མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཨ་ཅག་བལ་བཟར་དྲིན་བཟོ།

བོད་ཀྱི་དུས་བབ།
༢༠༡༥/༠༤/༣༠
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༦༡ སྟེང་གི་རྩོམ་སྒྲིག་པའི་གཏམ།

ཐེངས་འདིར་བལ་ཡུལ་ལྟེ་བ་བྱས་ཏེ་ཤར་ཕྱོགས་བོད་ཀྱི་ས་མཚམས་དང་ནུབ་ཕྱོགས་རྒྱ་གར་ས་མཚམས་སོགས་ལ་ས་ཡོམ་ཤུགས་ཆེན་བརྒྱབ་རྗེས། བལ་ཡུལ་ནང་གི་བོད་མི་ཚོར་སྐྱིད་སྡུག་མཉམ་མྱོང་བྱེད་ཐུབ་པ་ཕར་ཞོག གནས་ཚུལ་མགོ་རྔ་ཚང་བ་ཞིག་ཀྱང་དུས་ཐོག་ཏུ་རག་ཐུབ་མེད་པ་དེས། བལ་ཡུལ་ནང་གི་བོད་མིའི་གནས་སྟངས་སྤྱི་དང་། ལྷག་པར་དུ་བཙན་བྱོལ་བ་ཟེར་བ་འདིའི་ལུས་ངག་ཡིད་གསུམ་གྱི་འདུ་བྱེད་ལ་ས་མཚམས་ངེས་ཅན་ཞིག་ཡོད་པའང་བསྐྱར་དུ་དྲན་སྐུལ་བྱས་སོང་།

ད་དུང་བལ་གཞུང་ཉེན་རྟོག་པ་ཚོས་བོད་མི་ཆབ་སྲིད་ལས་འགུལ་བ་ཚོར་རྡུང་རྡེག་བཏང་བ་དག་བསྐྱར་དུ་གླེང་མགོ་བརྩམས་སོང་ལ། རྒྱ་ནག་གཞུང་གིས་ཧ་ཅང་མངོན་ཆུང་གི་ཚུལ་དུ་མྱུར་སྐྱོབ་དམག་མི་ ༦༢ དང་དྲི་སྣོམ་སྤྱང་ཁྱི་ ༦ ཆེད་གཏོང་བྱས་པ་དེས་སྣེ་དྲངས་ཏེ། བོད་ནང་གི་གོད་ཆག་ལས་ཀྱང་བལ་ཡུལ་གྱི་གོད་ཆག་གལ་ཆེན་དུ་བརྩིས་ཏེ་དངུལ་དངོས་མི་གསུམ་གྱི་རོགས་སྐྱོར་བློ་འགུག་དང་། མ་འོངས་པའི་བསྐྱར་གསོ་འཛུཊ་སྐྲུན་གྱི་དབང་བསྒྱུར་འཆར་འགོད་དག་ཀྱང་མཐོང་དུ་བཅུག་སོང་།

ས་ཡོམ་གོད་ཆག་ཁྲོད་རྒྱ་གར་ནང་མི་བདུན་ཅུར་ཉེ་བ་རྐྱེན་ལམ་དུ་ཤོར་བ་གནས་ཚུལ་ཆུང་ཆུང་མ་རེད་ལ། བོད་མི་ཞིག་ལ་མཚོན་ན། བོད་ནང་གི་མི་ཉེར་ལྔ་དང་བལ་སྡོད་བོད་མི་བཞི་ལྔ་ཞིག་གི་ཚེ་སྲོག་ཤོར་བ་དེ་བས་ཀྱང་གནས་ཚུལ་ཆུང་ཆུང་མིན་ཡང་། འདོམ་གང་ཅན་ལས་འདོམ་དོ་ཅན་ལ་རིང་པོ་ཟེར་ཞིང་། འདོམ་དོ་ཅན་ལས་འདོམ་གསུམ་ཅན་ལ་རིང་པོ་ཟེར་བའི་གནས་ལུཊ་ལྟར། བལ་ཡུལ་ནང་གི་རྐྱེན་ངན་གོད་ཆག་ཆེ་ཐག་ཆོད་དེ་བོད་དང་རྒྱ་གར་ནང་གི་གནས་ཚུལ་དག་རྦད་དེ་བཀབ་སོང་།

གྲངས་ཀ་དང་དུས་ཚོད་རིན་ཐང་དུ་འཛིན་པའི་གསར་ལམ་ཁག་ཨ་ཅང་ཅང་། དམངས་གཙོ་དང་རང་དབང་། འདྲ་མཉམ་སོགས་ཀྱི་ཚད་ཤིང་དང་དཔུང་གཉེན་དུ་འཛིན་པའི་ཨ་རིའི་ཕོ་བྲང་དཀར་པོས་ཀྱང་། བོད་ཅེས་པའི་ཚིག་འབྲུ་འདི་རྒྱ་ནག་ལྕགས་རིའི་སྐྱིབས་འོག་ནས་བོར་དུ་བཅུག་སོང་། ཨ་རིའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པས་བལ་ཡུལ་དང་རྒྱ་གར་བྷིང་ལ་ཌེ་ཤི་སོགས་ཀྱི་གནོད་ཐེབས་མང་ཚོགས་ལ་སེམས་གསོ་ཡོད་ཅེས་བརྗོད་སྐབས། བོད་ཅེས་པའི་མིང་ཙམ་ཡང་གླེང་མ་ཐུབ་པ་དེས་ཆབ་སྲིད་མངོན་འདོད་ཙམ་མིན་པར། བལ་ཡུལ་ནང་གི་བོད་མི་ཚོར་ཕྱིའི་རོགས་སྐྱོར་རག་རྒྱུར་ཡང་ཤུགས་རྐྱེན་ཐེབས་ངེས་ཡིན།

ས་ཡོམ་གོད་ཆག་ནང་མིང་དང་ལོ་རྒྱུས་མི་གསལ་བའི་བོད་མི་བཞི་ལྔ་ཞིག་གི་ཚེ་སྲོག་ཤོར་རབས་ལས། བོད་མིའི་སྒྲིག་འཛུགས་ཀྱིས་བལ་ཡལ་ནང་བོད་མིའི་སྡོད་ཁང་འགའ་རེར་གས་ཞིག་ཕྲན་བུ་བྱུང་བ་ལས་མི་ལ་གནོད་འཚེ་ཆེན་པོ་ཐེབས་མེད་ཚུལ་དང་། ད་ལྟའི་ཆར་རོགས་རམ་བྱེད་རྒྱུའི་ཆར་གཞི་ཡང་མེད་སྐོར་གསུངས་ཡོད་ཀྱང་། སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ས་ཡོམ་ཁྲོད་ཁང་པ་ཐོར་ཞིག་ཏུ་སོང་བའི་པར་རིས་དག་བཀོད་པའི་ཁྲོད་ན། ཧིན་རྡིའི་ཁྱད་ཆོས་ཅན་གྱི་སྡོད་ཁང་དང་། བོད་དང་ནང་པའི་ཁྱད་ཆོས་ཅན་གྱི་སྡོད་ཁང་མང་ཉུང་འདྲ་མཉམ་དུ་འཐོན་བཞིན་འདུག

བོད་ནང་གི་འགྲམ་དང་གཉའ་ལམ་སོགས་ཀྱི་མི་མང་རྣམས་དཀའ་སྡུག་གི་ཁྲོད་ན་ལྷག་ཡོད་ཚོད་འདུག་ལ། བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བ་ཚོ་དང་། ལྷག་པར་དུ་མཐའ་མཚམས་ཁུལ་གྱི་དགོན་སྡེ་རེ་འགའི་གྲྭ་བཙུན་ཡང་བར་མ་བར་ན་བཀྲེས་སྐོམ་གྲང་གསུམ་གྱིས་འཆི་བཞིན་ཡོད་རབས་ཐོས་པ་དེ་དག་ཀྱང་སེམས་འོག་ནས་བོར་མི་རུང་། དགྲ་ཡི་རྨ་ཁ་གཉེན་གྱིས་གསོ། སྐྱིད་ཀྱི་འགལ་བ་སྡུག་གིས་འདུམ། ཞེས་པའི་དཔེ་ལྟར། ད་རེས་ང་ཚོ་བལ་ཡུལ་མི་མང་གི་ཕྱོགས་སུ་ལངས་ཏེ། གཞུང་ཚོགས་སྒེར་གསུམ་གྱི་ནུས་ཤུགས་ཡོད་དགུས་བལ་ཡུལ་གནོད་ཐེབས་མི་མང་ལ་རོགས་རམ་གནང་རྒྱུ་དེ། བལ་བོད་ལོ་རྒྱུས་ཀྱི་ལས་འགན་དང་། བོད་མིའི་ཡ་རབས་བཟང་སྤྱོད། སྐབས་དོན་ཆབ་སྲིད་ཀྱི་དགོས་མཁོ་གང་ཐད་ནས་གལ་ཆེན་འགངས་ཆེན་ཡིན་ནོ།།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist