་རེད།” སྐད་ཆ་འདིར་གོ་རྒྱུ་ཡོད་པ་ཞིག་རེད།
    ཇོ་ནང་པའི་ཕྱོགས་ནས་བཤད་མཁན་དེ་ཚོས་མི་ལོ་ ༡༨ རིང་ལ་ཆོས་རྒྱུད་ཀྱི་རྐུབ་སྟེགས་རྩོད་ཀྱིན་མེད། ཐོབ་ཐང་རྩོད་ཀྱིན་ཡོད་ཟེར་གྱིན་འདུག འཐོབ་ཐང་གང་མ་རག་པ་དེ་ཆོས་རིག་ལས་ཁུངས་སུ་བཏུག་དགོས་པ་འདྲ་ཞིག་རེད། མི་ལོ་ ༡༨ རིང་བཙན་བྱོལ་བོད་མའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་ཆོས་རྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ལ་ཐོབ་ཐང་དང་མཐུན་རྐྱེན་གང་སྦྱར་བ་དེ་ཇོ་ནང་ལ་རག་མེད་ན་དངོས་གནས་ཁག་མི་འདུག འོན་ཀྱང་ཆོས་རིག་ལས་ཁུངས་ནས་ཆོས་རྒྱུད་དགོན་སྡེ་ཁག་གི་གྲྭ་བཙུན་གྱི་གྲངས་འབོར་དང་བསྟུན་ཏེ་ཐོབ་ཐང་ཆ་རྐྱེན་འདྲ་མཉམ་བསྐྲུན་དང་སྐྲུན་བཞིན་ཡོད་ས་འདུག་དྲན།
    གཉིས་པ། བྱེས་ཀྱི་ཇོ་ནང་པ་དེ་ཚོས་གྲོས་ཚོགས་སྒོ་ཁར་ཞི་རྒོལ་བྱས་པ་དེ་ཡང་ན་གོམ་གང་སྔ། ཡང་ན་གོམ་གང་ཕྱིས་དྲགས་པ་རེད། གོམ་གང་སྔ་དོན་ནི་གཞིས་ཀྱི་ཇོ་ནང་པའི་དཔའ་བོ་དཔའ་མོ་དེ་ཚོས་སོ་སོའི་ཆོས་ལུགས་ཀྱི་ཐོབ་ཐང་རྩོད་རྒྱུ་ཟུར་དུ་བཞག་སྟེ་བོད་སྤྱི་བའི་ཆེད་རང་སྲོག་བློས་བཏང་ག་ཚད་གནང་གིན་འདུག དེ་ཚོར་མིག་དཔེ་ཞིག་ལྟ་ཚེ་རང་གཞུང་གི་སྒོ་ཁར་རང་མིར་རྒོལ་བ་ནི་ཅུང་སྔ་དྲགས་པ་རེད། གོམ་གང་ཕྱིས་དོན་ནི། སྤྱི་འཐུས་གྲོགས་ཚོགས་ཉིན་མཐའ་མ་ཡིན་སྟབས་གྲོས་ཚོགས་གྲོལ་ནས་འཐུས་མི་ཚོ་ས་གནས་སོར་སོར་ཕེབས་འགྲོ་ཡི་རེད། དེས་ན་ཤུལ་དུ་ལུས་པ་ནི་རྒྱུན་ལས་སྤྱི་འཐུས་ཚོ་ཁོ་ན་རེད། ཁོ་ཚོས་ཐག་ཆོད་མིན་ནི་ཕར་ཚད་རེད།

    Reply
  10. འཇིགས་བྲལ་བསྟན་འཛིན། says:
    ལོ་ 11 སྔོན།

    དེ་འདྲ་རང་དཱ་ཨེ་ཡིན། བསམ་བློ་ཡག་པོ་བཏང་ན་དགའ་བ་མེད་ན།

    Reply
  11. གཉའ་འབྲོང་ཐུ་བུ། says:
    ལོ་ 11 སྔོན།

    ང་ཚོའི་སྤྱི་ཚོགས་སུ་བུད་མེད་ལ་ཐོབ་ཐང་མི་འདུག་ཟེར་ནས་རྩོམ་ཡིག་ཧ་ཅང་མང་པོ་འབྲི་ཡི་འདུག་ལ་སྤྱི་ཚོགས་སུ་བལྟས་ནའང་ཕོ་མོ་འདྲ་མཉམ་གྱི་ལྟ་ཚུལ་ཞེ་དྲག་དཀོན་པོ་རེད། ༧ གོང་ས་མཆོག་གིས་ཨ་ནི་ཚོར་དགེ་བཤེས་གཏོང་ཆོག་པའི་ས་མིག་ཅིག་བྱིན་པ་དེས་ཀྱང་ང་ཚོར་ལམ་ཞིག་སྟོན་གྱི་མེད་དམ་སྙམ། གལ་ཏེ་ཆོས་བརྒྱུད་ཁག་ལ་སྤྱི་འཐུས་དགོས་ཚེ་དེའི་ནང་ཕོ་མོ་གཉིས་ཡོང་མི་ཆོག་རྒྱུ་མཚན་ཅི་ཡང་མེད། ཆོལ་ཁའི་སྤྱི་འཐུས་ཁོངས་སུ་ཕོ་མོ་གཉིས་དགོས་པ་ཆོས་བརྒྱུད་ལ་ཕོ་མ་གཏོགས་མི་དགོས་ཟེར་ན་དགོད་སྤྱད་ཅིག་ཡིན་ས་རེད། ཆོལ་ཁའི་སྤྱི་འཐུས་སུ་བུད་མེད་ལ་ཐོབ་ཐང་ཡོད་པ་ཨོ་ཙི་རེད་མོད། ཆོས་བརྒྱུད་ལ་ཨ་ནི་ཆད་པས་ཟུར་གཅིག་ཆག་པ་རེད། མ་འོངས་པར་ཨ་ནི་ཚོར་ཡང་ཆོས་བརྒྱུད་དྲུག་གི་སྤྱི་འཐུས་ཀྱི་ས་མིག་མ་སྤྲད་ན་ཐོབ་ཐང་འདྲ་མཉམ་མ་རེད་ལ། ཡང་ངོ་རྒོལ་བྱེད་སྲིད། ངེས་པར་ཆོས་བརྒྱུད་སྤྱི་འཐུས་དགོས་ན་དཔལ་རྒྱལ་བ་ཇོ་ནང་བར་ཐོབ་ཐང་མེད་པའི་གནས་ལུགས་ཤོད་རྒྱུ་ཁག་པོ་ཡིན་པས་ཁོ་ཚོས་ངོ་རྒོལ་དེར་ཡང་ཁག་མི་འདུག ཡིན་ཡང་གཏམ་ཨ་ཕས་ཤོད་རྒྱ་ཨ མ་དང་། ཁྱི་བདག་པོས་འགོག་རྒྱུ་འགྲོན་པོས་ཞེས་པ་ལྟར་ང་ཚོའི་སྤྱི་ཚོགས་ཀྱི་བྱ་བ་མང་པོ་ཞིག་ད་དུང་རྦད་དེ་འཁྲུགས་འདུག ཆོས་བརྒྱུད་སྤྱི་འཐུས་ཟེར་ན་ཐ་སྙད་ཁོ་རང་བཙོག་པོ་ཞེ་བོ་རེད་འདུག མགོ་ཁོ་རང་ཚོས་ཀྱི་མི་འདུག ཆོས་བརྒྱུད་ནས་ཆོལ་ཁའི་སྤྱི་འཐུས་འོས་བླུགས་ཀྱི་ཡོད་པ་རེད། དེའི་སྒང་ལ་ཆོས་བརྒྱུད་ཟེར་བ་ཞིག་བསྣན་པ་འདིས་སེར་སྐྱ་གཉིས་ལས་སེར་མོ་བར་ཐོབ་ཐང་མཐོ་བ་དང་། གོང་དུ་བཤད་པ་ལྟར་མོ་ལས་ཕོ་ཐོབ་ཐང་མཐོ་བ་ཤིན་ཏུ་གསལ་བས་ནད་ཚ་རྙིང་བའི་རིགས་མེད་པ་མ་བཟོས་ན་སྲོག་ལེན་ངོ་མ་དེ་དག་ཡིན་ནི་རེད།

    Reply
  12. གངས says:
    ལོ་ 11 སྔོན།

    དེ་ཡང་། རྗེ། ཀིར་ཤུ་ན་མུར་ཏི་ཡིས་གསུངས་ལས། ༼ང་ཚོ་ནི་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས། ང་རང་ཚོ་ལ་ཐུན་མོང་གི་གནད་དོན་ཞིག་ཡོད་པ་ནི། ང་ཚོས་རང་ཉིད་ནི་རྒྱ་གར་བ་དང་། ཨུ་རུ་སུ་བ། རྒྱ་མི་ལ་སོགས་པ་ཡིན་ཞེས། རང་ཉིད་ཅིག་གི་ཁོངས་གཏོགས་ཡིན་སྙམ་པའི་མདོ་རྩ་བྲལ་བའི་བསམ་བློ་གཏོང་བཞིན་ཡོད་པ་དེ་ཡིན། མཐར་གཏུགས་ན། ཆབ་སྲིད་དང་ས་ཁོངས་རིག་རུས། དཔལ་འབྱོར་སོགས་ཀྱི་དབྱེ་བ་བཅས་ཀྱིས་འགྲོ་བ་མི་ཕན་ཚུན་གྱི་བར་ལ་ཤ་འཁོན་དང་སྡང་སེམས་འབབ་ཞིག་བསྐྲུན་བཞིན་ཡོད།༽ ད་ནི་ཆོས་རྒྱུད་འཐེན་འཁྱེར་གྱི་བྱ་བ་འདི་ཡིས་སྤྱི་བའི་ལས་དོན་བཀྲུག་ན། ཁྱེད་གྲྭ་བཙུན་རྣམས་མི་རིགས་ཤིག་གི་ཉེས་ཅན་པ་རུ་འགྱུར་མི་སྲིད་པ་མ་ཡིན་ནོ། སྐུ་མཁྱེན་ཐོབ་ཐང་བརྩད་ནས་དབང་ཐང་ཉམ་གི་མ་འཇུག་རོགས།

    Reply
  13. ཤག་སྒང་པ། says:
    ལོ་ 11 སྔོན།

    གསར་འགོད་པས་གསར་འགྱུར་མྱུར་བསྲིངས་ལ་ཡི་རང་དང་། ཡིག་ནོར་མང་པོ་འདུག་པས་མགྱོགས་པོ་དག་པོ་དགོས་པར་ངེས་པར་ཐུགས་འཇགས་གནང་གལ་ཆེ།

    སྲིད་ཀྱི་བྱ་བར་ཞུགས་མི་རུང་བའི་ཆོས་རྒྱུད་སྤྱི་འཐུས་ཞེས་ཆོས་བྱེད་རབ་བྱུང་བའི་སྡེ་ལ་འོས་ཤོག་ཉིས་སྐལ་གནང་པ་དེ་རྩ་ནས་འགྲིགས་མི་འདུག

    ༧རྒྱལ་བ་དོན་གྱིས་བདག་པོས་སྲིད་དབང་རྩིས་སྤྲད་དང་། ཟམ་གདོང་བླ་མས་སྐུ་ཚེའི་ཚེ་མཇུག་བཞུགས་ཁྲིའི་གསུང་ཆོས་བསྐྱངས་པ་ལའང་གོ་རྒྱུ་ཆེན་པོ་ཡོད་སྙམ།

    འདས་ཟིན་གྱི་ལོ་རྒྱུས་དང་། ད་ལྟའི་བཙན་བྱོལ་སྤྱི་ཚོགས་ནང་ཆོས་རྒྱུད་དང་ཆོས་རྒྱུད་སྤྱི་འཐུས་ཀྱིས་རྙོག་སྒྲ་བཟོས་པ་ལས་ལོ་རྒྱུས་རིང་བ་གང་ནའང་མཐོང་དུ་མེད། དེས་ན་ཆོས་རྒྱུད་སྤྱི་འཐུས་ཟེར་བ་ད་ལྟའི་དུས་སྐབས་འདིར་དགོས་མཁོ་རྩ་ནས་མེད།

    ཆོས་པས་ཆོས་མཛད་དགོས་པ་དང་། སྲིད་པས་སྲིད་སྐྱོང་དགོས་པ་འཇིག་རྟེན་སྤྱིའི་ལུགས་རེད། ལར་ནས་ཆོལ་གསུམ་ནང་མ་འདུས་པ་ཞིག་གང་ནས་ཡོད། སྔ་མོ་མངའ་རིས་བར་ཆོལ་ཁ་ཞལ་བཞེས་མ་གནང་བའང་དོན་དུ་ཆིག་བསྒྲིལ་ཡིན།

    དེ་རིང་གི་ང་ཚོའི་བཙན་བྱོལ་བོད་མིའི་གནས་སྟངས་ནི། སྔ་མོ་ལྟར་གནས་གཅིག་ཏུ་མིན་པར་གང་སར་གྱེས་འགྲོ་རིམ་བཞིན། ད་ལྟའི་ཆོས་རྒྱུད་སྤྱི་འཐུས་ཕྱིར་བསྡུས་ཀྱིས་ཚབ་ཏུ་ས་གནས་ཀྱི་སྤྱི་འཐུས་རང་བཞིན་གྱིས་སྤར་དགོས་པ་རེད།

    དེ་རིང་ཇོ་ནང་པ་རྣམས་ནས་ཚུལ་མཐུན་ཁྲིམས་མཐུན་གྱིས་མང་གཙོའི་ཁེ་ཕན་ལེན་ཐུབ་ན་དེ་ནི་མིག་དཔེ་བཟང་པོ་དང་། གལ་སྲིད་དེ་ལས་ལྡོག་ན་མིག་དཔེ་ངན་པ་ནང་དམེར་མི་འགྱུར་བ་མིན་པས། སྔར་གྱི་ཆོས་ལུགས་རྩོད་པའི་ཕམ་ཁའི་རྒྱབ་ཀྱི་སྐྱོན་གནད་ལ་མནོ་བསམ་བཞེས་ནས་དགེ་ཕྱོགས་སུ་འགྲོ་དགོས་བར་ཡིད་གཟབ་གནང་གལ།

    Reply
  14. གཉའ་འབྲོང་ཐུ་བུ། says:
    ལོ་ 11 སྔོན།

    ཚང་མས་བསམ་བློ་གཏོང་དགོས་རེད། མ་འོངས་པར་ག་འདྲ་ཆགས་ས་རེད། ངས་ཆོས་བརྒྱུད་སྤྱི་འཐུས་མི་དགོས་ཤིང་མ་གཞི་བླ་རྒན་ཚོས་སྲིད་སྟེགས་འཕྲོག་ན་མི་འགྲིག་ཟེར་དོན་ཡང་འདས་པའི་ལོ་རྒྱུས་ད་ལྟའི་གནས་བབ་འབྱུང་འགྱུར་ལ་ཚོད་དཔག་བྱས་ནས་སྐད་ཆ་བཤད་པ་ཡིན། ད་སྐབས་༧ གོང་ས་མཆོག་སྐུ་འཚོ་ཞིང་བཞུགས་པས་བླ་རྒན་སྲིད་དོན་པ་ཚོ་ཞེ་དྲག་འབུར་གྱི་མེད་པ་རེད་དེ་ག་ཚད་འབུར་གྱིན་འདུག མ་འོངས་བོད་མི་མང་གི་བདེ་སྡུག་ལ་བསམ་བློ་གཏོང་མཁན་དག་གིས་རྗེས་མར་ཆོས་བརྒྱུད་སྤྱི་འཐུས་འོས་བླུགས་ན་རྩ་བ་ནས་ནོར་ཡོད་པ་ཤེས་དགོས། ༧ གོང་ས་མཆོག་རྟག་པ་ནི་མིན་པས་ཁོང་གི་འཕྲོར་བླ་རྒན་སྲིད་དོན་པ་དག་མང་ཚོགས་ཀྱི་གཉའ་ལ་ཞོན་ནས་སྐྱིད་ཉལ་བརྒྱབས་ཀྱང་ཐབས་ཤེས་གང་ཡང་མེད་ལ་བོད་དོན་སྟོང་བ་ཆགས་ཀྱི་རེད། ད་དུང་མི་མཐུད་དུ་ཆོས་བརྒྱུད་ནང་གསེས་ལ་ཅུང་ཟད་མི་འདྲ་བའི་ཆོས་བརྒྱུད་ཡོད་ལ། དེ་དག་དང་། བོད་ལ་ཁ་ཆེ། ཡེ་ཤུ། ད་དུང་གྲུབ་མཐའ་ཡོང་ཆོག་ཆོག་ཡིན་པས་དེ་དག་དང་། གསར་དགོན། རྙིང་དགོན། བཀའ་དགོན། ས་དགོན། བོན་དགོན། ཇོ་དགོན། སྔགས་དགོན། ཨ་ནི་དགོན་སོགས་ཀྱིས་ཀྱང་དགོན་པའི་འཐུས་མི་དགོས་ཟེར་ནས་འོས་ལང་བྱེད་སྲིད་པས་དེ་དུས་ང་ཚོས་ཅི་ཞིག་བྱ། ང་ཚོའི་ནང་ཁུལ་ལ་མཐུན་ལམ་ཞིག་ཡོང་ས་འདུག་གམ། བོད་དོན་ཞིག་འགྲུབ་བམ། ཞིབ་ཏུ་བསམ་དགོས་སོ།།

    Reply
  15. མི་རྒོད། says:
    ལོ་ 11 སྔོན།

    ད་གཞིས་ནས་མང་གཙོའི་མི་སེར་སློབ་ཕྲུག་ཚོ་སྦྱོང་བརྡར་ལ་དོན་ཞག། འོ་བྱས་ཙང་ཆོས་ལུགས་སྲིད་ཀྱི་ལྡིང་ཆ་ལ་བཞག་ན་མ་འོངས་པའི་དུས་བབས་ནང་ཧ་ཅང་རྙོག་རྫིང་ཆགས་གཏན་འཁེལ་བ་རེད། མང་གཙོའི་རྒྱལ་ཁབ་གང་དུའང་འདི་དར་མེད་བཙན་བྱོལ་མ་འོངས་ལམ་སྟོན་མང་གཙོ་འདི་ལ་བོད་མི་དུམ་བུར་འགྱུར་གཞི་ཆོས་ལུགས་ཀྱི་མ་ཤེས་ཤེས་མདོག་དང་ མ་མྱོང་འཇོན་མདོག་གི་བཟོ་ཉེན་འདུག། ཆོས་ལུགས་སྲིད་ཀྱི་གྲོས་ཚོགས་ནང་འཐུས་མི་བཞག་ཚེ་བུ་རང་མགོ་མ་འཐོན་ གཞན་མགོ་འབད་འབད་ ཞེས་པ་ལྟར་ཆགས་ངེས་རེད། གལ་ཏེ་ཆོས་ལུགས་གང་གི་བླ་མ་དང་ དགེ་བཤེས་ མཁན་པོ་ གྲ་རྐྱང་དཀྱུས་མ་ མང་གཙོའི་འོས་བསྡུ་བྱས་ནས་ལྷན་ཁང་སླེབས་ཚེ་དེ་ནི་ཞན་ཆ་མེད་པ་རེད། དེ་མིན་ཆོས་ལུགས་པའི་འོས་འགན་ནི་ནང་ཆོས་དར་རྒྱས་ཀྱི་སྤྱི་ཚོགས་ལ་སྲི་ཞུ་སྒྲུབ་ནས་འཛམ་གླིང་ནང་མིག་དཔེ་འོས་པའི་གཞན་ཕན་སྤྱི་ཚོགས་བསྐྲུན་ན་ལེགས་ཤོས་དང་ འོས་ཤོས་ཡོད་རད། ཡེ་ཤུའི་བླ་ཆེན་ལ་སྲིད་དབང་ཞབས་སྟེགས་མེད་པ་མ་ཟད་རྒྱ་གར་ནང་ཡང་དེར་མིག་དཔེ་ལེན་ཡོད་ བོད་པའི་འགྲོ་ལུགས་འདི་ལྟ་བུ་ཕལ་ཆེར་ཁ་ཆེ་བ་ཚོས་སྲིད་དབང་སྒེར་འཛིན་ནང་མང་པོ་མཐོང་ལ་ དེར་ཤིཡ་དང་ སུ་ནི་ཞེས་ད་ལྟ་རང་ཤི། ང་རྒྱལ། ཞེས་འཐབ་རྩོད་བྱེད་པ་འདིས་ཤེས་ཐུབ། རྣོ་བསམ་ངོ་མ་གཞི་སྟངས་ནས་བསྒྱུར་བཅོས་ཀྱི་ཆོས་ལུགས་སྤྱི་འཐུས་ཡོངས་རྫོགས་ད་ལྟ་རང་མེད་པ་བཟོ་དགོས། འདིའི་ཐོག་བོད་རིགས་ན་གཞོན་ཡོངས་ནས་མང་གཙོའི་ལས་འགུལ་སྤེལ་དགོས་པ་རེད།
    ང་ཚོར་དགོས་པ་དེ་བོད་ཆོལ་ཁ་གསུམ་གཅིག་ཏུ་བསྒྲིལ་བའི་འཐུས་མི་དགོས་ཤིང་། དེ་ཡང་ས་རྒྱ་ལ་བལྟས་ནས་བཞག་ན་འགྲིག་ལ། མི་འབོར་ལ་བལྟས་ནས་བཞག་ནའང་འགྲིག་ཤིང་། དེ་ཡི་གཞི་འཛིན་ས་ནི་བོད་རང་ལ་བྱེད་དགོས་པ་ལས་བཙན་བྱོལ་གྱིས་མི་འབོར་གྱི་གཏན་ནས་ཡོང་གི་མ་རེད། ནམ་ཞིག་གོམས་པ་བརྒྱག་དུས་སླེབས་སྐབས། ཧ་ཅང་བཏབ་བདེ་ལ་དོན་སྙིང་ལྡན་པ་ཞིག་ཆགས་ཀྱི་རེད། ད྄་ལྟའི་བཙན་བྱོལ་མང་གཙོའི་འགྲོ་ལུགས་ལ་རྒྱ་གར་གྱིས་ལྷད་ཆེན་པོ་ཡོད་ལ། ཡིན་ཡང་རྒྱ་གར་བས་ཆོས་ལུགས་འཐུས་མི་བཀོད་ཕྱོགས་ལ་ཤ་ཚའི་ལམ་སྟོན་བྱས་མེད། རྒྱ་གར་ཁོ་རང་གི་འགྲོ་སྟངས་འདི་ལག་སྟར་བྱེད་ཀི་མེད་པ་རེད། རྒྱ་གར་བ་ཆབ་སྲིད་མཁས་དབང་ཚོས་ཆོས་ལུགས་འདི་མགོ་རྙོག་ཡིན་པར་ངོས་འཛིན་གསལ་པོ་བྱེད་པ་རེད།

    Reply
  16. གོང་ཐུབ། says:
    ལོ་ 11 སྔོན།

    མི་ཆུང་ལགས། བདེན་པ་རེད། མིག་གིས་རེག་རྒྱུ་ཡོད་མ་རེད། ཡིན་ཡང་དཔལ་རྒྱལ་བ་ཇོ་ནང་པ་ལ་མཚོན་ན། མིག་གིས་མཐོང་རྒྱུ་དང་ལག་པས་རེག་རྒྱུ་དེ་རི་བོ་དགེ་ལྡན་པའི་མཚན་ཙམ་ཡང་གངས་ལྗོངས་སུ་མེད་སྐབས་ནས་ཡོད་རེད། <<བདེན་པ་ཉིད་རྒྱལ་གྱུར་ཅིག>>

    Reply
  17. དགེ་བོ་བཀྲ་ཁོ says:
    ལོ་ 11 སྔོན།

    ང་ཚོ་བཙན་བྱོལ་སྤྱི་ཚོགས་གཅིག་ལ་ཁྲིམས་ལུགས་གཉིས་དགོས་དོན་མི་འདུག་པས་ངེས་བར་དུ་ཆོས་བརྒྱུད་སྤྱི་ཡོངས་ཀྱི་འདྲ་མཉམ་ཐོབ་ཐང་དེ་སྤྲོད་དགོས་འདུག་བསམ། དེ་མིན་ན་ཆོས་བརྒྱུད་སྤྱི་འཐུས་ཟེར་བ་དེ་མེད་པ་བཟོ་ཐུབ་ཚེ་ཡག་ཤོས་རེད་འདུག། འོན་ཀྱང་མི་དམངས་ནས་ཆོས་ལུགས་པ་རེ་ཟུང་འདེམས་ཐོན་བྱུང་ན་དམིགས་བསལ་རེད།

    Reply
  18. ལྷག་པ་དོན་གྲུབ། says:
    ལོ་ 11 སྔོན།

    འཆར་གཞི་ནོར་ཚར་རེད། གྲོས་ཚོགས་ཉིན་དང་པོ་ནས་བཟུང་ངོ་རྒོལ་གནང་དགོས་པ་རེད། དེ་རིང་གྲོས་ཚོགས་ཀྱི་ཉིན་མཐའ་མ་དེ་རེད། སྤྱི་འཐུས་ཚོ་འགྲོ་བཞག་པ་ཡིན་ན་བྱེད་ཡ་གང་ཡང་ཡོད་པ་མ་རེད། གོ་སྒྲིག་པའི་འཆར་གཞི་ནོར་ཚར་བ་རེད།
    སྒང་གི་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་དགོས་འདུན་ནང་གི་དགོས་འདུན་དོན་ཚན་གཉིས་པ་དེ་སྤྱི་འཐུས་ལྷན་ཚོགས་ལ་འདོན་དགོས་པའི་དགོས་འདུན་ཞིག་མ་རེད། ས་སྐྱ་གོང་མ་རིན་པོ་ཆེ་མཆོག་གི་བཀའ་བཀོད་ལ་ས་སྐྱའི་སྤྱི་འཐུས་ཀྱིས་མ་བརྩིས་པ་རེད། ཞེ་ས་མ་ཞུས་པར་ཐད་ཀར་བཤད་ན་རང་གི་བླ་མའི་བཀའ་ལ་ངོ་རྒོལ་གནང་བ་རེད།

    Reply
  19. ཆུ་ཐིགས་སྔོན་མོ། says:
    ལོ་ 11 སྔོན།

    རྒྱབ་སྐྱོར་ཡོད་་་་གླང་རྒན་ཚོར་རེ་བ་ཞིག་རྒྱག་ས་ཨེ་ཡོད་ན་་་་ཇོ་ནང་པ་ཡོངས་ལ་རྗེས་སུ་ཡི་རང་ཞུ་་་་འདི་འདྲ་མ་བྱས་ན་གླང་འཁོགས་ཚོར་ཕྱོགས་ལྷུང་གི་ནད་རྙིང་ཞིག་འགོས་ཡོད་པས་ནམ་ཡང་ཁྱོད་ཚོར་ཐོབ་ཐང་སྤྲད་གི་མ་རེད་་་་་

    Reply
  20. བཛྲ་སུ་མ་ཏི། says:
    ལོ་ 11 སྔོན།

    བཀའ་ཤག་གི་དགོས་མེད་གྲོས་སྟོན་པ་དགུ་དང་། ཡོ་རོབ་སྤྱི་མཐུས་འཇོག་རྒྱུ་ལས་ཇོ་ནང་སྤྱི་མཐུས་དགོས་ངེས་རེད་སྙམ།

    Reply
  21. ལྷ་་སྤྱན་གསུམ་པ says:
    ལོ་ 11 སྔོན།

    ཆོལ་ཁའི་ཕྱོགས་འཐེན་གྱི་གྲི་སོའི་བར་ནས། ཇོ་ནང་བར་ལམ་ཁ་འདི་ལས་གནང་མ་སོང་། དངོས་ནས་ཁག་མེད། སྙིང་རྗེ་བ་ལ།

    Reply
  22. འདྲེ་མགོ་རྡོ། says:
    ལོ་ 11 སྔོན།

    ཡག་པོ་འདུག འགྲོ་སྟངས་རེད། དངོས་གནས་བྱས་ན། གྲོས་ཚོགས་ནང་ཐོབ་ཐང་མ་སྤྲད་པ་ནི་ཆོལ་ཁའི་ན་ཚ་རང་ནས་ཐོན་པ་ཡིན་སྟབས། ངོ་རྒོལ་མཐར་ཕྱིན་པ་བྱས་ཏེ། ནང་རུལ་བའི་རང་མདོག་དམར་རྗེན་བྱེད་དགོས་པ་རེད།

    Reply
  23. སྲས་ལྡན་མ་རྩེ་མང་། says:
    ལོ་ 11 སྔོན།

    ཇོ་ནང་གི་ཆོས་བརྒྱུད་འདི། ས་དགེ་བཀའ་རྙིང་གང་གི་ཁོངས་གཏོགས་དང་ཡན་ལག་ཉིང་ལག་ལྟ་བུ་ཞིག་མ་རེད། སྐད་ཆ་དྲང་མོ་ཞུས་ན། བོད་ལ་སྔར་ཆོས་ལུགས་མ་འདྲ་བ་གསུམ་བྱུང་ཡོད་པ་ལས། གཅིག་ནི་གཡུང་དྲུང་བོན་གྱི་ཆོས་ལུགས་དང་། གཉིས་པ་ནི་ནང་པ་སངས་རྒྱས་པའི་ཆོས་ལུགས། གསུམ་པ་ནི་ནང་པ་དང་ཕྱི་རོལ་པ་གཉིས་ཀྱི་ཐུན་མོང་གི་ཆ་མང་བ་དང་འདྲེས་མཚམས་ཀྱི་གྲུབ་མཐའ་གསར་མ་ཞིག་བྱུང་བ་ནི། དཔལ་ཇོ་ནང་པའི་རིང་ལུགས་འདི་རང་རེད།

    Reply
  24. གཉན་མི། says:
    ལོ་ 11 སྔོན།

    ཇོ་ནང་བའི་འཐབ་རྩོད་བྱེད་སྟངས་འདི་ལ་རྒྱབ་སྐྱོར་ཡོད། རང་གི་འདུན་པ་དང་དམིགས་ཡུལ་མངོན་གྱུར་ཡོང་བའི་ཁོར་ཡུག་དེ་རང་གིས་བསྐྲུན་པ་དེ་མང་གཙོའི་སྤྱི་ཚོགས་ཀྱི་ནང་ནས་ཐོབ་ཐབ་རྩོད་སྟངས་ཤིག་ཡིན་ངེས་རེད།
    ཆོས་ལུགས་དང་ཆོས་རྒྱུད་ཁག་ལ་འདི་ལྟར་མུ་ནས་མུ་རུ་ཆོལ་ཁ་ལ་ལས་འདས་པའི་སྤྱི་འཐུས་ཤིག་དགོས་ཚེ། ཆོས་ལུགས་དང་ཆོས་རྒྱུད་མ་འདྲ་བ་དག་ལ་དེའི་ཐོབ་ཐང་དགོས་པ་གཅིག་མཚུངས་རེད།
    དེ་ལས་ཀྱང་གནད་འགག་ཅིག་ལ་ཆོས་ལུགས་དང་ཆོས་རྒྱུད་བྱེ་བྲག་པའི་རྗེས་འབྲངས་མ་ཡིན་པའི་བོད་པའི་མི་རབས་ཤིག་སྟེ། ཆོས་མེད་རིང་ལུགས་པ་དག་གིས་ཀྱང་མཐུན་ཚོགས་བཙུགས་ན་འོས་ཤིང་། དེ་དག་གིས་ཀྱང་ཆོས་ལུགས་མེད་པའི་མི་རབས་ཀྱི་འཐུས་ཚབ་ཀྱི་གོ་གནས་བརྩད་ན་འོས།
    འདི་ལྟར་བྱས་ནས་དམངས་ཡོངས་ཀྱི་གོ་རྟོགས་སད་དགོས་པ་ལོས་ཡིན།
    འོན་ཀྱང་རྩ་དོན་ནི་་སྤྱི་བའི་གོང་བུའི་ནུས་པ་དང་། མཉམ་རུབ་ཀྱི་ནུས་པ་ལ་གནོད་མི་སྐྱེལ་བ་ལ་ཕྱོགས་ཚང་མས་འབད་འོས་སོ།
    བོད་ནང་གི་འབོད་སྒྲ།་་་་བོད་མིའི་སྐྱིད་སྡུག་མཉམ་མྱོང་་་དམངས་གཙོ་དང་ཚེ་སྲོག་རླབས་ཆེན།

    Reply
  25. སྲས་ལྡན་མ་རྩེ་མང་། says:
    ལོ་ 11 སྔོན།

    དེང་སང་། ཆོས་བརྒྱུད་དང་། དགོན་ཁག བླ་གྲྭ་རྣམས་ཆབ་སྲིད་ཀྱི་ཁོར་ཡུག་ནང་ཡོང་འཛུལ་མང་དུ་འགྲོ་བཞིན་པ་དང་། ཆབ་སྲིད་ཀྱི་གོ་བབས་རྩོད་ལེན་ཇེ་ཆེར་འགྲོ་བཞིན་པ་འདི་ངེས་པར་དུ་ན་གཞོན་དང་མི་རབས་གསར་པ་ཚོས་བསམ་བློ་གཏོང་དགོས་པའི་གནད་དོན་རྙོག་འཛིང་ཅན་ཞིག་རེད།
    དེ་བཞིན་དུ་ཆོས་བརྒྱུད་ཕན་ཚུན་ནང་ཆབ་སྲིད་ཀྱི་དབང་ཐོབ་ལ་གཅིག་འགོག་དང་གནོན་བྱེད་བཞིན་པ་དེའང་དོན་རྩ་ཆུང་ཆུང་ཞིག་གང་ནས་ཡིན། ལར་ནས་ཆབ་སྲིད་ལ་ཆོས་ལུགས་ཀྱི་འགོག་རྐྱེན་དང་དཀའ་རྙོག་མང་ནས་མང་དུ་འགྲོ་རྒྱུའི་རྐང་ལམ་རྙིང་པ་ཞིག་ཡོད་པ་དེ་གནད་དོན་གྱི་རྩ་བ་རེད། རབ་ཡིན་ན། རྐང་ལམ་དེ་གཙང་བཟོ་བྱེད་རན་ཡིན།

    Reply
  26. ཇོ་བོ་རྣམས་གཉིས། says:
    ལོ་ 11 སྔོན།

    ད་ཡིན་ན་འདུག་རྒྱལ་བ་ཇོ་ནང་པའི་ཆོས་རྒྱུད་འཛིན་པ་ཚོའི་ཞི་རྒོལ་སྙིང་སྟོབས་དེ་བེད་སྤྱོད་གཏང་ས་ནོར་ཚར་འདུག ། ཐུགས་བསམ་ལེགས་པར་ཞེས་ནས་དུས་མིན་གྱི་ཕྱག་ལས་དེ་འདྲ་མ་གནང་ན་བཟང་སྙམས། གུས་རང་ཡང་རྒྱལ་བ་ཇོ་ནང་པའི་ལྟ་གྲུབ་ལ་ཡིད་དབང་ཕྲོག་པའི་གྲལ་མཐའ་འཛིན་པ་ཞིག་ཡིན་མོད་རྗེས་འབྲང་པར་ཁས་ཆེ་བ་ཁྱེད་རྣམས་པའི་མཛད་ཕྱོགས་དེ་དག་མཐོང་དུས་དངོས་གནས་སྔོན་བྱོན་དམ་པ་ཚོ་ཞལ་ཞུགས་ཡོད་ཚེ་ཁོང་རྣམས་ཐུགས་ཕམས་ཡོང་ངེས་རེད། དེས་ན་ཁྱེད་རྣམས་ནས་ལམ་ནོར་ཟློག་ཤེས་གནང་བའི་རེ་སྐུལ་ཞུ། །

    Reply
  27. ཨ says:
    ལོ་ 11 སྔོན།

    དངོས་གནས་བྲོ་བ་འདུག མང་གཙོ་དང་སྨྲ་བརྗོད་རང་དབང་ཡོད་ས་ནི། ཆེས་སྤྲོ་སྣང་ལྡན་པ་ཞིག་ཨང་།

    Reply
  28. མི་ཆུང་། says:
    ལོ་ 11 སྔོན།

    རང་ཉིད་ནི་ཇོ་ནང་གི་ཆོས་རྒྱུད་ལྟ་ཅི། ངའི་ཕ་ཡུལ་ན་ཇོ་ནང་མིག་གིས་རེག་རྒྱུ་ཡང་མེད། གང་ལྟར་ཡང་ད་ཐེངས་ཀྱི་དཀའ་རྙོག་འདི་གྲོས་ཚོགས་ར་བ་འདིའི་ནང་ལས། དཔལ་ལྡན་ས་སྐྱ་པའི་བླ་ཆེན་སུ་ཞིག་དང་འབྲེལ་བ་མེད་ན། དེ་བས་ཆོས་རྒྱུད་གཞན་སོགས་དང་འབྲེལ་མེད།
    ཇོ་ནང་པར་གཅིག་མཚུངས་མ་བྱུང་བར། གྲོས་ཚོགས་ར་བ་འདི་ནས་གསལ་བཤད་འཁྲུན་ཐག་ཆོད་པ་ཞིག་ངེས་རེད།
    ལར་ནས་སྔོན་བཤད་ལྟར་གྲོས་ཚོགས་ར་བ་འདིར་ཆོས་རྒྱུད་སྤྱི་མཐུས་དགོས་པ་མི་འདུག དེ་ནི་ཆོས་དང་འཇིག་རྟེན་གང་ཐད་ནས་མཐོང་ཚུལ་དང་། དོན་དངོས་དང་མི་མཐུན་པས་ཡིན།
    ཐ་ན་ཆོས་ལུགས་ཀྱིས་གནོད་བཅུད་ཧྲིལ་པོ་དམ་དུ་བཟུང་བའི་འབྲུག་རྒྱལ་ཁབ་ལ་མཚོན་ནའང་། ཆོས་འཇིག་ལོགས་སུ་བཀར་ཏེ། གྲོས་ཚོགས་ནང་ཆོས་ལུགས་ཀྱིས་ཤུགས་རྐྱེན་ཡེ་ནས་མེད་པར་བྱས་ཡོད།

    Reply
  29. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    ་་་་་་་་་་་་་་ ༢༽ས་སྐྱའི་སྤྱི་འཐུས་ག་ཟི་དགེ་བཤེས་ཚེ་རིང་པོ་གཙོས་ཆོས་བརྒྱུད་སྤྱི་འཐུས་རྣམས་ཀྱིས་༧གོང་ས་མཅོག་གི་བཀའ་སློབ་དང་།
    བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམས་ཀྱིས་ཇོ་ནང་པར་རྒྱབ་གཉེར་སྤྲད་པའི་ཡིག་ཆ།
    དེ་བཞིན་ཆོས་ཚོགས་ཐེངས་བཅུ་གཅིག་པའི་གྲོས་ཆོད་བཅས་རྩིས་མེད་བཏང་དོན་ཅི་ཡིན་གསལ་བཤད་བྱ་དགོས། ་་་་་་་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese