མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲྭ་ཚང་ཁག་གི་དཀོན་གཉེར་ཚོས་སྤྲོ་འཆམ་དུ་ཡོང་མཁན་ཚོར་སྐྱབས་འགྲོ་ངོ་སྤྲོད་བྱོས་ཨཱ།

བོད་ཀྱི་དུས་བབ།
༢༠༡༥/༠༦/༢༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཉིན་རྒྱབ་དགེ་ལུགས་པའི་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོའི་ཐོག་༧གོང་ས་མཆོག་ཆིབས་སྒྱུར་བསྐྱངས་ཏེ། ཁྱེད་རང་ཚོས་ཁྲིམས་བཟོས་ནས་ཡིག་ཆ་གཏན་འབེབས་བྱས་ཀྱང་། དོ་བདག་སོ་སོའི་སེམས་ནང་ལ་གཡོ་འགུལ་ཐེབས་ནས་འགྲོ་དགོས་རེད་མ་གཏོགས། བཅའ་ཡིག་རྫིག་པ་ག་ཚོད་ཅིག་བཟོས་ཀྱང་གྲྭ་ཆས་ཕུད་ནས་མཆོངས་འགྲོ་གི་རེད་ཅེས་གསུངས།

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢།༠༠ སྟེང་། དྷ་སྟེང་བོད་ཁྱིམ་ཚོགས་ཁང་དུ། གཟའ་མིག་དམར་ཉིན་ནས་འཚོགས་བཞིན་པའི་རི་བོ་དགེ་ལུགས་པའི་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་དེ་མཇུག་བསྒྲིལ་བའི་མཛད་སྒོ་ཞིག་ཚོགས་ཡོད་པ་དང་། ཚོགས་མགོན་དུ་༧གོང་ས་མཆོག་དབུས་པའི་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་ཤར་བྱང་ཆོས་རྗེ་རྣམ་གཉིས། བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་བཅས་ཕེབས་སོང་།

ཐེངས་འདིའི་ཚོགས་ཆེན་སྟེང་གྲོས་ཆོད་ཁག་ཅིག་བཞག་ཡོད་པ་ནི། ༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་ཁག་ལག་ལེན་ཁེལ་བ་བྱ་རྒྱུ་དང་། ཁོང་གི་སྐུ་ཚེ་བསྐལ་བརྒྱར་བསྟན་པའི་གསོལ་འདེབས་ཞུ་རྒྱུ། བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དབུ་མའི་ལམ་ལ་ཤར་སྐྱོད་བྱ་རྒྱུ་དང་། ༢༠༡༥།༦།༢༡  ནས་ ༢༠༡༦།༦།༢༡  ལོའི་བར་རྒྱལ་བའི་དགོངས་གཞི་དང་བཀའ་སློབ་ལམ་སྟོན་གཞིར་བཟུང་རྒྱལ་བའི་བཀའ་དྲིན་རྗེས་དྲན་སྲུང་གཙི་ཞུ་རྒྱུ། དོལ་རྒྱལ་བསྟེན་གསོལ་བྱེད་མཁན་སུ་ཡིན་ཡང་། རི་བོ་དགེ་ལུགས་པ་དང་བཀའ་གདམས་གསར་མ་གང་ཡང་མིན་པར་མ་ཟད། བོད་གངས་ཅན་གྱི་ཆོས་བརྒྱུད་གང་གིའང་ཁོངས་གཏོགས་མིན་པ་བསྐྱར་ནན། ༧གོང་ས་མཆོག་ལ་གཞི་མེད་སྐྱོན་འཛུགས་བྱེད་བཞིན་པར་ངོས་ལེན་མེད་པའི་ངོ་རྒོལ་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་བོད་པའི་ཆོས་ལུགས་ཁག་གི་ཚོགས་ཆེན་བཅས་སུ་བཞག་པའི་གྲོས་ཆོད་ཁག་ལ་རྒྱབ་སྐོར་ཞུ་རྒྱུ། དགེ་ལུགས་པའི་དགོན་སྡེ་ཡོངས་ཀྱིས་ཆོས་སྡེ་སྤྱི་ལ་ཁྱབ་པའི་བཅའ་ཡིག་ལ་བརྩི་བཀུར་ཞུ་དགོས་པ་སོགས་བཀོད་འདུག     

མཇུག་བསྡོམས་མཛད་སྒོའི་སྟེང་དགེ་ལུགས་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས་ད་ལྟ་བོད་བརྒྱུད་ནང་བསྟན་སྤྱི་དང་བྱེ་བྲག་གིས་རི་བོ་དགེ་ལྡན་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པར་ཆ་རྐྱེན་བཟང་པོ་གསུམ་ལྡན་ཡོད་སྐོར་བརྗོད་དོན། ད་ལྟ་ང་ཚོར་ཆ་རྐྱེན་བཟང་པོ་གསུམ་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས་ཤུགས་རྒྱག་དགོས་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ཆ་རྐྱེན་བཟང་པོ་དང་པོ་དེ་ང་ཚོ་བོད་གངས་ཅན་སྤྱིའི་སྣོད་བཅུད་ཡོངས་སུ་རྫོགས་པར་ཉམས་རྒུད་དང་གོད་ཆག་ཆེན་པོ་ཞིག་བྱུང་བའི་སྐབས་དེར། ༧རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་བོད་འབངས་སྤྱི་དང་།  ལྷག་པར་དུ་རྗེ་བླ་མའི་བསྟན་པ་འདི་ཉིད་དུས་རབས་ཉེར་གཅིག་པའི་ནང་འཛམ་གླིང་ཡུལ་གྲུ་གང་སར་ཁྱབ་པ་བྱེད་པར། རྗེ་བླ་མའི་བཀའ་དྲིན་དང་ཐུགས་རྗེའི་འོག་ཡོད་པ་དེ་ང་ཚོས་ད་ལྟ་ཤུགས་རྒྱག་པའི་ཆ་རྐྱེན་བཟང་ཤོས་ཤིག་ལ་ངོས་འཛིན་ཞུ་རྒྱུ་དང་། ཆ་རྐྱེན་གཉིས་པ་དེ་ང་ཚོ་རི་བོ་དགེ་ལུགས་པས་ལོ་བརྒྱ་ཕྲག་ཁ་ཤས་སྔོན་དུ་གཏན་འབེབས་བྱས་པའི་ལམ་སྲོལ་བཟང་པོ་དེ། ད་ལྟའི་དུས་རབས་ཉེར་གཅིག་པའི་ནང་ལའང་དུས་རབས་དང་མཐུན་པ། འོས་ཤིང་འཚམ་པ་ཞིག་ཆགས་ཡོད་ལ། མ་འོངས་ལོ་བརྒྱ་ཕྲག་མང་པོའི་ནང་དུའང་དུས་རབས་དང་མ་འཚམ་པ་ཡོང་གི་རེད་བསམ་པའི་སྣང་བ་མེད་པའི་ལམ་སྲོལ་བཟང་པོ་བོད་གངས་ཅན་གྱི་ཁ་ལ་ཡོངས་སུ་གྲགས་བསྡད་པ་དེ། ཨ་མའི་བུ་ལ་ཡོན་ཏན་ཡོད་ན་དགའ་ལྡན་ཁྲི་ལ་བདག་པོ་མེད་ཅེས་གསུངས་པ་ལྟར། ང་ཚོ་རི་བོ་དགེ་ལུགས་པར་བསྟན་བདག་དབུ་ཁྲིད་འདེམས་པའི་ལམ་སྲོལ་བཟང་པོ་ཞིག་ཡོད་པ་དེ་མི་ཉམས་པ་དང་། འབུར་དུ་ཐོན་པ་ཞིག་ཡོང་དགོས་པའི་ལམ་སྲོལ་དེ་ཆ་རྐྱེན་བཟང་པོ་ཞིག་རེད།

ཆ་རྐྱེན་བཟང་པོ་གསུམ་པ་དེ་ཕྱི་ལོ་ ༡༩༥༦ ལོར་བོད་ས་ཡོངས་རྫོགས་ལ་ཆག་འཇིག་ཆེན་པོ་ཞིག་བྱུང་སྟེ། ༧གོང་ས་མཆོག་སྐུ་འཁོར་དང་བཅས་པ་སྐྱབས་བཅོལ་དུ་ཕེབས་དགོས་པའི་གནས་སྟངས་ཆགས་པའི་འོག་ནས། ༧གོང་ས་མཆོག་གིས་མ་འོངས་སྔོན་གཟིགས་ཀྱི་ཐོག་ནས་རྗེ་བླ་མའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་གྱི་བསྟན་འཛིན་གྱི་སྐྱེས་བུ་རྣམས་ལ། རྗེ་བླ་མའི་བསྟན་པ་འདི་མུ་མཐུད་འཛམ་གླིང་འདིའི་ཐོག་གནས་པའི་ལམ་སྟོན་བཟང་པོ་གནང་བའི་སྐུ་དྲིན་ལ་བརྟེན་ཏེ། དེ་རིང་ཚོགས་ཁང་འདིའི་ནང་ཕེབས་པའི་ཚོགས་བཅར་བའི་ནང་ཕྱི་ལོ་ ༡༩༥༩ ལོར་ཕེབས་པ་ཉུང་ཤས་ཤིག་ཆགས་བསྡད་ཡོད་ཀྱང་། དེའི་རྗེས་ཀྱི་རྗེས་རབས་པ་ཚོ་ཡིན་ནའང་རྗེ་བླ་མའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་སྲོལ་བཟང་རྒྱུན་མཐུད་དེ། མདོར་ན་མི་རབས་གསར་རྙིང་བར་གནས་སྟངས་ཏག་ཏག་ཅིག་མཐུད་ཐུབ་ཡོད་པ་དེ་ཆ་རྐྱེན་བཟང་པོ་ཞིག་རེད། ཆ་རྐྱེན་བཟང་པོ་འདི་གསུམ་ཡོད་པའི་ཐོག་ནས་ཤུགས་རྒྱག་དགོས་པ་དེ་ཕྱི་མེད་པ་ཡིན་ནའང་། སྔ་མེད་པའི་དུས་ཚོད་ཅིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ཅེས་དང་། 

ཆ་རྐྱེན་བཟང་པོ་དེ་ཚོ་དང་མཉམ་དུ་འགལ་རྐྱེན་ཡང་མང་པོ་ཞིག་ཡོང་གི་ཡོད་པའི་སྐོར་ལ་ཁོང་གིས།  སྤྱིར་བཏང་འགལ་རྐྱེན་སྣ་ཚོགས་ཤིག་ཡོད་པའི་ནང་ནས་གསུམ་ཞུས་པ་ཡིན་ན། དང་པོ་འཛམ་བུ་གླིང་ལ་གཡོ་སྒྱུ་དང་ཧམ་པ་ལ་གོམས་འདྲིས་ཆེན་པོ་ཡོད་པའི་སྟོབས་ཆེན་རྒྱལ་ཁབ་ཁག་གིས། བོད་བརྒྱུད་ནང་བསྟན་སྤྱི་དང་ལྷག་པར་དུ་རི་བོ་དགེ་ལུགས་པ་རྩ་བ་ནས་མེད་པར་བཟོ་དགོས་པའི་སྐོར་ལ་ཕྱི་ལོ་ ༢༠༡༡ ལོར་གྲོས་ཆོད་ཅིག་བཞག་ཡོད་པ་དེ་རྣམ་པ་ཚོ་ཚང་མས་མཁྱེན་བསྡད་ཡོད་ལ། དེ་དང་མཉམ་དུ་ནང་གི་རྐྱེན་ནི་རི་བོ་དགེ་ལུགས་པའི་མིང་འཁུར་ཏེ་འཛམ་གླིང་གང་སར་ང་ཚོ་དགེ་ལྡན་པའི་བསྟན་པ་སྲུང་མཁན་ཡིན་ཞེས་དགེ་ལྡན་པའི་སྐྱེས་བུ་ཡོངས་རྫོགས་དགྲ་ལྟར་བརྩིས་ཏེ། རྒྱ་ནག་གི་དངུལ་དངོས་ཀྱི་རྗེས་སུ་འབྲང་ནས་འཛམ་གླིང་གང་སར་རི་བོ་དགེ་ལྡན་པའི་བསྟན་པར་རྨ་བཟོ་བའི་ཕུ་དཀྲོག་མདའ་དཀྲོག་མང་པོ་ཞིག་བཟོ་བསྡད་ཀྱི་ཡོད་པ་དེ་འགལ་རྐྱེན་ཆེན་པོ་ཞིག་རེད། ངས་དྲང་མོ་ཞུས་ན། འགལ་རྐྱེན་གསུམ་པ་དེ་ང་རང་ཚོ་རི་བོ་དགེ་ལྡན་པ་སྤྱི་དང་སྒེར་གྱི་སྒྲིག་འཛུགས་ཡོངས་རྫོགས་ཀྱི་འགན་བཞེས་མཁན་གྱི་ལས་བྱེད་ཚོར། ༧གོང་ས་མཆོག་གིས་ལམ་སྟོན་ཞིག་ག་རེ་གནང་ཡོད་པ་རེད་ཞུས་པ་ཡིན་ན། ཡག་པོ་དང་བཟང་པོའི་ཕྱོགས་དེ་མི་གཞན་ལ་གླེང་འཇུག་དགོས་པ་དང་། ངན་པ་དང་འཐུས་ཤོར་བའི་ཕྱོགས་དེ་ང་རང་ཚོས་གླེང་སློང་བྱས་ཏེ་འབད་བརྩོན་གནང་ནས་གདོང་ལེན་བྱེད་དགོས་པ་རེད་ཅེས་ལམ་སྟོན་བཟང་པོ་ཞིག་གནང་ཡོད་ཀྱང་། ད་ལྟའི་ཆར་སྒྲིག་འཛུགས་ཕལ་མོ་ཆེའི་ནང་འགན་བཞེས་མཁན་རྣམ་པ་ཚོས་ཡར་ཞུས་ན་རེད། མར་མང་ཚོགས་ལ་གནང་ནའང་རེད། ཡག་རབས་བཤད་པ་མ་གཏོགས་འཐུས་ཤོར་བའི་ཕྱོགས་དེ་གང་ཉུང་ཉུང་གིས་སྦེད་ཐབས་བྱེད་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་པ་དེའང་། ནམ་ཞིག་རི་ལུགས་པ་ཐག་པས་མི་འདོམ་པའི་གནས་སྟངས་ཤིག་ཆགས་པའི་ཉེན་ཁ་ཆེན་པོ་ཞིག་ཡིན་སྟབས། ཉེན་ཁ་དེར་གདོང་ལེན་ཆེད་དེ་རིང་ང་ཚོ་རི་བོ་དགེ་ལྡན་པ་སྤྱིའི་སྒྲིག་འཛུགས་འདི་ཚགས་ཚུད་དང་། དེང་རབས་དང་མཐུན་པ་ཞིག་ཡོང་བར་ཚོགས་ཆེན་འདི་སྐོང་ཚོགས་ཞུས་པ་ཡིན། ཞེས་བརྗོད་སོང་། 

མཇུག་ཏུ་༧གོང་ས་མཆོག་གིས་དགོན་པ་ཆུང་ཆུང་ཞིག་ཡིན་ཡང་ཆོས་སློབ་གཉེར་བྱེད་ཡུལ་ཞིག་ཆགས་པ་བྱ་དགོས་སྐོར་བཀའ་གནང་དོན། དགོན་པ་ལྷ་ཁང་ག་པར་ཡོད་པ་ཡིན་ཡང་རིམ་པས་རིམ་པས་དེ་སློབ་གཉེར་ཁང་ཞིག་བཟོ་དགོས་རེད། དགོན་པ་ཞིག་ཡོད་རེད་ཟེར་ལབ་དུས་སྐྱབས་སུ་མཆི་ཟེར་ནས་དུས་རྒྱུན་ཏུ་མཆོད་མེ་འབུལ་བར་ཕྱིན་པ་དང་། ལོ་གཅིག་ཆགས་སོང་ན་ཆོས་ཐེབས་འདྲ་པོ་རྒྱག་པར་འགྲོ་རྒྱུ་མ་གཏོགས་བྱ་བ་གཞན་དག་མེད་པ་འདྲ་པོ་བྱས་ན་ཡག་པོ་ཡོད་པ་མ་རེད། དགོན་པ་ཞིག་ཡོད་ཟེར་ལབ་དུས་སློབ་གཉེར་ཁང་ཞིག་ཡིན་བསམ་པའི་འདུ་ཤེས་ཤིག་བློར་བཅར་ཐུབ་པ་ཞིག་བཟོ་དགོས་རེད། དཔེར་ན། རྒྱ་གར་བ་རྒྱུས་ཡོད་མཁན་ཚོས་ན་ལེན་ཌ་ཟེར་སྐབས་དེ་ལམ་སེང་མཁས་པའི་འབྱུང་ཁུངས་སློབ་གཉེར་ཁང་ཞིག་ཡིན་པ་བློ་ལ་འཆར་ཡོང་གི་འདུག་མ་གཏོགས། ན་ལེན་ཌ་ཟེར་སྐབས་དེར་དགེ་འདུན་པ་ཁ་ཤས་ཤིག་ཚོགས་ནས་བཞུགས་ཡོད་པ་ཞིག་བློར་འཆར་གྱི་མི་འདུག ང་རང་ཚོ་བོད་པ་ཚོ་ཡིན་ཡང་སེ་འབྲས་དགེ་གསུམ་ལབ་ན་གཙོ་བོ་སློབ་གཉེར་བྱེད་ས་ཞིག་ཡིན་པར་གང་འཚམ་ཞིག་བློ་ལ་འཆར་གྱི་ཡོད་པ་རེད། འབྲས་སྤུངས་ཆ་བཞག་ན་ན་ལེན་ཌ་གཉིས་པ་གསུངས་སྲོལ་ཡོད་པ་རེད་ལ། གང་ལ་གང་འཚམ་ཡིན་པའི་བཟོ་འདྲ་པོ་ཆགས་ཡོད།  དེ་འདྲ་ཡིན་དུས་གང་ལྟར་ང་ཚོས་དགོན་པར་དཀོན་གཉེར་ཞིག་ལས་མེད་པ་ཡིན་ཡང་། དེའི་ནང་ལ་དུས་རྒྱུན་དུ་ཚེས་བཟང་དུས་བཟང་དེ་འདྲར་མཆོད་མཇལ་ལ་ཡོང་མཁན་ཚོས་ཡར་དངུལ་དེ་འདྲ་བཞག་ན། དཀོན་གཉེར་དེས་དངུལ་དེ་རྩིས་བརྒྱབ་པ་ཙམ་རང་མིན་པ་བྱས་ཏེ། དཀོན་གཉེར་གཅིག་ཡོད་བསྡད་པ་དེ་ཏོག་ཙམ་དཔེ་ཆ་ཤེས་མཁན་དེ་འདྲ་བསྐོས་ནས། ཚེས་བཟང་དུས་བཟང་ལ་གནས་སྐོར་ལ་ཡོང་མཁན་ཚོར་སྐྱབས་འགྲོ་ངོ་སྤྲོད་བྱེད་དགོས། སྐྱབས་འགྲོ་ངོ་སྤྲོད་བྱེད་བར་བདེན་པ་བཞིའི་ཐོག་ནས་ངོ་སྤྲོད་བྱ་རྒྱུ་ལས་མེད་པ་རེད། བདེན་བཞི་ངོ་སྤྲོད་བྱེད་པར་བདེན་གཉིས་ཐོག་ནས་བྱེད་དགོས་པ་རེད། རྣམ་འགྲེལ་ནང་གསུངས་བའི་དབུ་ཚད་སེང་གེའི་འཇིང་གནོན་ཟེར་བ་དེ་རེད། དབུ་མའི་གཞུང་ལས་གསུངས་པའི་སྟོང་ཉིད་ལྟ་བ་རྟེན་འབྱུང་གི་དེ་ཁོ་ན་ཉིད་ཀྱི་ལྟ་གྲུབ་དེ་རིག་པ་དེ་རྣམ་འགྲེལ་ནས་གསུངས་བཞག་པ་དེ་ཚུར་བླངས་ཏེ་སློབ་ཁྲིད་བྱ་རྒྱུ་དེ་དཔེ་མི་སྲིད་པའི་གལ་ཆེན་པོ་རེད་འདུག ལྷ་ཁང་ཆུང་ཆུང་ཞིག་ལས་མེད་ཀྱང་གང་ལྟར་དཀོན་གཉེར་ཞིག་མེད་ན་མ་གཏོགས། དཀོན་གཉེར་ཞིག་ཡོད་ན་དེ་འདྲས་སློབ་ཁྲིད་བྱ་རྒྱུའི་ལས་འགན་ཞིག་སྤྲད་དགོས་པ་རེད། དེ་རིང་ཁ་སང་དགེ་བཤེས་བཞག་པ་དེ་འདྲ་མང་པོ་ཞིག་འགྲོ་ས་མ་རག་པ་བྱས་ཏེ། ཨ་རིར་ག་དུས་ཐར་གྱི་རེད་བསམ་ནས་བསྡད་ཡོད་པ་དེ་འདྲ་མང་པོ་ཡོང་གི་འདུག ད་ལྟ་ང་ཚོ་དགེ་ལུགས་དགོན་པ་ཧི་མ་ལ་ཡའི་རི་བརྒྱུད་ལ་ག་ཚོད་ཅིག་འདུག་བལྟས་ཏེ། དེ་ཚོར་དཔེ་ཆ་ཤེས་མཁན་དེ་འདྲ་བཏང་སྟེ་དེ་ཚོས་འགན་ཁུར་བླངས་ནས་ཚེས་བཟང་དུས་བཟང་ལ་མི་མང་ཡོང་བའི་སྐབས་ལ་ཆོས་ངོ་སྤྲོད་དང་སློབ་ཁྲིད་བྱ་རྒྱུ་གལ་ཆེན་པོ་ཆགས་ཡོད། ཅེས་གསུངས་སོང་།

ཡང་ཁོང་གིས་ཆོས་སེམས་ཀྱི་བྱེད་དགོས་རེད་མ་གཏོགས་བཅའ་ཡིག་རྫིག་པོ་ག་ཚོད་བཟོས་ཀྱང་ཆོ་མེད་པ་ཆགས་ཉེན་ཡོད་སྐོར་གསུངས་དོན། ང་ཚོ་སངས་རྒྱས་པའི་བསྟན་པ་གནས་དང་མི་གནས་ཟེར་བ་དེ་དགེ་འདུན་གྱི་སྡེ་ལ་རག་ལས་ཡོད་པ་རེད་གསུངས་ཀྱི་ཡོད་པ་རེད། དེ་དེའི་ཚེ་དེའི་དུས་ཀྱི་བཤད་སྲོལ་ཞིག་རེད། སངས་རྒྱས་ཀྱི་བསྟན་པ་ཟེར་བ་དེ་ལུང་རྟོག་གི་བསྟན་པ་གཉིས་པོ་དེ་རེད། ལུང་རྟོག་གི་བསྟན་པ་གཉིས་པ་དེ་དགེ་འདུན་རྐྱང་རྐྱང་གིས་འཛིན་རྒྱུ་ཞིག་མ་རེད། ཁྱིམ་པ་ཕོ་མོ་ཚོ་ཆོས་དད་མེད་ན་མ་གཏོགས་ཡོད་ན་འཛིན་དགོས་པ་རེད། ཇི་ཙམ་གྱིས་སྤྱི་ཚོགས་ནང་ལ་བསྟན་དང་རྟོག་པའི་བསྟན་པ་ཡོང་བ་ལ་ལུང་གི་རྟོག་པའི་ཐོག་ནས་གོ་བ་ཆགས་པ་ཡིད་སྨོན་སྐྱེ་རྒྱུ་ཞིག་དགོས་པ་རེད། དེ་མིན་ན་ཡོང་རྒྱུ་ཁག་པོ་ཆགས་ཡོད། ཁ་སང་ཁ་ཉིན་ཞིག་ལ་ངོས་དང་སུ་ཡིན་མིན་ཧ་གོ་མ་བྱུང་གང་ལྟར་སྐད་ཆ་ཞིག་བྱུང་། རབ་བྱུང་ཐོག་མ་སྒྲུབ་སྐབས་རབ་བྱུང་སྒྲུབ་བྱ་དེ་ཚོ་ངེས་འབྱུང་ངོ་སྤྲོད་གནང་རྒྱུ་དེ། རབ་བྱུང་སྒྲུབ་སྐབས་ངོ་སྤྲོད་ཏོག་ཙམ་གནང་བ་དེ་ཙམ་མ་ཡིན་པར། རབ་བྱུང་མ་སྒྲུབ་པའི་གོང་ལ་བདུན་ཕྲག་གཅིག་རིང་འཛིན་གྲྭ་ཚོགས་ཏེ་གཙོ་བོ་དེ་བདེན་བཞིའི་རྣམ་བཞག་ཐོག་ནས། གང་ལྟར་ང་ཚོས་ངེས་འབྱུང་སྒོམ་རྒྱུའི་རྒྱུ་མཚན་དེ་འདུ་བྱེད་ཀྱི་སྡུག་བསྔལ་སྐོར་ལ། ཁོ་ཚོའི་བར་ལ་ཆོས་མཐུན་ཆུ་ཚོད་གཅིག་ཙམ་རིང་ངོ་སྤྲོད་དང་བགྲོ་གླེང་བྱས་ནས་ཁོ་རང་ཚོར་བསམ་བློ་གཏོང་རྒྱུ་ཞིག་བྱུང་ན། དངོས་གཞིའི་རབ་བྱུང་སྒྲུབ་སྐབས་ཐར་པ་ཟེར་བ་དེ་འདི་འདྲ་ཞིག་རེད་འདུག་བསམ་པ་ཞིག་བསམ་བློའི་ནང་བྱུང་ན་ཡག་པོ་མི་འདུག་གམ། ང་ཚོས་དེ་སྤུས་དག་ཏུ་གཏོང་དགོས་འདུག་མ་གཏོགས། གྲྭ་ཆས་གྱོན་ཐུབ་ཙམ་ཞིག་དང་རྟགས་ཆ་ལུགས་འགྱུར་ཐུབ་ཙམ་ཞིག་མ་གཏོགས་བསམ་བློ་ཚེ་འདིའི་སྒང་ལ་ཕྱིན་ཏེ། གྲྭ་པ་ཟེར་སྐབས་ལྟོ་གོས་འཚོལ་ས་ཞིག་མ་གཏོགས་གང་ཡང་མེད་པ་འདྲ་པོ་བྱས་ན་ཆོ་གང་ཡང་མེད་པ་འདྲ་པོ་ཆགས་ཡོད། དཔེ་ཆ་བལྟ་རྒྱུ་དེ་ཡང་དགེ་བཤེས་ཀྱི་མིང་ཞིག་ཐོབ་པ་ཡིན་ན་བླ་མ་བཟོད་པའི་སྐུ་མདུན་ལ་བཅར་ཏེ། ཆོས་ཚོགས་ཤིག་ལ་གཏོང་རོགས་ལབ་རོགས་ཟེར་བ་འདྲ་པོ་བྱུང་ན་ཡག་པོ་གང་ཡང་མི་འདུག ཡིན་ཡང་དེ་དངོས་ཡོད་གནས་ཚུལ་ཞིག་ཆགས་ཡོད་སྟབས། ཁྱེད་རང་ཚོས་ཁྲིམས་བཟོས་ནས་ཡིག་ཆ་གཏན་འབེབས་བྱས་ཀྱང་། དོ་བདག་སོ་སོའི་སེམས་ནང་ལ་གཡོ་འགུལ་ཐེབས་ནས་འགྲོ་དགོས་རེད་མ་གཏོགས། བཅའ་ཡིག་རྫིག་པ་ག་ཚོད་ཅིག་བཟོས་ཀྱང་ཕན་ཐོགས་མེད་པ་ལྟར་ཆགས་ནས་གྲྭ་ཆས་ཕུད་ནས་མཆོངས་འགྲོ་གི་རེད། ཅེས་གསུངས་སོང་།

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

ཆུ་ཚོད་ ༡༢ སྔོན་ལ།
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

ཆུ་ཚོད་ ༡༣ སྔོན་ལ།
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

ཆུ་ཚོད་ ༡༦ སྔོན་ལ།
Close view of Chinese PLA combat helicopter in Tibet_January 05 2021
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དགོས་པའི་རེ་སྐུལ་ཞུས། 

༢༠༢༥/༠༦/༢༦
Mobile App

མི་འགྱངས་བར་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཚོགས་ཆེན་འཚོག་རྒྱུ་ཡིན་འདུག 

༢༠༢༥/༠༦/༢༦
ལྕམ་སྐུ་པེ་ལོ་སི་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

ཨ་རིའི་གྲོས་ཚོགས་ནང་༧སྐུའི་གོ་སྟོན་སྲུང་གཙི་གནང་།

༢༠༢༥/༠༦/༢༦

མཆན། 1

  1. དྲང་སྲོང་། says:
    ལོ་ 10 སྔོན།

    གསར་འགོད་པ་ལ་བཀའ་དྲིན་ཆེ། ཡིན་ཡང་ང་ལ་བསམ་ཚུལ་ཞིག་ཡོད། བོད་ཀྱི་དུས་བབས་གསར་འགྱུར་ལ་མཚོན་ན་བཙན་བྱོལ་སྤྱི་ཚོགས་ནང་ད་སྔ་ཆེས་གདེང་འཇོག་ཡོད་པའི་གསར་ཁང་གཅིག་བུ་དེ་ཡིན་མོད། ཡིན་ཡང་ཁ་སང་དེ་རིང་གི་གསར་འགོད་པ་ཚོར་མཁྱེན་རྒྱ་ཡོད་སྲིད་ཀྱང་། དོ་སྣང་དེ་ཙམ་བྱེད་གྱིན་མེད་པ་ཡིན་ནམ། གང་ལྟར་ཚིག་གི་གཅོད་མཚམས་དང་། གསུང་བཤད་ཡིག་ཐོག་ལ་འབེབ་སྟངས། དུས་གསུམ་དང་བྱ་བྱེད་སོགས་ཀྱི་ཐད་ལ་གཟབ་གཟབ་བྱོས། མ་གཞི་ནས་བཙན་བྱོལ་སྤྱི་ཚོགས་ནང་དབྱངས་གསལ་སོ་བཞིའི་གོམ་པའི་འདེགས་འཇོག་དེ་ཙམ་བརྟན་པོ་མེད་ཁར་ལམ་ཆེན་ནང་རྡོ་གསེག་བཏབ་ན་མ་འོངས་པར་ག་འདྲར་འགྱུར་ས་རེད། རང་གིས་བྲིས་པའི་གསར་འགྱུར་རང་གིས་ངེས་པར་དུ་ཀློགས་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese