མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མེར་འཚིཊ་མེར་གཏུག་བྱས་ན་མ་གཏོགས་རྒྱལ་ཁབ་གཞན་གྱིས་བོད་དོན་ཆེད་དམག་མི་རྒྱག

བོད་ཀྱི་དུས་བབ།
༢༠༡༥/༠༦/༠༩
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་ཨོ་སི་ཊོ་ལི་ཡའི་ནང་ཆིབས་བསྒྱུར་དང་བསྟུན་ཏེ་དེ་ཁུལ་གྱི་བོད་རིགས་མི་མང་གིས་བརྟན་བཞུགས་བསྟར་འབུལ་དང་འབྲེལ་བོད་པའི་སྐད་ཡིག་རིག་གཞུང་སྲུང་སྐྱོབ་དང་བོད་མིའི་སྒྲིག་འཛུགས་ཀྱི་རྩ་བའི་སྲིད་བྱུས་ཐོག་ཤར་སྐྱོད་བྱ་རྒྱུ། དེ་བཞིན་དོན་རྒྱལ་རྗེས་འབྲང་པར་ཆོས་དང་ཟང་ཟིང་གི་འབྲེལ་བ་མི་བྱེད་རྒྱུ་བཅས་དོན་ཚན་ཁག་ཅིག་གི་ཐོག་ཁས་ལེན་དམ་བཅའ་བྱས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༤ ཉིན་ནས་བཟུང་༧གོང་ས་མཆོག་ཉིན་གྲངས་ ༡༠ རིང་ཨོ་སི་ཊོ་ལི་ཡར་མཛད་འཕྲིན་སྐྱོང་གི་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༥ ཉིན་ཨོ་སི་ཊོ་ལི་ཡའི་གནས་རི་གྲགས་ཅན་རི་སྔོན་པོ་(Blue Mountains)ཞེས་པར་ཆིབས་བསྒྱུར་བསྐྱངས་ཏེ། དད་ལྡན་ཆོས་ཞུ་བ་དང་ནང་ཆོས་དོན་གཉེར་བ་ཚོར་བཀའ་དབང་བསྩལ་ཡོད་པ་དང་། ཕྱི་ཚེས་ ༧ ཉིན་ཀ་ཊོམ་བྷ་(Katoomba )ཞེས་པའི་ས་གནས་སུ་ཆིབས་བསྒྱུར་གནང་སྟེ། ནེའུ་ཛི་ལན་ཌི་སོགས་ནས་ཡོང་བའི་བོད་རིགས་ ༡༠༠༠ ལྷག་དང་། ཝི་ཊི་ནམ་ ༢༠༠། འབྲུག་པ་དང་སོག་པོ་ ༧༠ ཙམ་བཅས་ཁྱོན་མི་གྲངས་ ༡༤༠༠ ལྷག་འདུ་འཛོམས་ཐོག ༧གོང་ས་མཆོག་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་བརྟན་བཞུགས་ཕུལ་ཡོད་པ་དང་། ས་གནས་བོད་རིགས་ཚོས་བོད་ཀྱི་རྩ་དོན་དང་འབྲེལ་བའི་དམ་བཅའ་ཁག་ཅིག་བཞག་ཡོད་པ་དང་འབྲེལ་ནས་༧གོང་ས་མཆོག་གིས་བཀའ་སློབ་གནང་དོན། གཤམ་འདིར་དོན་ཚན་འགའ་ཤས་ཤིག་དམ་བཅའ་བཞག་པ་ཞིག་བཀོད་འདུག བོད་ཀྱི་ཆོས་དང་རིག་གཞུང་མི་རིགས་སྤྱིའི་དོན་དམ་པའི་མཚོན་དོན་དུ་གྱུར་བ་མ་རྩ་ཡང་མི་རིགས་ཀྱི་མཚན་ཤས་སུ་མི་འགྲོ་བའི་བླང་དོར་འཇུག་སྒོའི་ལམ་སྟོན་ཁག་ལ་བསམ་སྦྱོར་གཉིས་ནས་དུས་ནམ་ཡང་མི་འགལ་བའི་ཡང་དག་པའི་སྤང་བླངས་ཀྱི་དམ་བཅའ་ཞུ་རྒྱུ། དམ་བཅའ་དང་པོ་དེ་རེད། གཞི་རྐང་ང་རང་ཚོ་བོད་པ་སུད་སི་དང་། ཨ་རི། ཁེ་ན་ཌ་སོགས་འཛམ་གླིང་ཡུལ་གྲུ་ཁག་མང་པོའི་ནང་ཡོད། སྤྱི་ཡོངས་ཀྱི་ཆ་ནས་ཧ་ཅང་ཡག་པོ་འདུག དངོས་གནས་སོ་སོའི་མི་རིགས་ཀྱི་མཚན་དོན་ལ་རྒྱར་སྨན་པའི་སྒོ་གསུམ་གྱི་སྤྱོད་པ་ཧ་ཅང་ཡག་པོ་འདུག ས་གནས་ཡུལ་མི་ཚོས་ཀྱང་ས་གནས་བོད་རིགས་རྣམས་ལ་བསྔགས་བརྗོད་ཞུ་རྒྱུ་དེ་འདྲ་ཡོང་གི་ཡོད། འོན་ཀྱང་ཕྱིའི་སྤྱི་ཚོགས་ནང་དེ་ཙམ་ཡ་རབས་སྤྱོད་བཟང་མེད་པའི་ས་ཁུལ་དུ་ཤུགས་རྐྱེན་ཐེབས་ནས་ང་རང་ཚོ་བོད་མི་མི་རབས་གཞོན་པའི་ཁྲོད་སྐབས་རེ་མཚན་ཤས་བཟོ་མཁན་དེ་འདྲ་ཡོང་གི་ཡོད། གཞན་སྤྱི་ཡོངས་ཀྱི་ཆ་ནས་ཧ་ཅང་ཡག་པོ་རེད། དེ་རིང་ཁྱེད་རང་ཚོས་འདིར་དམ་བཅའ་བཞག་པ་འདི་ཧ་ཅང་ཡག་པོ་བྱུང་འདུག

གཉིས་པ་དེ་བོད་མིའི་སྒྲིག་འཛུགས་ཀྱི་རྩ་བའི་སྲིད་བྱུས་དང་འབྲེལ་ཡོད་ལམ་སྟོན་ཐོག་ཤར་སྐྱོད་བྱེད་རྒྱུའི་དམ་ཚིག་ལ་རྒྱ་གཅིག་ཏུ་གནས་རྒྱུའི་དམ་བཅའ་ཞུ་རྒྱུ། འདི་ཡང་འགྲིག་པ་ཞིག་བྱུང་འདུག ཕྱི་ལོ་ ༢༠༡༠ ཙམ་བར་ངོས་ཀྱིས་འགན་འཁྱེར་ནས་ཕྱིན་པ་རེད། གཙོ་བོ་རྒྱ་ཆེའི་མི་མང་ཚང་མས་ཧུར་ཐག་བྱས་བྱུང་། དེ་འདྲའི་ཐོག་ནས་ང་ཚོ་བཙན་བྱོལ་དུ་བསླེབས་ནས་གཞི་མེད་ས་གཅིག་ལ་གཞི་གསར་པ་ཞིག་ཚུགས། དེ་ནས་རིམ་བཞིན་ང་རང་ཚོ་བོད་རང་ཉིད་ཀྱི་མི་རིགས་ཀྱི་རྣམ་པ་མཚོན་རྒྱུའི་སྐད་ཡིག་ཡོད་པ་དེ་ཡང་སོ་སོ་རང་ཉིད་ཀྱི་གནའ་རབས་གཅིག་པུ་མིན་པར་དེང་དུས་ཀྱི་ཤེས་ཡོན་ཡོང་ཆེད་བོད་པའི་སློབ་གྲྭ་ཟུར་དུ་བཙུགས་ནས། གཙོ་ཆེ་རྒྱ་གར་གཞུང་གི་རོགས་རམ་ཡག་ཐག་ཆོད་གནང་ཡོད། སྲིད་བློན་ནེ་ཧེ་རུ་མཆོག་ཡོད་སྐབས་སྲིད་བྱུས་དེ་དག་ཐག་གཅོད་བྱས་ནས་ཡག་ཐག་ཆོད་བྱུང་བ་རེད། དེ་བཞིན་ཆོས་སྒར་ཁག་དེ་དག་ཚུགས་ནས་གཞི་མེད་ས་ཞིག་ལ་གཞི་གསར་པ་ཞིག་ཚུགས་པའི་ཐོག་ནས་ཆོས་དང་རིག་གཞུང་མི་རིགས་ཀྱི་རྣམ་པ་མཚོན་པའི་བྱེད་ཐབས་མང་པོ་ཞིག་བསྒྲུབ་ནས་བྱུང་བ་རེད། རྩ་བའི་བོད་དོན་དཀའ་ངལ་སེལ་རྒྱུའི་སྐོར་ལ་མཚོན་ནའང་སྒོ་གང་ས་ནས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་བྱས་ཏེ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་ཞུ་གཏུགས་བྱ་རྒྱུས་མཚོན་པའི་མང་པོ་ཞིག་བྱས་ཡོད། འོན་ཀྱང་དངོས་ཡོད་གནས་ཚུལ་ལ། པཎྜི་ཏ་ནེ་ཧེ་རུས་བཀའ་སློབ་ལྟར་མེས་འཚིགས་མེར་གཏུགས་བྱས་ནས་ཐབས་ཤེས་བྱས་ན་མ་གཏོགས་སྟོབས་ཆེན་རྒྱལ་ཁབ་ཚོས་བོད་དོན་ཆེད་འཁྲུག་པ་རྒྱག་གི་མ་རེད། དེ་བཞིན་རྒྱལ་ཚོགས་ལ་ཞུས་ཀྱང་ནུས་པ་ཐོན་གྱི་མ་རེད་ཅེས་ནེ་ཧེ་རུས་གསུངས་ བྱུང་། གང་ལྟར་ཐབས་ཤེས་སྒོ་གང་ས་ནས་བྱས་པའི་ཉམས་མྱོང་ཕྱོགས་བསྡུས་བྱེད་སྐབས་རྒྱ་ནག་གཞུང་ལ་འབྲེལ་བ་བྱས་ནས་གཏུགས་དགོས་པའི་གནས་ཚུལ་དེར་བབ་པ་རེད།

དེ་ཡང་རྒྱ་ནག་གཞུང་གིས་ད་བར་གྱི་སྲིད་བྱུས་གདུག་རྩུབ་དང་། མཐའ་གཅིག་ཏུ་བོད་མིར་མཐོང་ཆུང་ཁྱད་གསོད། རིམ་བཞིན་བོད་མི་རིགས་རིག་གཞུང་དང་བཅས་པ་ཧ་ལམ་ཉམས་བརླག་འགྲོ་རྒྱུའི་སྲིད་བྱུས་དེར་ང་ཚོས་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་དང་། འོན་ཀྱང་རྩ་བའི་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་དེའི་ནང་དུ་བསྡད་ནས་གཉིས་མོས་ཀྱི་ཐབས་ལམ་ཞིག་གི་ཐོག་ནས་ང་ཚོའི་དཀའ་ངལ་སེལ་ཐུབ་རྒྱུ་ཞིག་གང་ལྟར་བོད་མི་རིགས་འདི་འཚོ་ཐུབ་པ་དང་། འཛམ་གླིང་འདིའི་ཐོག་ངོམས་ཆོག་པའི་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་གཏིང་ཟབ་ཅིག་ཡོད་པ་འདི་དག་ཉམས་པ་སོར་ཆུད། མི་ཉམས་གོང་འཕེལ་ཞིག་རང་དོན་རང་གཅེས་ཀྱི་ཐོག་ནས་ཡག་པོ་ཞིག་ཡོང་ཆེད་དམིགས་ཡུལ་འདི་འདྲ་ཞིག་བཞག་ནས་ཐབས་ཤེས་བྱས་པ་རེད། ད་ལྟ་སྲིད་གཞུང་གི་རིམ་པའི་ཐོག་ནས་ཐག་ཆོད་པའི་སྲིད་བྱུས་གསར་པ་གང་ཡང་བྱུང་མེད།

འོན་ཀྱང་རྒྱ་རིགས་ཤེས་ཡོན་ཅན་དང་ནང་པ། དམངས་ཁྲོད་ནས་ང་ཚོའི་དབུ་མའི་ལམ་གྱི་སྲིད་བྱུས་འདིར་རྗེས་སུ་ཡི་རངས་གི་ཐོག་ནས་རྒྱབ་སྐྱོར་ལོ་རེ་ནས་ལོ་རེར་ཇེ་མང་དུ་འགྲོ་བཞིན་ཡོད། མི་མང་གི་རྒྱབ་སྐྱོར་དང་འབྲེལ་བ་དེ་ཧ་ཅང་གལ་ཆེན་པོ་རེད། མི་མང་གི་འོས་བསྡུའི་ལམ་ནས་ཆབ་སྲིད་ཀྱི་མགོ་ཁྲིད་ང་ཚོའི་སྲིད་སྐྱོང་ཕེབས་ནས་ད་ལྟ་བོད་པའི་དཀའ་ངལ་སེལ་རྒྱུའི་ཐབས་ལམ་འདི་དུས་རྒྱུན་དབུ་མའི་ལམ་ཟེར་བ་དེའི་ཐོག་ཤར་བསྐྱོད་བྱས་ནས་འགྲོ་བཞིན་ཡོད། བྱེད་ཐབས་འདིའི་ཐོག་ལ་གཙོ་ཆེན་རྒྱ་གར་གཞུང་གིས་མཚོན་པའི་ཨ་རིའི་སྲིད་གཞུང་དང་། ཡུ་རོབ་གྲོས་ཚོགས་སོགས་མང་པོ་ཞིག་གིས་རྒྱབ་སྐྱོར་གནང་བཞིན་ཡོད།
བཞི་པ་འདིར་བསྟན་པ་ལ་ལོག་པར་བཀུར་བ་དོལ་རྒྱལ་རྗེས་འབྲང་པར་ཆོས་དང་ཟང་ཟིང་གི་འབྲེལ་ཐག་གཙང་བཅད་ཀྱིས་སྔར་ཡོད་ཀྱི་དམ་ཚིག་རྨ་མེད་པ་དག་འདི་ཕྱི་ཀུན་གྱི་ལེགས་ཚོགས་ཀྱི་དམ་ཚིག་གཅིག་ཉིད་དུ་སྲུང་རྒྱུའི་དམ་བཅའ་ཞུ་རྒྱུ། རྩ་བའི་དོལ་རྒྱལ་དེ་ལོ་ངོ་ ༤༠༠ སྔོན་གྱི་ལོ་རྒྱུས་ཡོད་པ་ཞིག་རེད། ལོ་བཞི་བརྒྱ་དེའི་རིང་གང་ལྟར་རྩོད་པ་ཅན་གླེང་གཞི་ཅན་དེ་འདྲའི་སྒང་ལ་བསྡད་པ་རེད་མ་གཏོགས། དགེ་ལུགས་དང་ས་སྐྱའི་ནང་ལ་ཡིན་ནའང་གང་ལྟར་ཚང་མས་དུས་ལ་བབ་པའི་དྲེགས་པ་ཞིག་རེད་བཅས་ཚང་མས་དོལ་རྒྱལ་ལ་མོས་མཐུན་བྱས་མེད། བྱབ་ངོས་རང་གིས་བསྐྱལ་བ་རེད། གྲོ་མོ་ནས་བཟུང་ངོས་དང་དོལ་རྒྱལ་འབྲེལ་བ་ཆགས་ནས་དོལ་རྒྱལ་བསྟེན་རྒྱུ་ཆགས་པ་རེད། དེ་ནས་རིམ་བཞིན་རྒྱ་གར་དུ་བསླེབས་རྗེས་ཕྱི་ལོ་ ༡༩༧༠ དོན་གྲངས་ནང་དེར་བརྟག་དཔྱད་བྱེད་དགོས་པ་ཞིག་འདུག་བསམས་ནས་ངོས་ཀྱིས་གཙོ་བོ་ ༸རྒྱལ་དབང་གོང་མ་ཚོའི་མཛད་པ་གཞིར་བཞག་བྱས་ནས་བོད་གངས་ཅན་ལྗོངས་ཀྱི་རིས་སུ་མ་ཆད་པའི་༸རྒྱལ་བའི་བསྟན་པ་དེ་དག་ཕྱོགས་རིས་ཕྱོགས་ལྷུང་མེད་པ་བྱས་ཏེ་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་ཐུབ་པ་བྱུང་ན་བསམ་པའི་དམིགས་ཡུལ་དེ་འདྲ་ཞིག་འཛིན་བཞིན་ཡོད། དེའི་ཐོག་ལ་ཏོག་ཙམ་མི་བདེ་བ་ཆགས་ཡོང་གི་འདུག བར་སྐབས་དོལ་རྒྱལ་བསྟེན་གསོལ་གནང་མཁན་རིམ་པ་ཁག་གི་ནང་ལ་བལྟས་ན་ཆོས་ལུགས་འཐེན་འཁྱེར་ཤུགས་ཆེན་པོ་བྱུང་འདུག དེར་བརྟེན་བརྟག་དཔྱད་ནན་ཏན་བྱས་པ་ཡིན། ལོ་རྒྱུས་དེ་དག་ཞིབ་ཕྲ་བརྗོད་དགོས་པ་མི་འདུག ཡིག་ཐོག་ཏུ་འཁོད་ཡོད་པ་དེ་ཁྱེད་ཚོས་ཤེས་ཀྱི་རེད། ངོས་ཀྱིས་དོལ་རྒྱལ་གསོལ་ཡག་མཚམས་འཇོག་གཙང་མ་བྱས་པ་ཡིན། ཅེས་སོགས་བཀའ་སློབ་བསྩལ་འདུག

ཡང་ཉིན་དེར་ས་གནས་ཀྱི་རྒྱ་རིགས་མཁས་དབང་དང་རྩོམ་པ་པོ། དམངས་གཙོ་དོན་གཉེར་བ་སོགས་མི་གྲངས་ ༡༠༠ ཙམ་ལ་ཀེ་རི་ཊོན་མགྲོན་ཁང་ (Carrington Hotel) ནང་གསུང་བཤད་དང་དྲི་བ་དྲིས་ལན་གནང་སྐབས། བོད་ཀྱི་ཆོས་དང་རིག་གཞུང་། ཁོར་ཡུག་བཅས་བདག་གཅེས་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་གསུངས་བ་དང་འབྲེལ། འདས་པའི་ལོ་ངོ་ ༣༠ དང་ ༤༠ རིང་ངས་བོད་རིགས་དང་རྒྱ་རིགས་བར་མཐུན་ལམ་གོང་སྤེལ་གཏོང་ཐབས་བྱས་པ་ཡིན། སྤྱིར་བཏང་ང་ཚོའི་བར་འདས་པའི་མི་ལོ་ ༦༠ རིང་དཀའ་ངལ་བྱུང་ཡོད་ཀྱང་། དཀའ་ངལ་དེས་མི་རིགས་གཉིས་བར་ལོ་ངོ་ ༢༠༠༠ རིང་གི་མཐུན་སྒྲིལ་ཡོད་པ་དེ་དག་ཉམས་རྒུད་གཏོང་མི་རུང་བས། དེ་རིང་ཁྱེད་ཚོས་ལྷན་ཚོགས་འདི་ལྟ་བུ་གོ་སྒྲིག་གནང་བར་ངས་གོ་སྒྲིག་གནང་མཁན་ཚོར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་འདུག

ཕྱི་ཚེས་ ༨ ཉིན་གྲོང་ཁྱེར་ཀ་ཊུམ་བྷའི་སྤྱི་མང་སློབ་གྲྭ་ (Katoomba Public School )ནང་ཆིབས་བསྒྱུར་བསྐྱངས་ཏེ་མི་གྲངས་ ༣༦༠༠ ལྷག་ལ། བཟོད་སྒོམ་ཉམས་ལེན་གྱི་རྣམ་དཔྱོད་ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་ཡོད་འདུག སྐུ་སྒེར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཚེས་ ༡༡ ཉིན་གྱི་སྔ་དྲོར་༧གོང་ས་མཆོག་ཨོ་སི་ཁྲི་ལི་ཡའི་གྲོང་ཁྱེར་བྷིར་སུ་བྷན་ (Brisbane) ནང་འཚོགས་འཆར་ཡོད་པའི་ཆོས་ལུགས་འདྲ་མིན་གྱི་ལྷན་ཚོགས་སུ་ཆིབས་བསྒྱུར་བསྐྱང་རྒྱུ་དང་། ཚེས་ ༡༡ དང་ ༡༢ ཉིན་གྲོང་ཁྱེར་དེའི་ཚོགས་ཁང་ཆེན་མོའི་ནང་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་བཀའ་ཆོས་བསྩལ་རྒྱུ། དེ་བཞིན། ཕྱི་ཚེས་ ༡༢ ཉིན་སྙིང་རྗེ་ཉམས་ལེན་གྱི་རྣམ་དཔྱོད་ (Wisdom of Compassion)ཅེས་པ་དང་། ཕྱི་ཚེས་ ༡༤ ཉིན་གྱི་ཕྱི་དྲོར་ཕིར་ཊི་(Perth) གྲོང་ཁྱེར་ནང་གཏོང་ལེན་ཉམས་ལེན་གྱི་རྣམ་དཔྱོད་ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་རྒྱུ་ཡིན་འདུག

གསར་འགོད་པ། པདྨ་མཚོ།

 

འབྲེལ་ཡོད་གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་རྭ་གསར་པའི་ནང་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ཟབ་སྦྱོང་གི་ཚོགས་བཅར་བའི་ཚན་རིག་རྟགས་གསལ་གཏོང་བའི་ཚོགས་མགོན་དུ་ཕེབས། ༢༠༢༥།༡༢།༡༨ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

འཆད་རྩོད་རྩོམ་གསུམ་གྱི་ཐོག་ནས་ཚན་རིག་སྦྱང་དགོས་པའི་བཀའ་སློབ་བསྩལ།

ཆུ་ཚོད་ ༥ སྔོན་ལ།
བོད་ཁྲི་ཀ་རྫོང་ཁོངས་ནས་ཡིན་པའི་བུད་མེད་ཡུལ་སྐོར་སྣེ་ཤན་པ་ཚེ་རིང་མཚོ་ལགས་ལ་ལོ་གཅིག་བཙོན་འཇུག་ཁྲིམས་ཐག་བཅད། འདི་གར་མཁོ་སྤྲོད་བྱས་པའི་པར།
Mobile App

ཚེ་རིང་མཚོ་ལགས་ལ་ལོ་གཅིག་གི་ཁྲིམས་ཐག་བཅད།

ཆུ་ཚོད་ ༦ སྔོན་ལ།
རཀཿར་རིན་པོ་ཆེའི་གསུང་རྩོམ་པོད་བཅུ་བདུན་འགྲེམས་གནང་། ༢༠༢༥།༡༢།༡༨ བོད་ཀྱི་དཔེ་མཛོད་ཁང་ག་ིཔར།
གསར་འགྱུར།

རཀཿར་རིན་པོ་ཆེའི་གསུང་རྩོམ་པོད་བཅུ་བདུན་འགྲེམས་སྤེལ་གནང་།

ཆུ་ཚོད་ ༧ སྔོན་ལ།
Glimpses of the Program’s proceedings; Dignitaries observing Indian & Tibetan National Anthem, Lighting of Lamp, and a group photo of Dignitaries on the Dias with students of the Arya Mahila P.G. College, Varanasi
Mobile App

བོད་དང་གངས་རིན་པོ་ཆེའི་ནང་རང་དབང་ཐོག་འགྲོ་སྐྱོད་ཆོག་པའི་མཚན་རྟགས་བསྡུ་རུབ་བྱེད་བཞིན་འདུག

ཆུ་ཚོད་ ༧ སྔོན་ལ།
Activists call for a boycott of the 2022 Beijing Winter Olympics due to concerns over China's human rights record, in front of the Chinese Consulate in Los Angeles, California, Nov. 3, 2021. Representative Image
གསར་འགྱུར།

ཨ་རིའི་སློབ་ཆེན་ཁག་ཏུ་བོད་ཡིག་སློབ་ཚན་འཇུག་དགོས་པའི་འབོད་སྐུལ་ཞུས་འདུག

ཆུ་ཚོད་ ༧ སྔོན་ལ།
Police lead Hong Kong pro-democracy media mogul Jimmy Lai (C), 72, away from his home after he was arrested under the new national security law in Hong kong on August 10, 2020. Photo by by VERNON YUEN/AFP via Getty Images.
གསར་འགྱུར།

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་མྱུར་ཏུ་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་གནང་།

༢༠༢༥/༡༢/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese