མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྱང་ཀོ་རི་ཡའི་བདེ་སྲུང་བློན་ཆེན་དམར་གསོད།

བོད་ཀྱི་དུས་བབ།
༢༠༡༥/༠༥/༡༣
Share on FacebookShare on TwitterShare on EmailShare on Whatsapp

བྱང་ཀོ་རི་ཡའི་མགོ་ཁྲིད་ཀེམ་ཇོན་ཨང་གིས་བྱང་ཀོ་རི་ཡའི་བདེ་སྲུང་བློན་ཆེན་དང་དམག་སྤྱི་གཅིག་ལྕོགས་ཡཱང་ཅོལ་ཟེར་བ་ཁོང་དམར་གསོད་བཏང་ཡོད་འདུག

དེ་རིང་བྱང་ཀོ་རི་ཡའི་ཡོན་ཧེབ་(Yonhap) གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་སྔོན་མའི་ཚེས་ ༣༠ ཉིན་བྱང་ཀོ་རི་ཡ་གཞུང་གིས་བྱང་ཀོ་རི་ཡའི་བདེ་སྲུང་བློན་ཆེན་དང་དམག་སྤྱི་གཅིག་ལྕོགས་ཡཱང་ཅོལ་ (Hyon Yong Chol) གྱིས། ཟླ་སྔོན་མའི་ནང་ཨུ་རུ་སུར་ཚོགས་པའི་རྒྱལ་སྤྱིའི་བདེ་སྲུང་ལྷན་ཚོགས་ཐོག་གཏམ་བཤད་སྤེལ་སྐབས་ཀེམ་ཇོན་ཨང་ (Kim Jong Un) ལ་བརྩི་བཀུར་མ་བྱས་པར་གང་བྱུང་སྐད་ཆ་བཤད་ཡོད་པ་མ་ཟད། དེ་སྔོན་བྱང་ཀོ་རི་ཡའི་དམག་སྦྱོང་འགྲེམས་སྟོན་ཞིག་གི་སྐབས་ལ། ཀེམ་ཇོན་ཨང་གི་བཀའ་ལ་མ་བརྩིས་པར་གཉིད་ཅོག་བརྒྱབ་ནས་དམག་དོན་འཐུས་ཤོར་བཏང་བ་སོགས་རྒྱལ་ཁབ་ལ་རྒྱབ་གཏོད་བྱས་པའི་ཉེས་མིང་ཁག་གཅིག་བགྲངས་ཏེ་མང་ཚོགས་ཀྱི་མཐོང་སར་དམར་གསོད་བཏང་ཡོད་སྐོར་བཀོད་འདུག

བྱང་ཀོ་རི་ཡའི་གནད་དོན་ཆེད་མཁས་པ་མེ་ཤལ་ (Michael Madden) གྱིས་བྷི་བྷི་སི་དང་རྒྱ་གར་དུས་བབ་ཐོག “ད་ལྟ་བྱང་ཀོ་རི་ཡའི་མགོ་ཁྲིད་མཐོ་དམན་བར་གསུམ་གྱིས་ཀེམ་ཇོན་ཨང་ལ་གུས་བཀུར་མི་བྱེད་མཁན་མེད་སྟབས། ཀེམ་ཇོན་ཨང་གི་དབང་ཆར་འགྲན་རྩོད་བྱེད་མཁན་དང་བྱང་ཀོ་རི་ཡའི་བརྟན་བརླིང་སྲུང་སྐྱོབ་ལ་ཉེན་ཁ་བཟོ་མཁན་མེད་ཀྱང་། ད་དུང་ཀེམ་ཇོན་ཨང་གིས་མུ་མཐུད་རྒྱལ་ཞེན་ཆེ་བའི་བྱང་ཀོ་རི་ཡའི་མཐོ་རིམ་དཔོན་རིགས་ཁག་དམར་གསོད་གཏང་ཚེ། མ་འོངས་པར་བྱང་ཀོ་རི་ཡར་དཀའ་ངལ་ཤུགས་ཆེན་འཕྲད་རྒྱུ་ཡིན་པ་མ་ཟད། རྒྱལ་སྤྱིའི་ཐོག་ཁོ་རང་མགོ་ཁྲིད་ཅོལ་ཆུང་ཞིག་ཡིན་པ་ར་འཕྲོད་བྱས་པ་རེད།”ཅེས་བརྗོད་འདུག ཀོ་རི་ཡ་སྤྱི་མཐུན་རྒྱལ་ཁབ་དམངས་གཙོ་འཕེལ་རྒྱས་ཁང་གི་འགན་འཛིན་གཞོན་པ་པག་ཡོན་ཆོལ་ (Park Yong Chol) གྱིས་ཨ་རིའི་སི་ཨན་ཨན་ཐོག “རྒྱལ་སྤྱིའི་ཐོག་རྒྱལ་ཁབ་ལ་རྒྱབ་གཏོད་བྱེད་མཁན་དག་དམར་གསོད་གཏོང་གི་ཡོད་པ་ནི་རྒྱུན་ལྡན་ཞིག་ཡིན་ཡང་། ད་ལྟ་བྱང་ཀོ་རི་ཡའི་མགོ་ཁྲིད་ཀྱིས་སོ་སོ་དང་ལྟ་ཕྱོགས་མི་མཐུན་པ་དག་རྩ་མེད་བཟོ་བཞིན་ཡོད་པ་ནི་ར་བསད་ནས་ལུག་བརྡར་བཅུག་པ་རང་རེད།”ཅེས་བརྗོད་འདུག

དབྱིན་ཡུལ་གྱི་ཆ་འཕྲིན་དང་རོའུ་ཌར་གསར་ལམ་ཐོག་གནས་ཚུལ་སྤེལ་དོན་ལྟར་ན། ༢༠༡༠ ལོར་དམག་སྤྱི་ཡང་ཅོལ་བྱང་ཀོ་རི་ཡའི་སྤྱི་ཁྱབ་དམག་སྤྱི་གཞོན་པར་བསྐོ་བཞག་བྱས་པ་མ་ཟད། ༢༠༡༡ ལོར་ཁོང་ད་ལྟའི་བྱང་ཀོ་རི་ཡའི་མགོ་ཁྲིད་ཀེམ་ཇོན་ཨང་གིས་ཕ་འདས་པོ་ཀེམ་ཇོན་ཨང་གཉིས་པའི་དུར་མཆོད་གོ་སྒྲིག་ཚོགས་ཆུང་གི་ཚོགས་མིར་བདམས་ནས་ལས་དོན་ཁག་བསྒྲུབ་བཅུག་ཡོད་པ་དང་། དེའི་རྗེས་བདེ་སྲུང་བློན་ཆེན་ལ་བསྐོ་བཞག་བྱས་ནས་ལོ་གཉིས་མན་ཙམ་ལས་ཀ་བྱེད་བཅུག་ཡོད། ༢༠༡༣ ལོར་ཀེམ་ཇོན་ཨང་གིས་སོ་སོའི་དབང་ཆ་བརྟན་སྲུང་བྱ་ཆེད་ཨ་ཁུ་ཅང་སུན་ཋག་ (Chang Song-thaek ) གིས་རྒྱལ་ཁབ་ལ་རྒྱབ་གཏོད་བྱས་པའི་ཉེས་མིང་བཀལ་ཏེ་དམར་གསོད་བཏང་ཡོད་པ་མ་ཟད། འདི་ལོ་མཐོ་རིམ་དཔོན་རིགས་ ༡༥ ཙམ་དམར་གསོད་གཏོང་དགོས་པའི་བཀའ་བཏང་ཡོད་སྟབས། དེའི་ཁྲོད་ཀྱི་གཅིག་ནི་དམག་སྤྱི་དང་བདེ་སྲུང་བློན་ཆེན་གཅིག་ལྕོགས་ཡང་ཅོལ་ཆགས་ཡོད་ཅེས་སོགས་བཀོད་འདུག

མིང་སྨོས་མེད་པའི་བྱང་ཀོ་རི་ཡའི་གནད་དོན་ཆེད་མཁས་པ་ཞིག་གིས་བྷི་བྷི་སི་གསར་ལམ་ཐོག ད་ལྟ་བྱང་ཀོ་རི་ཡའི་མགོ་ཁྲིད་ཀྱིས་ཀེམ་གྱི་ཁྱིམ་རྒྱུད་དང་ཉེ་འབྲེལ་ཟབ་མོ་ཡོད་པའི་མཐོ་རིམ་དཔོན་རིགས་ཁག་རྩ་མེད་བཟོ་བཞིན་ཡོད་པ་དེ་ནི། མཐོ་རིམ་དཔོན་རིགས་ཁྲོད་ཀེམ་ཇོན་ཨང་ལ་མ་དགའ་བ་བྱེད་མཁན་ཤུགས་ཆེན་ཡོད་པའི་མཚོན་རྟགས་ཤིག་ཡིན་ཡང་། མ་འོངས་པར་དེས་བྱང་ཀོ་རི་ཡའི་བརྟན་བརླིང་མེད་པ་བཟོ་སྲིད་པ་རེད་ཅེས་བརྗོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་ལགས་འཛིན་བཟུང་བྱས་ཏེ་གཅར་རྡུང་བྱས།

ཆུ་ཚོད་ ༡༦ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

༢༠༢༦/༠༣/༢༨
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

༢༠༢༦/༠༣/༢༨
Mobile App

བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་ཟུར་བ་གཉིས་འཛིན་བཟུང་བྱས།

༢༠༢༦/༠༣/༢༨
TTTT
Mobile App

བོད་མི་དུད་ཚང་ ༨༥༠ ལ་གཞིས་སྤོར་ས་ཁང་བགོ་འགྲེམས་བྱས་ཟིན་ཡོད་འདུག

༢༠༢༦/༠༣/༢༨
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

༢༠༢༦/༠༣/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese