མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཇོ་ནང་པའི་དམངས་གཙོ་ལག་ལེན་སྙིང་སྟོབས་ལ་ཡི་རངས་ཞུ།

བོད་ཀྱི་དུས་བབ།
༢༠༡༥/༠༣/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཚེ་རིང་རྡོ་རྗེས།

ཇོ་ནང་པ་ཚོས་དམངས་གཙོའི་འགྲོ་ལུགས་ལྟར་ཐོབ་ཐང་བརྩོན་ལེན་བྱས་པའི་སྐོར་ལ་གཞིས་བྱེས་གཉིས་སུ་ལབ་གླེང་སྣ་ཚོགས་བྱུང་། ངས་མཐོང་ཡུལ་དུ་གྱུར་བའི་བསམ་ཚུལ་ཡི་གེར་འཁོད་པ་ཕལ་ཆེར་གྱིས་ཇོ་ནང་པ་ལ་རྒྱབ་སྐྱོར་བྱས་འདུག་པ་མ་ཟད། ད་དུང་བོད་མི་གཞིས་པ་ལ་ལས་བཙན་བྱོལ་གྱི་གྲོས་ཚོགས་ལ་བློ་ཕམ་ཡིད་ཆད་ཀྱི་རྣམ་འགྱུར་ཡང་བསྟན་འདུག ང་ལ་མཚོན་ན། ཆོས་ལུགས་གྲུབ་མཐའ་དང་ཆོས་བརྒྱུད་དབྱེ་སྟངས་ལ་རྒྱུས་མངའ་མེད་པ་དང་། ཆོས་བརྒྱུད་རང་སྐྱ་འཕེར་བ་ཞིག་ལ་ཆ་རྐྱེན་དང་ཐོབ་ཐང་ཇི་འདྲ་ཡོད་མེད་མི་ཤེས། དེའི་ཕྱིར་བདག་གིས་ཆོས་ལུགས་གྲུབ་མཐའི་སྟེང་ནས་བདེན་ཁ་སུ་ལ་ཡོད་མེད་བབ་ཅོལ་སྨྲ་མི་ཕོད་པ་དང་། སྐབས་འདིའི་གླེང་བྱའང་དེ་མིན།

སྤྱིར་ང་ནི་གྲུབ་མཐའ་རིས་མེད་ལ་མོས་ཤིང་ཆོས་ལུགས་ཀྱི་སྤྱི་འཐུས་མི་དགོས་པར་འདོད་མཁན་གྱི་གྲས་ཡིན། དེ་ལྟ་མོད་ཀྱང་། ཇོ་ནང་པ་ཚོས་དམངས་གཙོ་ནོར་བུའི་ནོར་ཉམས་ཆོད་དེ་སྐོམ་པ་ཆུ་འདོད་ཀྱི་ཐོབ་ཐང་ཞིག་བརྩོན་ལེན་བྱས་པ་དེ་ལ་ངས་རྗེས་སུ་ཡི་རངས་ཞུ་བཞིན་ཡོད། གལ་སྲིད་དྷ་རམ་ས་ལ་ན་ཡོད་ཚེ། ང་ཡང་ཁོ་ཚོའི་ངོ་རྒོལ་ལས་འགུལ་ལ་ཞུགས་ཏེ་གདུང་སེམས་མཉམ་བསྐྱེད་བྱས་ཡོད་ངེས། བཙན་བྱོལ་ལ་སླེབས་པའི་ལོ་དེ་ནས་བཟུང་། ངའི་སེམས་ལ་བོད་མི་ཚོས་རྒྱ་དམར་གཞུང་ལ་ངོ་རྒོལ་བྱ་ཕོད་པ་དེ་བཞིན་དུ། བཙན་བྱོལ་བོད་གཞུང་དང་གྲོས་ཚོགས་ལའང་མ་འགྲིག་པ་དང་མ་དྲང་པ་གང་ཞིག་ཡོད་ན། མངོན་ལྐོག་མེད་པར་གདོང་ལ་བུད་དེ། དམངས་གཙོའི་འགྲོ་ལུགས་མཐུན་པའི་ངང་ནས་ཞུ་གཏུགས་དང་ངོ་རྒོལ་བྱ་དགོས་པར་བསམ་མྱོང་། དེ་ལྟར་བྱས་ན། བཙན་བྱོལ་གྱི་དམངས་གཙོ་ལམ་ལུགས་ཡང་དག་པ་ཞིག་འོང་བ་ལ་དགེ་མཚན་ཤིན་ཏུ་ཆེ།

ཇོ་ནང་པའི་ཞི་རྒོལ་དེ་ནི་བཙན་བྱོལ་གྱི་དམངས་གཙོ་ལག་ལེན་ལ་དོན་སྙིང་ལྡན་པའི་ལོ་རྒྱུས་ཀྱི་ཟིན་ཐོ་ཞིག་ཆགས་པ་མ་ཟད། མ་འོངས་པར་བཙན་བྱོལ་གྱི་ཚོགས་པ་དང་སྒེར་བ་སུ་ཡིན་ཡང་དམངས་གཙོའི་དྲང་ལམ་ལ་ཞུགས་རྒྱུར་ཤུགས་རྐྱེན་བཟང་པོ་ཞིག་ཐེབས་ནུས་པ་གདོན་མི་ཟ། ངོ་རྒོལ་དེ་འདྲ་ནི་དམངས་གཙོའི་འགྲོ་ལུགས་དང་མཐུན་པ་མ་ཟད། མ་འོངས་པར་ཡང་འབྱུང་འོས་པ་ཞིག་ཏུ་མཐོང་། གཞན་དབང་སྟབས་བསྟུན་བྱ་དགོས་པའི་བཙན་བྱོལ་གྱི་གནས་བབ་འོག་ཏུ། དམངས་གཙོ་ནི་ཡང་དག་པ་ཞིག་ཆགས་རྒྱུ་སླ་བོ་མིན་ཡང་། ང་ཚོས་དམངས་གཙོའི་རིན་ཐང་ངོས་ཟིན་པ་དང་བདག་གཅེས་གང་ལེགས་བྱ་རྒྱུ་ནི་ལྡོག་ཏུ་མེད་པའི་འོས་འགན་ཞིག་ཡིན།

བཙན་བྱོལ་གྱི་དམངས་གཙོ་ལག་ལེན་ད་དུང་ཇེ་ལེགས་སུ་འགྲོ་དགོས་པའི་གནས་བབ་ན་ཡོད་པ་མ་གཏོགས། སྐྱོན་ཀུན་ཟད་ཀྱི་གནས་རིམ་ན་མེད། དེར་བརྟེན་གྲོས་ཚོགས་ནང་དུ་སྣང་ཚུལ་བཟང་ངན་གཉིས་ཀ་འོང་སྲིད་པ་མ་ཟད། ཚུལ་མིན་གྱི་རྩོད་གླེང་དང་འཐེན་འཁྱེར་སོགས་ཀྱང་འབྱུང་སྲིད། འོན་ཀྱང་མི་ལེགས་པའམ་ཞན་པའི་ཆ་ཁོ་ན་ལ་བལྟས་ཏེ་བཙན་བྱོལ་གྱི་དམངས་གཙོའི་མདུན་ལམ་ལ་ཡིད་ཆེས་ཉམས་མི་རུང་། གཞུང་དང་གྲོས་ཚོགས་གང་ཡིན་ཡང་མ་འགྲིག་ས་དང་མ་དྲང་ས་ཡོད་ན། འབྲེལ་ཡོད་ཚོགས་པ་དང་སྒེར་བ་དག་གིས་ངེས་པར་དུ་དམངས་གཙོའི་འགྲོ་ལུགས་ལྟར་ཞུ་གཏུགས་དང་ངོ་རྒོལ་བྱ་དགོས་པ་མ་ཟད། སྐབས་བབ་ཀྱི་གནད་དོན་དང་འབྲེལ་བ་མེད་པ་བཙན་བྱོལ་བ་གཞན་ཚོས་ཀྱང་ལག་ཟུང་མཆན་ལ་བཅུག་ནས་ལྟད་མོ་ལྟ་མི་འོས། ཚང་མས་ཕྱར་བ་གྲུ་འདེགས་ཀྱིས་ང་ཚོའི་དམངས་གཙོ་ཚགས་སུ་ཚུད་པ་འོང་རྒྱུར་ནུས་པ་འདོན་དགོས། ད་ཐེངས་ཇོ་ནང་པའི་དམངས་གཙོ་ལག་ཏུ་བླངས་ཏེ་ཐོབ་ཐང་བརྩད་པ་འདི་དགའ་འོས་པའི་དོན་བཟང་ཞིག་ཡིན་ནའང་། ཁོ་ཚོའི་དཀའ་ངལ་དང་འབྲེལ་བ་མེད་པའི་བཙན་བྱོལ་བ་གཞན་མང་པོ་ངོ་རྒོལ་ལས་འགུལ་དེར་ཞུགས་མེད་པས་བློ་ཕམ་པ་ཞིག་འདུག འདིས་ང་ཚོ་བཙན་བྱོལ་བ་ཚོ་ད་དུང་དམངས་གཙོ་ལག་ལེན་གྱི་ཕྱོགས་ནས་གོ་རྟོགས་དང་སྙིང་སྟོབས་ཞན་པ་བསྟན་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག

ཆུ་ཚོད་ ༥ སྔོན་ལ།
Press Statement From The Office of His Holiness The Dalai Lama
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་ནས་བྱུང་མེད་པའི་གསལ་བསྒྲགས་གནང་།

ཆུ་ཚོད་ ༩ སྔོན་ལ།
Delhi High Court, Image Representational (Photo/Shutterstock)
Mobile App

རྒྱ་གར་གྱི་མཐོ་རིམ་ཁྲིམས་ཁང་གིས་བོད་མི་ཞིག་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲོད་དགོས་པའི་བཀའ་ཁྱབ་བཏང་།

༢༠༢༦/༠༢/༠༧
Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༦
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

༢༠༢༦/༠༢/༠༦
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥

མཆན། 3

  1. མི་རྒོད། says:
    ལོ་ 11 སྔོན།

    ད་གཞིས་ནས་མང་གཙོའི་མི་སེར་སློབ་ཕྲུག་ཚོ་སྦྱོང་བརྡར་ལ་དོན་ཞག། འོ་བྱས་ཙང་ཆོས་ལུགས་སྲིད་ཀྱི་ལྡིང་ཆ་ལ་བཞག་ན་མ་འོངས་པའི་དུས་བབས་ནང་ཧ་ཅང་རྙོག་རྫིང་ཆགས་གཏན་འཁེལ་བ་རེད། མང་གཙོའི་རྒྱལ་ཁབ་གང་དུའང་འདི་དར་མེད་བཙན་བྱོལ་མ་འོངས་ལམ་སྟོན་མང་གཙོ་འདི་ལ་བོད་མི་དུམ་བུར་འགྱུར་གཞི་ཆོས་ལུགས་ཀྱི་མ་ཤེས་ཤེས་མདོག་དང་ མ་མྱོང་འཇོན་མདོག་གི་བཟོ་ཉེན་འདུག། ཆོས་ལུགས་སྲིད་ཀྱི་གྲོས་ཚོགས་ནང་འཐུས་མི་བཞག་ཚེ་བུ་རང་མགོ་མ་འཐོན་ གཞན་མགོ་འབད་འབད་ ཞེས་པ་ལྟར་ཆགས་ངེས་རེད། གལ་ཏེ་ཆོས་ལུགས་གང་གི་བླ་མ་དང་ དགེ་བཤེས་ མཁན་པོ་ གྲ་རྐྱང་དཀྱུས་མ་ མང་གཙོའི་འོས་བསྡུ་བྱས་ནས་ལྷན་ཁང་སླེབས་ཚེ་དེ་ནི་ཞན་ཆ་མེད་པ་རེད། དེ་མིན་ཆོས་ལུགས་པའི་འོས་འགན་ནི་ནང་ཆོས་དར་རྒྱས་ཀྱི་སྤྱི་ཚོགས་ལ་སྲི་ཞུ་སྒྲུབ་ནས་འཛམ་གླིང་ནང་མིག་དཔེ་འོས་པའི་གཞན་ཕན་སྤྱི་ཚོགས་བསྐྲུན་ན་ལེགས་ཤོས་དང་ འོས་ཤོས་ཡོད་རད། ཡེ་ཤུའི་བླ་ཆེན་ལ་སྲིད་དབང་ཞབས་སྟེགས་མེད་པ་མ་ཟད་རྒྱ་གར་ནང་ཡང་དེར་མིག་དཔེ་ལེན་ཡོད་ བོད་པའི་འགྲོ་ལུགས་འདི་ལྟ་བུ་ཕལ་ཆེར་ཁ་ཆེ་བ་ཚོས་སྲིད་དབང་སྒེར་འཛིན་ནང་མང་པོ་མཐོང་ལ་ དེར་ཤིཡ་དང་ སུ་ནི་ཞེས་ད་ལྟ་རང་ཤི། ང་རྒྱལ། ཞེས་འཐབ་རྩོད་བྱེད་པ་འདིས་ཤེས་ཐུབ། རྣོ་བསམ་ངོ་མ་གཞི་སྟངས་ནས་བསྒྱུར་བཅོས་ཀྱི་ཆོས་ལུགས་སྤྱི་འཐུས་ཡོངས་རྫོགས་ད་ལྟ་རང་མེད་པ་བཟོ་དགོས། འདིའི་ཐོག་བོད་རིགས་ན་གཞོན་ཡོངས་ནས་མང་གཙོའི་ལས་འགུལ་སྤེལ་དགོས་པ་རེད།
    ང་ཚོར་དགོས་པ་དེ་བོད་ཆོལ་ཁ་གསུམ་གཅིག་ཏུ་བསྒྲིལ་བའི་འཐུས་མི་དགོས་ཤིང་། དེ་ཡང་ས་རྒྱ་ལ་བལྟས་ནས་བཞག་ན་འགྲིག་ལ། མི་འབོར་ལ་བལྟས་ནས་བཞག་ནའང་འགྲིག་ཤིང་། དེ་ཡི་གཞི་འཛིན་ས་ནི་བོད་རང་ལ་བྱེད་དགོས་པ་ལས་བཙན་བྱོལ་གྱིས་མི་འབོར་གྱི་གཏན་ནས་ཡོང་གི་མ་རེད། ནམ་ཞིག་གོམས་པ་བརྒྱག་དུས་སླེབས་སྐབས། ཧ་ཅང་བཏབ་བདེ་ལ་དོན་སྙིང་ལྡན་པ་ཞིག་ཆགས་ཀྱི་རེད། ད྄་ལྟའི་བཙན་བྱོལ་མང་གཙོའི་འགྲོ་ལུགས་ལ་རྒྱ་གར་གྱིས་ལྷད་ཆེན་པོ་ཡོད་ལ། ཡིན་ཡང་རྒྱ་གར་བས་ཆོས་ལུགས་འཐུས་མི་བཀོད་ཕྱོགས་ལ་ཤ་ཚའི་ལམ་སྟོན་བྱས་མེད། རྒྱ་གར་ཁོ་རང་གི་འགྲོ་སྟངས་འདི་ལག་སྟར་བྱེད་ཀི་མེད་པ་རེད། རྒྱ་གར་བ་ཆབ་སྲིད་མཁས་དབང་ཚོས་ཆོས་ལུགས་འདི་མགོ་རྙོག་ཡིན་པར་ངོས་འཛིན་གསལ་པོ་བྱེད་པ་རེད།

    Reply
  2. མི་སྨྲ་བ། says:
    ལོ་ 11 སྔོན།

    བོད་པའི་སྤྱི་ཚོགས་སྤྱིའི་གོ་རྟོགས་དང་། བོད་ཀྱི་གནས་བབ་གང་ལ་བལྟས་ཀྱང་ད་དུང་སྐུ་ཉིད་ཀྱིས་བརྗོད་པའི་དམངས་གཙོའི་རེ་འབོད་དེ་ཏག་ཏག་འཚམས་པོ་ཡིན་པའི་ངེས་པ་རྙེད་ཀྱིན་མི་འདུག་་་རྩ་བའི་དམངས་གཙོ་ཤིན་ཏུ་གལ་ཆེ་ཡང་དེ་ལ་རྒྱུ་རྐྱེན་ཁོར་ཡུག་ངེས་ཅན་ཞིག་དགོས་ལ། ལྷག་དོན་མི་རིགས་ཤིག་ཆགས་འཇིག་གཉན་ཕྲེང་གི་དུས་ལ་སླེབས་པའི་སྐབས་དང་། ནང་སྒོས་དམངས་གཙོའི་རྨང་གཞིིའི་བདག་དབང་འཐབ་རྩོད་ཀྱི་དུས་སྐབས་སོགས་སུ། དམངས་གཙོའི་འགྲོ་ལུགས་སོགས་ཁ་གཡར་རྒྱུ་མང་དྲག་ན་མཉམ་ལས་སྟོབས་ཤུགས་དང་འཐབ་རྩོད་སྟོབས་ཤུགས་དམའ་ཆགས་པར་འགྱུར་བའི་གནས་བབ་ཀྱང་མི་ཡོང་བ་མིན།
    ངས་བསམ་ན་འུ་ཅག་གིས་དམངས་གཙོའི་སྔོན་འགྲོ་གྲ་སྒྲིག་ཙམ་བྱས་པ་ལས་དམངས་གཙོའི་དངོས་གཞི་ལ་སླེབས་རྒྱུར་གཞུང་དམངས་སྤྱི་ཚོགས་དང་། སྒོས་སུ་ཛ་དྲག་གནས་བབ་སོགས་ཀྱི་ངོས་གང་ནས་བལྟས་ཀྱང་བར་ཐག་ཧ་ཅང་རིང་བའི་དངོས་དོན་འདི་དང་ལེན་མི་ཞུ་ཐུ་མེད་རེད་འདོད།

    Reply
  3. ལྷ་་སྤྱན་གསུམ་པ says:
    ལོ་ 11 སྔོན།

    ཡག་པོ་འདུག ཞི་འབོད་འདི་རང་གཞུང་ལ་བློ་སེམས་དཀར་བ་མཚོན་འདུག་ལ། ཞུ་ཚིག་ཀྱང་ང་ཚོར་སྒྲིག་འཇུགས་ནང་ནས་འདྲ་མཉམ་དགོས་ཟེར་བ་དེ་རེད་འདུག མི་ཤེས་པ་ཁ་ཤས་ཀྱིས་དོན་དེ་མ་གོ་ནས། སྒྲིག་འཇུགས་ལ་ནག་པོ་བྱེད་པ་ལྟབུ་ཞིག་ཏུ་གོ་བ་ནི་ནོར་བ་རེད། ནག་པོ་བྱེད་ན་འདི་འདྲ་བྱེད་རྒྱུ་མ་རེད། འདིས་ང་ཚོར་དབང་ཆ་མང་ཚོགས་ཀྱི་ལག་པར་ཡོད་པ་ཤེས་སུ་འཇུག་པ་རེད། ད་ནས་བཟུང་ང་ཚོར་ཆོས་རྒྱུད་འཐུས་མི་ཟེར་བ་ཞིག་དགོས། མཐའ་གཅིག་ཏུ་ངོ་རྒ྄ོལ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese