མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མང་ཚོཊ་ཀྱི་ཆོས་བྱེད་སྟངས་དེ་རྨོངས་དད་རང་ཆཊ་ཡོད།

བོད་ཀྱི་དུས་བབ།
༢༠༡༥/༠༧/༢༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཚོགས་པ་ཁག་བཅུ་གཅིག་ནས་བརྟན་བཞུགས་འབུལ་སྐབས། ༸གོང་ས་མཆོག་གིས་དཔལ་འབྱོར་རྗེས་ལུས་ཡར་རྒྱས་གཏོང་བར་འབད་བརྩོན་བྱེད་བཞིན་ཡོད་པ་ལྟར་ནང་ཆོས་ཉམས་ལེན་གྱི་རྗེས་ལུས་ཡང་ཡར་རྒྱས་གཏོང་དགོས་སྐོར་གསུངས་སོང་།
དེ་རིང་ཆོས་འཁོར་དུས་ཆེན་དང་སྟབས་བསྟུན་ཏེ་སྔ་དྲོའི་ཆུ་ཚོད་ ༨ པ་ཙམ་ལ་དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ། ཧི་མ་ལ་ཡའི་ནང་ཆོས་རིག་གཞུང་ཚོགས་པ་དང་བལ་ཡུལ་དགེ་ལྡན་ལྷན་ཚོགས། བལ་ཡུལ་སྦོག་ར་གློ་སྒྲིག སྟག་ལུང་གི་ཆོས་བརྒྱུད་འཛིན་པ། བྱང་དགའ་ལྡན་ཆོས་འཁོར་གླིང་། དབུས་གཙང་ཆོལ་ཁ། བོད་ཀྱི་གཞོན་ནུ་ལྷན་ཚོགས། བུད་མེད་ལྷན་ཚོགས། མངའ་རིས་སྤྱི་མཐུན་ཚོགས་པ། དགུ་བཅུ་གསུམ་ལས་འགུལ་ཚོགས་པ། དབུ་མའི་ལམ་ལས་འགུལ་ཁང་བཅས་ཚོགས་པ་ཁག་ ༡༡ མཉམ་འབྲེལ་ཐོག ༸གོང་ས་མཆོག་ཕྱི་ལུགས་ཀྱི་དགུང་གྲངས་ ༨༠ ཕེབས་པའི་དགའ་སྟོན་དང་འབྲེལ་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་སོང་བ་དང་། སྐབས་དེར་རྒྱུད་སྨད་གྲྭ་ཚང་གི་མཁན་ཟུར་སྒོ་སོག་རིན་པོ་ཆེ་མཆོག་དང་སྟག་ལུང་ཞབས་དྲུང་རིན་པོ་ཆེ། སྟག་ལུང་མ་སྤྲུལ་རིན་པོ་ཆེ་བཅས་ཀྱི་དབུས་མཁན་སྤྲུལ་རྣམ་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་སྲི་ཞུ་ལས་བྱེད། དེ་བཞིན་དྷ་ས་ཁུལ་གཙོ་བོར་གྱུར་བའི་ཕྱོགས་མཐའ་ཁག་ནས་ཡོང་བའི་སེར་སྐྱ་མི་མང་བཅས་ཁྱོན་མི་གྲངས་ ༦༠༠༠ ཙམ་འཛོམས་འདུག
ཞོགས་པའི་ཆུ་ཚོད་ ༧།༣༠ ཙམ་ལ་ཐེག་ཆེན་གཙུག་ལག་ཁང་གི་ཆོས་རའི་ནང་དུ། ༸གོང་ས་མཆོག་དབུ་བཞུགས་ཐོག་བལ་ཡུལ་དགེ་ལྡན་ལྷན་ཚོགས་ཀྱིས་རྟགས་གསལ་གཟིགས་འབུལ་ཞུས་རྗེས། གཙུག་ལག་ཁང་གི་ལྷ་ཁང་ནང་དུ་༸གོང་ས་མཆོག་གིས་དད་ལྡན་སེར་སྐྱ་མི་མང་ལ་ནང་ཆོས་ངོ་སྤྲོད་དང་བཀའ་དབང་བཀའ་དྲིན་བསྐྱངས་སོང་། དེ་རྗེས་རྒྱུད་སྨད་མཁན་ཟུར་སྒོ་སོག་རིན་པོ་ཆེ་མཆོག་ནས་མནྜལ་རྟེན་གསུམ་འདེགས་འབུལ་ཞུས་བ་དང་སྦྲགས། ཚོགས་པ་བཅུ་གཅིག་གི་དད་ལྡན་སེར་སྐྱ་ཚོས་བརྟན་བཞུགས་བསྟར་འབུལ་ཞུས་སོང་།
༸གོང་ས་མཆོག་གིས་ནང་ཆོས་ངོ་སྤྲོད་གནང་སྐབས། མི་ཚང་མས་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་ལྟར་སོ་སོའི་སེམས་རྒྱུད་ལ་བརྟེན་ནས་བདེ་སྐྱིད་ཐོབ་ཐབས་དགོས་སྐོར་བཀའ་སློབ་ལམ་སྟོན་གནང་དོན། ད་ལྟའི་དུས་ཚོད་ལ་སེམས་ཀྱི་བདེ་སྐྱིད་སྒྲུབ་པར་སེམས་ཀྱི་བདེ་སྐྱིད་གཏོར་བཤིག་གཏོང་མཁན་དང་། སེམས་ཀྱི་བདེ་སྐྱིད་མེད་པ་བཟོ་མཁན་དེ་ག་རེ་ཆགས་འདུག ཕྱི་ཡིས་བཟོས་པ་མ་རེད་གཙོ་བོ་ནང་སེམས་ཀྱི་ཆགས་སྡང་གི་དབང་གིས་སེམས་མ་སྐྱིད་པ་ཡོང་གི་ཡོད་པ་གསལ་བོ་ཞེ་དྲགས་འདུག་གཱ། ཆགས་སྡང་སེལ་བ་ཟེར་བ་དེ་ཕྱི་ལོགས་ནས་ཁབ་བརྒྱབ་ཏེ་སེལ་ཐབས་མེད་ལ། འདོད་ཆགས་མེད་པ་དང་ཞེ་སྡང་མེད་པ། གཏི་མུག་མེད་པ་ཞེས་ཚོང་ཁང་ནང་ནས་ཉོ་རྒྱུ་ཡོད་པ་ཞིག་ཀྱང་མིན་སྟབས། ང་རང་ཚོའི་ནང་ཆོས་ནང་གསུང་བའི་ཉོན་རྨོངས་དུག་གསུམ་ཞེས་རང་ཆས་སུ་ཡོད་པ་དེ་སེལ་བའི་ཐབས་ཤེས་ནི། རང་གི་སེམས་རྒྱུད་ལ་བརྟེན་ནས་ཆགས་སྡང་རྨོངས་གསུམ་སེལ་བ་བྱེད་དགོས་པ་རེད་མ་གཏོགས། གཞན་ཕྱི་ལོགས་ནས་ཐབས་ཤེས་མེད་པ་གསལ་བོ་ཞེ་དྲགས་རེད། ཅེས་གསུངས་སོང་།

སྤྱིར་ནང་པའི་ཆོས་དེ་རྨོངས་དད་ཅིག་མིན་ཡང་མང་ཚོགས་ཀྱིས་ཆོས་བྱེད་སྟངས་དེ་རྨོངས་དད་རང་ཆགས་ཡོད་པས། ནང་ཆོས་ཉམས་ལེན་ཐད་རྗེས་ལུས་ཐེབས་པ་དེ་ཡར་རྒྱས་གཏོང་དགོས་སྐོར་གསུངས་དོན། ང་རང་ཚོ་བོད་ལ་ཡོད་པའི་ཆོས་དེ་ཡག་པོ་ཞིག་ཤེས་པ་ཡིན་ན། དངོས་གནས་ཟབ་ཅིང་རླིང་བ་ཀཀཀཞིག་རེད། ཡིན་ནའང་། ང་རང་ཚོའི་སྤྱི་ཚོགས་ནང་ལོགས་སུ་ཆོས་བྱས་ཟེར་དུས་ཁ་འདོན་འདྲ་བོ་བྱས། དཔེ་ཆ་འདྲ་བོ་ཀློག། དཔེ་ཆ་རྙིང་པ་ཡིན་ན་ཁ་འདོན་ཡག་པོ་བྱས་པ་དང་དཔེ་ཆ་གསར་པ་ཡིན་ན་ཁ་འདོན་ཡག་པོ་བྱས་མེད་པའི་རྟགས་རེད། དེ་ནས་ལག་ཏུ་ཕྲེང་བ་འཁུར་ནས་ཕྲེང་བ་མང་པོ་ཟད་ཡོད་ན་སྔགས་མང་པོ་བགྲེངས་ཡོད་པའི་རྟགས་རེད། ངའི་ཕྲེང་བ་ཞེ་དྲགས་ཟད་མེད་མང་པོ་བགྲང་མེད་པས་རེད། ཆོས་དེ་རྨོངས་དད་མིན་ཡང་ང་ཚོའི་མང་ཚོགས་ཀྱིས་ཆོས་བྱེད་སྟངས་དེ་རྨོངས་དད་རང་ཆགས་བསྡད་ཡོད་ལ། དེ་རྗེས་ལུས་རེད། རྗེས་ལུས་དེར་ཆོག་ཤེས་བྱས་ནས་དེས་འགྲིག་ཅེས་ལབ་བསྡད་ན་གླེན་པ་རེད། རྗེས་ལུས་ཐེབས་པ་ཡར་རྒྱས་གཏོང་དགོས་པ་རེད། དངོས་པོས་རྗེས་ལུས་ཐེབས་པ་དེ་འབད་བརྩོན་བྱས་ནས་ཡར་རྒྱས་གཏོང་བཞིན་ཡོད་པ་ལྟར། ནང་ཆོས་ཀྱི་ཉམས་ལེན་རྗེས་ལུས་ཐེབས་བསྡད་ཡོད་པ་དེ་ཡར་རྒྱས་གཏོང་དགོས་པ་རེད་མ་གཏོགས། ང་ཚོའི་ཕ་མེས་ནས་འདི་འདྲ་བྱེད་ཀྱི་ཡོད་ལབ་བསྡད་ན། ངའི་ཕ་མེས་ཚོ་ལྐུགས་པ་ཡིན། ང་ཡང་ལྐུགས་པ་བྱེད་རྒྱུ་ཡིན་ལབ་ན་ཆོད་ག་རེ་འདུག ཕ་མེས་ནས་ཡིག་རྨོངས་བྱས་ནས་བསྡད་པ་དང་། ང་རང་ཡང་ཡིག་རྨོངས་བྱས་ནས་སྡོད་ཀྱི་ཡོད། ངའི་ཕྲུ་གུ་ཡང་ཡིག་རྨོངས་བྱས་ནས་འཇོག་གི་ཡིན་ལབ་ན། སུས་བལྟས་ནའང་གད་མོ་ཤོར་གྱི་རེད། དེར་བརྟེན་ང་ཚོས་ངེས་པར་དུ་སངས་རྒྱས་པའི་ཆོས་ཁས་ལེན་དང་མ་ལེན་ཟེར་བ་དེ་སོ་སོའི་རང་དབང་རེད། གལ་སྲིད་ཆོས་ཁས་བླངས་བ་ཡིན་ན། སོ་སོས་ཁས་བླངས་བའི་ཆོས་དེ་ག་འདྲ་ཞིག་འདུག་རྩད་གཅོད་དང་བརྟག་དཔྱད་བྱེད་དགོས་པ་རེད། ཅེས་གསུངས་སོང་།
ཡང་ཁོང་གིས། བོད་པ་བཙན་བྱོལ་དུ་འབྱོར་མ་ཐག་གྲྭ་རྒྱུན་དཀོན་པོ་ཡིན་པ་དང་། སྐབས་དེར་ལ་དྭངས་སོགས་ཧི་མ་ལ་ཡའི་རི་རྒྱུད་པ་ཚོས་གྲྭ་རྒྱུན་མང་པོ་སྤེལ་ཏེ་བོད་ཀྱི་ཆོས་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་གནང་བ་དེ་བཀའ་དྲིན་ཆེན་པོ་ཡིན། དེང་སྐབས་ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་དགོན་པ་ཁག་དང་མང་ཚོགས་ནང་དུ་ནང་ཆོས་བསླབ་པ་སློབ་གཉེར་ཐད་ཡར་རྒྱས་གཏོང་བཞིན་ཡོད་པ་དེ་ཞེ་དྲགས་ཡག་པོ་ཡིན་ལ། མ་འོངས་པར་ཡང་མུ་མཐུད་ནས་ཡར་རྒྱས་ གཏོང་དགོས་སྐོར་གསུངས་བ་དང་འབྲེལ། བར་སྐབས་བལ་ཡུལ་ནང་ས་ཡོམ་གྱིས་གོད་ཆག་ཚབས་ཆེན་ཕོག་སྐབས། བལ་ཡུལ་ནང་དུ་ཡོད་པའི་བོད་ཀྱི་དགོན་པ་ཁག་དང་། མི་མང་གིས་གང་ཡོང་ཅི་ཡོང་གིས་རོགས་རམ་བྱས་པ་དེ་ཧ་ཅང་ཡག་པོ་ཡིན་ལ། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་སོགས་གསུངས་སོང་།
གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་ཟངས་དཀར་ཡུལ་དུ་ཞབས་སོར་བདེ་བར་བཀོད། ༢༠༢༥།༠༧།༢༡ ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་དྭགས་ཀྱི་ཟངས་དཀར་ཡུལ་དུ་ཞབས་སོར་བདེ་བར་བཀོད།

སྐར་མ ༡༦ སྔོན་ལ།
ཡར་ཀླུང་གཙང་པོར་འཛམ་གླིང་གི་ཆུ་རགས་ཆེ་ཤོས་དེ་གསར་རྒྱག་གི་མཛད་སྒོ། གསར་ལམ་གྱི་པར། ༢༠༢༥།༧།༢༠
Mobile App

རྒྱ་ནག་གིས་དངོས་སུ་ཡར་ཀླུང་གཙང་པོར་འཛམ་གླིང་གི་ཆུ་རགས་ཆེ་ཤོས་གསར་རྒྱག་བྱེད་མགོ་བཙུགས།

ཆུ་ཚོད་ ༡ སྔོན་ལ།
བོད་ནང་གི་ན་གཞོན་གཞས་པ་ཨ་སངས་ལགས། པར་དུས་བབ་ཀྱིས་ཕྱོགས་སྒྲིག་བྱས།
Mobile App

ན་གཞོན་གླུ་བ་ཨ་སངས་ལགས་འཛིན་བཟུང་བྱས་འདུག

༢༠༢༥/༠༧/༡༨
ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཇེག་ཁི་རོ་སན་མཆོག་གིས་བོད་མཐོ་སྒང་གི་ཁོར་ཡུག་ལ་གནོད་སྐྱོན་བཟོ་ཉེན་ཡོད་པར་ཞིབ་འཇུག་དགོས་པའི་ཁྲིམས་འཆར་བཏོན། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༧།༡༧
Mobile App

བོད་མཐོ་སྒང་གི་ཁོར་ཡུག་ལ་གནོད་སྐྱོན་བཟོ་ཉེན་ཡོད་པར་ཞིབ་འཇུག་དགོས་པའི་ཁྲིམས་འཆར་བཏོན།

༢༠༢༥/༠༧/༡༧
པེ་ཅིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ་ཝུའུ་ཡེན་ཅེ་ལ་ཞིབ་བཤེར་བྱེད་བཞིན་པ། Lianhe Zaobao གསར་ཁང་གིས་པར།
Mobile App

བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཟུར་པ་ཝུའུ་ཡེན་ཅེ་ལ་ལོ་གཉིས་ཕར་འགྱངས་ཀྱི་སྲོག་ཁྲིམས་བཅད།  

༢༠༢༥/༠༧/༡༧
༧སྐྱབས་རྗེ་དྭགས་པོ་རིན་པོ་ཆེ་མཆོག་ལ་ཧྥ་རན་སིའི་གཟེངས་རྟགས་ཐོབ། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༥།༧།༡༦
Mobile App

༧སྐྱབས་རྗེ་དྭགས་པོ་རིན་པོ་ཆེ་མཆོག་ལ་ཧྥ་རན་སིའི་གཟེངས་རྟགས་ཐོབ།

༢༠༢༥/༠༧/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese