མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཀན་ལྷོའི་དཔོན་རིཊ་འགར་ཉེས་ཆད་ཕོག

བོད་ཀྱི་དུས་བབ།
༢༠༡༥/༠༦/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཀན་ལྷོ་ཁུལ་གྱི་དཔོན་རིགས་ཁག་ཅིག་ལ་ལྐོག་ཟ་རུལ་སུངས་དང་འབྲེལ་བའི་ཉེས་ཆད་ཕོག་ཡོད་པ་ཕྱིར་བསྒྲགས་བྱས་འདུག

ཟླ་འདིའི་ ༦ ཚེས་ ༢༥ ཉིན་རྒྱ་ནག་གཞུང་གིས་ཀན་ལྷོ་ཁུལ་གྱི་ནང་བྱུང་བའི་ལྐོག་ཟ་རུལ་སུངས་ཀྱི་ཉེས་དོན་ལྔ་ཕྱིར་བསྒྲགས་བྱས་པ་ལྟར་ན། ཀན་ལྷོ་ཅོ་ནེ་རྫོང་མ་རུ་གྲོང་རྡལ་རྡོ་པ་སྡེ་བའི་ཏང་ཨུའི་མགོ་ཁྲིད་ཟུར་པ་མུན་ཅུན་ཡུས་ཀྱིས། ཞིང་སྡེའི་གསང་སྤྱོད་ཁང་གསར་རྒྱག་ལས་གཞིའི་རོགས་དངུལ་སྒེར་སྤྱོད་བྱས་པར་བརྟེན། ཏང་ནང་ནས་ཕུད་པ་དང་གོ་གནས་བླངས་ཏེ་ཁྲིམས་འཛིན་ལས་ཁུངས་ལ་ནག་ཉེས་རྩིས་སྤྲད་ཡོད་འདུག

ཡང་འབྲུག་ཆུ་རྫོང་དགོ་ཡེ་ཞང་མདུན་རི་སྲིད་འཛིན་སྡེ་བའི་སྡེ་དཔོན་ཟུར་པ་ཁུང་སི་ཏེ་དང་། ལས་བྱེད་ཧྥིན་ཙུན་ཕིན་དང་ཁུང་པེ་མ་ལུ་ཟེར་བ་བཅས་ཀྱིས། སྡེ་བ་ཡར་རྒྱས་གཏོང་བྱེད་ཀྱི་གཞུང་དངུལ་བཀག་ཡོད་སྟབས། ཁོ་ཚོ་ཏང་ནང་ནས་ཕུད་དེ་ཁྲིམས་འཛིན་ལས་ཁུངས་ལ་ནག་ཉེས་རྩིས་སྤྲད།

ཐེ་བོ་རྫོང་སྐྱིད་པོ་ཁོག་སྡེ་བའི་ཏང་གི་མགོ་ཁྲིད་གཡང་བཟང་སྐྱིད་འཛོམས་གྱིས་ཞིང་སའི་རོགས་དངུལ་སྒེར་སྤྱོད་བྱས་པ་དང་། དེ་བཞིན་སྡེ་བའི་ཨུ་ཡོན་ལྷན་ཁང་གི་འགན་འཛིན་ཤེས་རབ་ཚེ་རིང་གིས་སྡེ་བའི་ཞིང་སའི་རོགས་དངུལ་བསྐྱིས་ནས་དུས་ལྟར་ཕྱིར་སྤྲད་མེད་སྟབས། འདི་ལོའི་ཕྱི་ཟླ་ ༥ ཚེས་ ༢༥ ཉིན་གཡང་བཟང་སྐྱིད་འཛོམས་ཏང་གི་ལས་གནས་ནས་ཕུད་པ་དང་། ཤེས་རབ་ཚེ་རིང་ལ་ཏང་ནང་གི་ཐ་ཚིག་ནན་པོ་བསྒྲགས་ཡོད་འདུག

གཞན་ཡང་། རྨ་ཆུ་རྫོང་མུར་བྱེ་གྲོང་ཚོའི་འཕྲོད་བསྟེན་ཁང་གི་མགོ་ཁྲིད་ཆོས་འཛོམས་ཚེ་རིང་ཟེར་བས། གཞུང་དངུལ་གྱིས་སྒེར་གྱི་རླངས་འཁོར་ལ་སྣུམ་བླུགས་པར་བརྟེན། ཏང་ནང་གི་ཐ་ཚིག་དྲག་པོ་བསྒྲགས་པ་མ་ཟད། དངུལ་གྱི་སྐྱིན་ཚབ་སྤྲོད་དུ་བཅུག་ཡོད་པ་དང་། ཡང་རྨ་ཆུ་རྫོང་རྨ་ཁུགས་རྟ་རའི་འཕྲོད་བརྟེན་ཁང་གི་མགོ་ཁྲིད་ཝེ་ཧེ་ཅིན་གྱིས། མི་སྒེར་གྱི་ཕྱོགས་སྐྱོད་ལ་གཞུང་དངུལ་བཏང་ཡོད་སྟབས། འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༡ ཉིན་ཏང་གི་ཐ་ཚིག་བསྒྲགས་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

གཞི་རིམ་མི་མང་གི་ཞི་འབོད་ལས་འགུལ་གྱི་མཇུག་སྡོམ་མཛད་སྒོ་ཚོགས། ༢༠༢༣།༩།༢༨ བོད་ཀྱི་དུས་བབ་ཀྱི་པར། 
Mobile App

གཞི་རིམ་མི་མང་གི་ཞི་འབོད་ལས་འགུལ་དངོས་སུ་མཇུག་སྒྲིལ་སོང་།

ཆུ་ཚོད་ ༥ སྔོན་ལ།
ཚོགས་དུས་དྲུག་པ་འཕར་འགྱངས་གནང་སོང་། བོད་ཀྱི་དུས་བབ་ཀྱི་པར། ༢༨།༠།༢༠༢༣
Mobile App

གྲོས་ཚོགས་ཚོགས་དུས་ ༦ པ་འཕར་འགྱངས་གནང་བའི་གསལ་བསྒྲགས་སྤེལ་སོང་།

ཆུ་ཚོད་ ༥ སྔོན་ལ།
"Vocational training” programmes threaten Tibetan identity, carry risk of forced labour, say UN experts.© Unsplash/Aden Lao
Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་བོད་མི་ལས་བཟོ་བ་རྣམས་ཀྱི་ཐོབ་ཐང་གླེང་སློང་གནང་། 

༢༠༢༣/༠༩/༢༧
བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་བཅར་འདྲིར་ལན་འདེབས་གནང་བཞིན་པ། ༢༠༢༣།༩།༢༧ དུས་བབ་ཀྱི་པར།
Mobile App

བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་ནས་གཞི་རིམ་མི་མང་ལས་འགུལ་བར་ཐུག་འཕྲད་གནང་།

༢༠༢༣/༠༩/༢༧
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱིས་༧སྐུའི་ཡང་སྲིད་དང་འབྲེལ་བའི་བསྒྲགས་གཏམ་སྤེལ།

༢༠༢༣/༠༩/༢༧
གཞི་རིམ་མི་མང་གི་ལས་འགུལ་ཚོགས་པའི་རྒྱུན་ལས་ཚེ་བརྟན་ཕུན་ཚོགས་ལགས། ༢༠༢༣། ༩། ༢༦ བོད་ཀྱི་དུས་བབ་ཀྱི་པར།
Mobile App

ཁང་པ་སྟོང་པ་ཞིག་ལ་འབོད་སྐུལ་ཞུས་ནས་བསྡད་ཚེ་ཏག་ཏག་བསྡད་མི་འདུག

༢༠༢༣/༠༩/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist