ཟླ་སྔོན་མའི་ཚེས་ ༣༠ ཉིན་ནས་ཟླ་འདིའི་ཚེས་ ༡༠ ཉིན་བར། དྷ་རམ་ས་ལའི་བོད་ཁྱིམ་རྐང་རྩེད་སྤོ་ལོ་རྩེད་ཐང་དུ། རྒྱལ་ཡུམ་ཆེན་མོའི་རྗེས་དྲན་གསེར་གྱི་རྟགས་མའི་རྐང་སྤོལ་འགྲན་སྡུར་ཐེངས་ ༢༡ པ་རྩེས་ཏེ། ཁ་སང་ཉིན་རྒྱབ་ཆུ་ཚོད་ ༣ སྟེང་ཆེས་མཐའ་མའི་འགྲན་སྡུར་དང་འབྲེལ་ཏེ་མཇུག་བསྡོམས་མཛད་སྒོ་ཚོགས་ཡོད་པ་རེད།
བོད་ཀྱི་རྐང་སྤོལ་རུ་ཁག་དང་པོའི་ནང་གི་རྐང་སྤོལ་རྩེད་མཁན་རྒན་ཐུབ་བསྟན་ཆོས་འཕེལ་ལགས་དང་སྲིད་སྐྱོང་མཆོག
རྒྱ་གར་རྒྱལ་ཡོངས་ནང་བོད་མི་རྐང་སྤོལ་རྩེད་མཁན་ཀརྨ་ཚེ་དབང་དང་སྲིད་སྐྱོང་མཆོག
མོན་གྷོ་ཊི་རུ་ཁག་གིས་སྤོ་ལོ་དང་པོ་ལྡུག་བཞིན་པའི་སྐབས།
མོན་གྷོ་ཊི་རུ་ཁག་གིས་སྤོ་ལོ་དང་པོ་བླུགས་རྗེས་རྐང་སྤོལ་རྩེད་མཁན་དང་རུ་ཁག་རྒྱབ་སྐྱོར་བ་ཁག་ཅིག་གི་དགའ་སྤྲོའི་རྣམ་པ།
མོན་གྷོ་ཊི་རུ་ཁག་གིས་སྤོ་ལོ་གཉིས་པ་ལྡུག་པའི་སྐབས་སྤོག་རའི་སྒོ་སྲུང་གི་རྣམ་པ།
སྤོག་ར་བཀྲ་ཤིས་གླིང་རུ་ཁག་གི་སྤོ་ལོ་ལྡུག་བཞིན་པའི་རྣམ་པ།
རྒྱལ་ཡུམ་ཆེན་མོའི་རྐང་སྤོ་རྩེད་འགྲན་གྱི་ལྟད་མོ་བའི་ཟུར་ཞིག
རྩེད་འགྲན་ཧྲིལ་བོའི་ནང་སྤོ་ལོ་མང་ཤོས་ལྡུག་མཁན་སྤོག་ར་བཀྲ་ཤིས་གླིང་རུ་ཁག་གི་པདྨ་ལྷུན་འགྲུབ་ལ་གཟེངས་རྟགས་སྩལ་བཞིན་པ།
ཀ་ར་ལའི་རུ་ཁག་ལ་ད་ལོའི་རྩེད་འགྲན་ཁྲོད་བཟང་སྤྱོད་ཡག་ཤོས་ཀྱི་གཟེངས་བསྟོད་བྱ་དགའ་སྩལ་བཞིན་པ།
ཐེངས་ ༢༡ པའི་རྒྱལ་ཡུམ་དྲན་རྟེན་རྐང་སྤོལ་འགྲན་སྡུར་ཁྲོད་བྱ་དགའ་ཨང་གཉིས་པ་ཐོབ་མཁན་སྤོག་ར་བཀྲ་ཤིས་གླིང་ལ་བྱ་དགའ་སྩལ་བཞིན་པ།
འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་མཁན་མོན་གྷོ་ཊ་རུ་ཁག་གི་རྒྱལ་ཁའི་འཛུམ་མདངས་དང་དགོད་སྒྲས་བྱ་དགའ་ལེན་བཞིན་པའི་རྣམ་པ།
མང་ཚོགས་ཀྱིས་ད་ལོའི་རྐང་སྤོལ་རྒྱལ་ཁ་ཐོབ་མཁན་མོན་གྷོ་ཊ་རུ་ཁག་ལ་དགའ་བསུ་བྱེད་བཞིན་པའི་རྣམ་པའི་ཟུར་ཞིག
རྟིང་རྩོད་སྔོན་གྱི་བོད་ཁྱིམ་དང་ཨ་མར་སའི་སློབ་འབྲང་བུ་མོའི་རུ་ཁག་གཉིས་རྩེད་འགྲན་མ་བྱས་སྔོན་ལག་འཇུ་བྱེད་བཞིན་པ།