མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒན་ཡོལ་བ་ལིན་རོན་ཆཱན་ལ་ཞིབ་བཤེར།

བོད་ཀྱི་དུས་བབ།
༢༠༡༥/༠༤/༡༨
Share on FacebookShare on TwitterShare on EmailShare on Whatsapp

རྒན་ཡོལ་ཞུས་ཟིན་པའི་ལིན་རོན་ཆཱན་ལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་ཉེས་མིང་འོག་རྒྱ་གཞུང་གིས་ཞིབ་བཤེར་བྱེད་བཞིན་འདུག

ཁ་སང་ཕྱི་དྲོར་རྒྱ་ནག་གི་ཆུ་ཚོད་ ༤ ། ༥༦ སྟེང་། དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གི་དྲ་བའི་སྟེང་། རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུ་ནོར་ལྟ་སྐྱོང་ཨུ་ཡོན་གྱི་གནས་ཚུལ་ནང་རྒྱ་ནག་གློག་འཕྲིན་ལས་ཁུངས་ཀྱི་སྤྱི་གཉེར་བ་གཞོན་པ་ཟུར་བ་དང་། ཏང་གི་རྩ་འཛུགས་མགོ་གཙོ་གཞོན་པ་ལིན་རོན་ཆཱན་ (Leng Rongquan) ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞིའི་འོག་ཞིབ་བཤེར་བྱེད་བཞིན་ཡོད་པ་ཁྱབ་བསྒྲགས་བྱས་འདུག

དེ་རིང་རྒྱ་གཞུང་གི་ཚད་ཞཱིན་དྲ་བས་གནས་ཚུལ་སྤེལ་པ་ལྟར་ན། ད་རེབ་ཞིབ་བཤེར་འོག་ཚུད་པའི་ལོ་ན་ ༦༦ སོན་པའི་ལིན་རོན་ཆཱན་དེ་རྒྱ་ནག་སྲིད་གྲོས་ཀྱི་འགན་འཛིན་གཞོན་པ་ཟུར་བ་དང་། དབུས་འཐབ་ཕྱོགས་གཅིག་གྱུར་གྱི་འགན་འཛིན་ཟུར་བ་ལིན་ཅི་ཧྭ་དང་འབྲེལ་བ་ཡོད་པ་མ་ཟད། ལིན་རོན་ཆཱན་དང་ལིན་ཅི་ཧྭ་ཡི་ནུ་བོ་ལིན་ཝན་ཁྲིན་གཉིས་ལ་ཡང་འདས་པའི་ལོ་མང་རིང་ཚོང་ལས་འབྲེལ་བ་ཡོད་སྟབས། ད་རེབ་ལིན་རོན་ཆཱན་ཞིབ་བཤེར་བྱས་པ་དེ་ཁོ་གཉིས་རྒྱབ་ཀྱི་སྟངས་འཛིན་བྱེད་མཁན་ཨ་རིའི་ཐོ་གཞུང་ལས་ཁུངས་ཀྱི་མ་དངུལ་དང་འབྲེལ་བ་ཡོད་འདུག ཅེས་སོགས་བཀོད་འདུག

སྔར་ལོའི་ལོ་མཇུག་ལ་ཚད་ཞཱིན་དྲ་བའི་སྟེང་རྩོམ་ཡིག་ཅིག་སྤེལ་བའི་ནང་། ལིན་ཅི་ཧྭ་ཡི་ནུ་བོ་ལིན་ཝན་ཁྲིན་གྱིས་ཝང་ཁྲིན་ (Wang Cheng) ཞེས་པའི་མིང་གཞན་ཞིག་བེད་སྤྱོད་བྱས་ཏེ། གླིང་དགུ་དྲ་ཐོག་ལས་ཁུངས་ (九洲在线有限公司) ཀྱི་འགན་འཛིན་བྱས་སྐབས། ལྐོག་ནས་ལིན་ཝན་ཁྲིན་དང་ཅང་མན་ཧིན་ (Jiang Mianheng) སོགས་དང་ཚོང་ལས་ཁེ་དབང་གི་འབྲེལ་བ་བཙུགས་ཡོད་ཚུལ་བཀོད་འདུག

༢༠༠༣ ལོར་གླིང་དགུ་དྲ་ཐོག་ལས་ཁུངས་དབུ་བརྙེས་ཡོད་པ་དང་། ཐོག་མར་ལས་ཁུངས་དེ་དེབ་སྐྱེལ་བྱེད་སྐབས་རྒྱ་སྒོར་དུང་ཕྱུར་ ༤ དང་བྱེ་བ་ ༩ ཡི་མ་དངུལ་བཏང་ཡོད་ཅིང་། ཅང་མན་ཧིན་གྱི་སྟངས་འཛིན་བྱེད་བཞིན་པའི་རྒྱ་ནག་དྲ་རྒྱའི་བརྒྱུད་ལམ་ལས་ཁུངས་ (中国网络通讯集团公司) ཀྱིས་མ་དངུལ་བརྒྱ་ཆ་ ༤༠ ཡི་རོགས་སྐྱོར་བྱས་ཡོད་པ་དང་། རྒྱ་ནག་ཕྱི་ཕྱོགས་ལ་ཚོང་འབྲེལ་བྱེད་པའི་དྲ་རྒྱའི་ལས་ཁུངས་ (VC软银亚洲基础设施基金网络公司) དང་ཨ་ཊེ་ཇའུ་དྲ་རྒྱའི་མ་དངུལ་ལས་ཁུངས་ ( IDG网络投资公司)གཉིས་ཀྱིས་བརྒྱ་ཆ་ ༣༠ རེས་རོགས་སྐྱོར་བྱས་ཡོད་འདུག

སྐབས་དེར་རྒྱ་ནག་དྲ་རྒྱའི་བརྒྱུད་ལམ་ལས་ཁུངས་ཀྱི་སྤྱི་གཉེར་བ་གཞོན་པ་ལིན་རོན་ཆཱིན་གྱིས་མགྲིན་ཚབ་པའི་མིང་ཐོག་ནས་གཏམ་བཤད་སྤེལ་སྐབས། ལིན་ཝན་ཁྲིན་ལ་ཝང་ཁྲིན་ཞེས་པའི་མིང་བེད་སྤྱོད་བཏང་སྟེ། གླིང་དགུ་དྲ་ཐོག་ལས་ཁུངས་ཀྱི་སྤྱི་གཉེར་བའི་ལས་འགན་འཁུར་རྒྱུ་ཡིན་ཚུལ་བརྗོད་འདུག རྗེས་སུ་གླིང་དགུ་དྲ་ཐོག་ཅེས་པ་མིང་བསྒྱུར་ཏེ་ཉིན་ལྟར་སྐུད་ལམ་ (天天在线) ཅེས་བརྗེས་ཡོད་འདུག

༢༠༡༠ ལོའི་ཟླ་ ༤ པའི་ནང་ལིན་རོན་ཆཱན་རྒྱ་ནག་གློག་འཕྲིན་ལས་ཁུངས་ཀྱི་སྤྱིའི་འཆར་འགོད་པ་དང་། པེ་ཅིན་ཞིབ་འཇུག་ཁང་གི་འགན་འཛིན་གྱི་གོ་གནས་ནས་རྒན་ཡོལ་ཞུས་ཡོད་འདུག ཁོ་ ༡༩༤༩ ལོར་སྐྱེས་ཡོད་པ་དང་པེ་ཅིན་གློག་འཕྲིན་སློབ་ཆེན་ནས་སློབ་མཐར་ཕྱིན་ཡོད་འདུག

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ནང་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་བོད་མི་སྒེར་གཅིག་གི་ངོས་ནས་གདོང་ལེན་ཇི་ལྟར་བྱེད་དགོས་སམ།

ཆུ་ཚོད་ ༢ སྔོན་ལ།
བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

ཆུ་ཚོད་ ༢༡ སྔོན་ལ།
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

ཆུ་ཚོད་ ༢༡ སྔོན་ལ།
TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

༢༠༢༦/༠༥/༢༠
Front Slider

Public Reactions to the Election Results | Real Opinions & Views

༢༠༢༦/༠༥/༢༠
མདོ་ཁམས་ཆུ་བཞི་སྒང་དྲུག་གཞིས་བྱེས་གཉིས་དང་ཧི་མ་ལ་ཡའི་ནང་པའི་ཆོས་ཚོགས་ཐུན་མོང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༦།༠༥།༢༠ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

༢༠༢༦/༠༥/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese