མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རིགས་དང་གདོད་མའི་མི་རིགས་བར་ག་དུས་ལུས་འབྲེལ་བྱུང་ཡོད་དམ།

བོད་ཀྱི་དུས་བབ།
༢༠༡༥/༠༧/༢༨
Share on FacebookShare on TwitterShare on EmailShare on Whatsapp
ཁེར་ཤིན་སི་ཇུ་གྷེ་རན་ (Kristian Sjøgren)གྱིས་བརྩམས། དོན་གྲུབ་ཀྱིས་བསྒྱུར།

ཉེ་བའི་ལོ་ཤས་གོང་ཚན་རིག་པས་མགོ་མཇུག་བསྒྱུར་ནས་བོད་རིགས་ཀྱི་རིགས་རྒྱུན་ལ་བརྟག་དཔྱད་བྱས་པ་བརྒྱུད། བོད་རིགས་ཚོར་གདོད་མའི་འགྲོ་བ་མིའི་རིགས་ཀྱི་ཕ་མེས་ཌེ་ནི་སཱོ་ཝན་ (Denisovans) གྱི་རིགས་རྫས་(genome) ཡོད་པ་ཤེས་རྟོགས་བྱུང་ཡོད། ཕྱི་ལོ་ ༢༠༡༠ ལོར་འགྲོ་བ་མིའི་རིགས་ཀྱི་རིགས་རྒྱུན་ལ་བརྟག་དཔྱད་བྱེད་མཁན་གྱི་ཚན་རིག་པའི་རུ་ཁག་ཅིག་གིས་བོད་རིགས་ཀྱི་རིགས་རྒྱུན་ལ་བརྟག་དཔྱད་བྱས་ཏེ། བོད་རིགས་ལ་འཚོ་རླུང་ཉུང་ཞིང་ས་བབ་མཐོ་བའི་མཐོ་སྒང་ནང་དུས་ཡུན་རིང་པོ་འཚོ་སྡོད་བྱེད་ཐུབ་མཁན་གྱི་དམིགས་བསལ་རིགས་རྫས་ཤིག་ཡོད་པ་གསར་རྙེད་བྱུང་བ་མ་ཟད། རིགས་རྫས་དེ་མེད་ན་ད་ལྟ་བོད་རིགས་ཕལ་ཆེ་བ་གྲོངས་ཚར་ཡོད་སྲིད་པ་ཞིག་རེད་ཅེས་བརྗོད་ཡོད།

༢༠༡༤ ལོར་གོང་བརྗོད་ཚན་རིག་རུ་ཁག་གིས་བོད་རིགས་ལ་རིགས་རྫས་འདི་དབང་དགོས་དོན་ནི། གདོད་མའི་མི་རིགས་ཌེ་ནི་སཱོ་ཝན་གྱི་ཐག་རིང་གི་གཉེན་རྒྱུད་འདོད་རྩེད་ལ་རོལ་མཁན་གྱི་མི་རིགས་ཤིག་ལྷོ་ཤར་ཨེ་ཤ་ཡའི་མངའ་ཁུལ་ནང་རྒྱལ་ཁམས་འགྲིམ་སྐབས། བོད་རིགས་དང་ལུས་འབྲེལ་བྱུང་སྟེ་བོད་རིགས་ལ་རིགས་རྫས་དེ་ཁྱབ་ཡོད་པ་ཤེས་རྟོགས་བྱུང་ཡོད། གདོད་མའི་བོད་རིགས་དང་རྩ་སྟོང་དུ་ཕྱིན་པའི་གདོད་མའི་མི་རིགས་དེའི་ཡ་མཚན་ཅན་གྱི་གཉེན་རྒྱུད་བར་བརྩེ་གདུང་གི་མདུད་པ་འཆིང་སྟེ། ལུས་འབྲེལ་བྱུང་ནས་ས་བབ་མཐོ་བའི་ཡུལ་གྲུར་འཚོ་སྡོད་བྱེད་ཐུབ་མཁན་གྱི་བུ་ཕྲུག་འཕེལ་ཡོད་སྟབས། དེང་རབས་ཀྱི་བོད་རིགས་ཚོ་འཚོ་རླུང་ཉུང་ཞིང་ས་བབ་མཐོ་བའི་ས་ཁུལ་ནང་འཚོ་སྡོད་བྱེད་ཐུབ་ཀྱི་ཡོད་པའི་མཚན་སྙན་དེ་འབར་བ་རེད།

བོད་རིགས་ཀྱི་འདོད་རྩེད་ལོ་རྒྱུས་ཀྱིས་ང་ཚོའི་འཕེལ་རིམ་ལ་འོད་མདངས་གསར་པ་ཞིག་སྦྱིན་གྱི་རེད།
ཚན་རིག་པས་འདིར་ཉམས་ཞིབ་བྱ་རྒྱུ་མཚམས་འཇོག་བྱས་ནས་བསྡད་མེད། ད་ལྟ་ཌ་ཎེ་ཞི་ལྷན་ཚོགས་ཀྱི་རང་དབང་ཞིབ་འཇུག་ཁང་གིས་འགྲོ་གྲོན་བཏང་སྟེ། ཚན་རིག་པ་ཚོས་བོད་རིགས་དང་ཌེ་ནི་སཱོ་ཝན་གྱི་གཉེན་རྒྱུད་བར་ལུས་འབྲེལ་ག་དུས་བྱུང་ཡོད་མེད་ཐད་ཉམས་ཞིབ་བྱེད་བཞིན་ཡོད་སྟབས། ཁོ་ཚོས་མི་རིགས་གཉིས་བར་ལུས་འབྲེལ་ག་དུས་བྱུང་ཡོད་མེད་འཕྱུག་པ་མེད་པར་གང་མགྱོགས་ཤེས་རྟོགས་ཐུབ་ཀྱི་རེད། ཉེ་ལམ་ལས་འཆར་འདིའི་འགན་ཁུར་མི་སྣ་ཀོ་པན་ཧེ་གྷན་གཙུག་ལག་སློབ་ཆེན་གྱི་རང་བྱུང་ཁམས་ཀྱི་བྱུང་བ་བརྗོད་པའི་འགྲེམ་སྟོན་ཁང་དང་། ཨ་རིའི་བྷར་ཁེ་ལི་གཙུག་ལག་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ་གཅིག་ལྕོགས་ཚན་རིག་པ་རཱ་སི་མུ་སི་ནེལ་སཱན་ (Rasmus Nielsen) ལགས་ཀྱིས། “ང་ཚོས་ཌེ་ནི་སཱོ་ཝན་སྐོར་ལ་ཧ་ལམ་གང་ཡང་ཤེས་རྟོགས་ཐུབ་མེད་པ་ལྟ་བུ་ཆགས་ཡོད། ད་ལྟ་ང་ཚོས་ཁོ་ཚོས་དེང་རབས་མི་དང་ལུས་འབྲེལ་ག་དུས་བྱུང་ཡོད་མེད་འཚོལ་ཞིབ་བྱེད་དགོས་ན། ང་ཚོས་མ་མཐར་ཡང་ཁོ་ཚོ་ག་པར་འཚོ་སྡོད་བྱས་ཡོད་མེད་སྐོར་ལ་སློབ་སྦྱོང་བྱེད་དགོས། དེ་ནི་ཤེས་བྱ་གསར་པ་ཞིག་ཡིན་པ་མ་ཟད། དེས་ང་ཚོའི་ལོ་རྒྱུས་ཤེས་རྟོགས་ཐུབ་རྒྱུ་མ་ཟད་དང་ང་ཚོའི་ཕ་མེས་ཚོས་ཇི་ལྟར་བྱས་ཏེ། གདོད་མའི་དུས་ཀྱི་ཡུལ་ལྗོངས་ཁག་ལ་གཡས་སྐོར་གཡོན་སྐོར་བརྒྱབ་ནས་གནས་སྤོ་དང་། འགྲོ་བ་མི་རིགས་གཞན་དག་དང་གླེང་མོལ་གང་འདྲ་བྱས་ཡོད་མེད་ཀྱི་གནས་ལུགས་རྟོགས་ཀྱི་རེད།” ཅེས་བཤད་ཡོད། 

ཁྲག་ལིང་འགོག་མཁན་གྱི་རིགས་རྒྱུན་ས་བོན་ཞིག
ད་ལྟ་ཚན་རིག་པས་ཉམས་ཞིབ་བྱ་ཡུལ་གྱི་ལས་འཆར་གསར་པ་འདིའི་དམིགས་ཡུལ་གཙོ་བོ་ནི། ས་བབ་མཐོ་སར་འཚོ་སྡོད་ཐུབ་པའི་རིགས་རྫས་ (EPAS1) ཞེས་པ་འདིས་རྐྱེན་བྱས་ཏེ། བོད་རིགས་ལ་དབང་བའི་ལུས་ཟུངས་ཀྱིས་ལུས་ཁམས་ནང་འཚོ་རླུང་སྐྱེལ་མཁན་སྐྱེ་ལྡན་ཕྲ་ཕུང་བརྒྱུད་ལས་ཟུངས་ཀྱིས་ཁྲག་དམར་སྤྲི་དཀར་འདོན་སྤེལ་བྱ་རྒྱུར་ཕན་ཐོགས་སྐྲུན་གྱི་ཡོད་མེད་རྟོག་ཞིབ་བྱ་རྒྱུ་དེ་ཆགས་ཡོད། གདོད་མའི་མི་རིགས་ཀྱི་རིགས་རྫས་ (EPAS1) ཞེས་པས་ལུས་ཟུངས་ཀྱིས་ཁྲག་དམར་སྤྲི་དཀར་འདོན་སྤེལ་བྱ་རྒྱུར་དོན་ཐོག་ཁེལ་བའི་བཀག་འགོག་བྱེད་ཀྱི་ཡོད་སྟབས། ས་བབ་མཐོ་བོར་སྡོད་མཁན་གྱི་མིས་རང་ཉིད་ཀྱི་ལུས་ཟུངས་ཀྱིས་ཁྲག་དམར་སྤྲི་དཀར་འཕེལ་རྒྱས་གཏོང་རྒྱུར་དོ་ཕོག་འགྲོ་ཡི་ཡོད་པ་ནི་གོར་མ་ཆག 

མིའི་ལུས་ཁམས་ནང་ཁྲག་དམར་སྤྲི་དཀར་ག་ཚོད་འཕེལ་རྒྱས་ཕྱིན་པ་དེ་བཞིན་དུ་སྙིང་ནད་དང་ཁྲག་ལིང་གི་ཉེན་ཁ་ཆེ་བ་ཡོད་སྟབས། ས་བབ་མཐོ་བོར་འཚོ་སྡོད་བྱེད་མཁན་གྱི་བོད་རིགས་ལ་ཁྲག་དམར་སྤྲི་དཀར་ནང་ཁྲག་ལིང་འགོག་བྱེད་ཀྱི་རིགས་རྫས་ (EPAS1) ཞེས་པ་ཡོད་སྟབས། སྙིང་ནད་དང་ཁྲག་ལིང་གི་ནད་གཞི་ལངས་བའི་ཉེན་ཁ་མེད། ཚན་རིག་པ་ཚོས་རིགས་རྫས་འདིར་རྟོག་ཞིབ་བྱས་པ་བརྒྱུད། འདི་ཁོ་ཚོའི་འགྲོ་བ་མི་རིགས་ཀྱི་འཕེལ་རིམ་འདྲ་གཟུགས་ནང་བཅུག་ན་འཇུག་པོ་མེད་པའི་དམིགས་བསལ་གྱི་རིགས་རྫས་ཤིག་ཡིན་པ་ངེས་ཤེས་རྙེད་ཡོད་ཀྱང་། རིགས་རྫས་ (EPAS1) ཞེས་པ་འདི་དང་ཌེ་ནི་སཱོ་ཝན་གྱི་རིགས་རྫས་གཉིས་གཤིབ་བསྡུར་བྱེད་སྐབས། རིགས་རྫས་གཉིས་ཀྱི་རིགས་རྒྱུན་གཅིག་མཚུངས་ཡིན་པ་ཤེས་རྟོགས་བྱུང་ཡོད། 

ང་ཚོས་དོན་དངོས་ཐོག་ཌེ་ནི་སཱོ་ཝན་གྱི་སྐོར་ལ་གང་ཡང་ཤེས་རྟོགས་ཐུབ་མེད།
ཌེ་ནི་སཱོ་ཝན་ནི་འགྲོ་བ་མིའི་ཁྱིམ་རྒྱུད་ཀྱི་རྒྱུས་མེད་ཡན་ལག་ཅིག་ཡིན། ང་ཚོས་ཁོ་ཚོའི་སྐོར་གྱི་ཤེས་བྱ་ནི་ལོ་ཤས་གོང་ཨེ་ཤ་ཡའི་ནུབ་ཁུལ་སེར་བྷེ་ཡའི (Siberia) བྲག་ཕུག་ཅིག་ནས་གསར་རྙེད་བྱུང་བའི་གནའ་བོའི་མི་རིགས་ཀྱི་མཛུབ་མོ་ཆུང་ཆུང་གཉིས་ཀྱི་མཛུབ་རྩེ་དང་སོ། དེ་བཞིན་ཞི་བདེ་རྒྱ་མཚོའི་ལྷོ་ནུབ་ཁུལ་གྱི་གདོད་མའི་རྒྱལ་ཁབ་པཱ་པུ་ (Papua New Guinea) ཡི་མི་རིགས་ཀྱི་རིགས་རྒྱུན་དང་། དེང་རབས་བོད་རིགས་ཀྱི་དམིགས་བསལ་རིགས་རྫས་ལ་སློབ་སྦྱོང་བྱས་ན་ཤེས་རྟོགས་ཐུབ་ཀྱི་རེད། ད་ལྟ་ཚན་རིག་པས་གདོད་མའི་མི་རིགས་ཌེ་ནི་སཱོ་ཝན་དང་དེང་རབས་མིའི་བར་ལུས་འབྲེལ་བྱུང་སྟེ། ཕྲུག་གུ་སྐྱེ་འཕེལ་གང་འདྲ་བྱས་ཡོད་མེད་རྟོག་ཞིབ་བྱ་རྒྱུ་ཙམ་མིན་པར། ཁོ་ཚོའི་ཕ་མ་སྤུན་ཕྲུག་སྐོར་ལ་ཏོག་ཙམ་ཤེས་རྟོགས་མང་བ་བྱས་ན་རང་གཞན་གཉིས་ཀར་ཕན་ཐོགས་ཆེ་བ་ཡོང་གི་རེད།  ཚན་རིག་པ་ནེལ་སཱན་ལགས་ཀྱིས། “ང་ཚོས་ལོ་ ༡༠༠༠༠ སྔོན་ལ་ད་ལྟའི་རིགས་རྒྱུན་ས་བོན་དེ་དེང་རབས་ཀྱི་འགྲོ་བ་མི་རིགས་ནང་ཡོད་པ་ཤེས་རྟོགས་བྱུང་ན། ང་ཚོས་སྐབས་དེར་ཌེ་ནི་སཱོ་ཝན་གྱི་མི་རིགས་འཛམ་གླིང་འདིའི་ཐོག་གསོན་གནས་བྱས་ཡོད་པ་ཤེས་ཀྱི་རེད། དེ་བཞིན་ང་ཚོས་གདོད་མའི་མི་རིགས་ཀྱི་གནས་ཡུལ་སྤོ་བཤུད་ཀྱི་དུས་ཚིགས་ལ་བལྟས་ཏེ། གདོད་མའི་མི་རིགས་དང་དེང་རབས་ཀྱི་མི་རིགས་བར་འབྲེལ་བ་གང་འདྲ་བྱུང་ཡོད་མེད་རྟོགས་སད་ཐུབ་ཀྱི་རེད།”ཅེས་བརྗོད་ཡོད།

ང་ཚོས་ངེད་ཅག་གི་འདས་པའི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་དགོས།
ད་ལྟའི་ཉམས་ཞིབ་ཀྱི་སྒྲུབ་བྱེད་གསར་པ་འདིས་ང་ཚོའི་ལོ་རྒྱུས་སྐོར་ལ་གནས་ཚུལ་གང་མང་ཞིག་འཆད་སྲིད་པ་ཞིག་རེད། གལ་སྲིད་གདོད་མའི་དུས་སྐབས་སུ་བོད་རིགས་དང་ཌེ་ནི་སཱོ་ཝན་གྱི་མི་རིགས་བར་ལུས་འབྲེལ་བྱས་ཡོད་ན། དེས་ག་རེ་གསལ་བཤད་བྱས་པ་རེད་ཟེར་ན། སྔོན་བྱོན་གྱི་བོད་རིགས་ཁ་ཤས་རིམ་གྱིས་ཞི་བདེ་རྒྱ་མཚོའི་ལྷོ་ནུབ་ཁུལ་གྱི་གདོད་མའི་རྒྱལ་ཁབ་པཱ་པུ་ (Papua New Guinea) ནང་གནས་སྤོ་དང་འབྲེལ་དེར་གཞིས་ཆགས་ནས་བསྡད་པ་མཚོན་ཡོད། གལ་ཏེ་ཉེ་ལམ་གདོད་མའི་ཌེ་ནི་སཱོ་ཝན་གྱི་མི་རིགས་དང་དེང་རབས་ཀྱི་མི་རིགས་བར་ལུས་འབྲེལ་བྱུང་ཡོད་ཚེ། ཌེ་ནི་སཱོ་ཝན་གྱི་མི་རིགས་འཛམ་གླིང་གི་ལྷོ་ཕྱོགས་ས་ཁུལ་དུ་འཚོ་སྡོད་བྱེད་སྐབས་འགྲོ་བ་མི་རིགས་དང་ལུས་འབྲེལ་བྱུང་ཡོད་པ་མ་ཟད། དེའི་རྗེས་རིམ་པས་ད་ལྟའི་ལྷོ་ཤར་ཨེ་ཤ་ཡའི་མི་རིགས་དང་དེ་ནས་ཨེ་ཤ་ཡའི་ནུབ་རྒྱུད་ནས་བོད་ནང་བསྐྱོད་དེ། བོད་རིགས་དང་ལུས་འབྲེལ་བྱུང་ཡོད་པ་གསལ་པོ་རེད། ཚན་རིག་པ་ནེལ་སཱན་ལགས་ཀྱིས། “ང་ཚོས་ཇི་ལྟར་བྱས་ཏེ་ཌེ་ནི་སཱོ་ཝན་གྱི་མི་རིགས་ཁྱབ་སྤེལ་བྱུང་ཡོད་མེད་ཐད་སློབ་སྦྱོང་བྱེད་དགོས། ད་ལྟ་ང་ཚོས་ཁོ་ཚོའི་སྐོར་ལ་ཤེས་རྟོགས་བྱུང་བ་དག་ནི། ཨེ་ཤ་ཡའི་ནུབ་ཁུལ་སེར་བྷེ་ཡའི་བྲག་ཕུག་ཅིག་ནས་གསར་རྙེད་བྱུང་བའི་གནའ་བོའི་མི་རིགས་ཀྱི་མཛུབ་མོ་ཆུང་ཆུང་གཉིས་ཀྱི་མཛུབ་རྩེ་དང་སོ། དེ་བཞིན་བོད་རིགས་ཀྱི་རིགས་རྫས་ཀྱི་གནས་བསྡུས་དཔྱད་གཞི་དང་ཞི་བདེ་རྒྱ་མཚོའི་ལྷོ་ནུབ་ཁུལ་གྱི་གདོད་མའི་རྒྱལ་ཁབ་པཱ་པུ་ (Papua New Guinea) ཡི་མི་རིགས་ཀྱི་རིགས་རྒྱུན་བཅས་ལས་ལྷག་པ་ད་བར་ང་ཚོས་ཁོ་ཚོའི་སྡོད་གནས་སོགས་གང་ཡང་ཤེས་རྟོགས་ཐུབ་མེད་སྟབས། ད་ལྟ་ང་ཚོས་ཁོ་ཚོས་ག་དུས་འགྲོ་བ་མི་རིགས་དང་མཉམ་དུ་གླེང་མོལ་བྱས་ཡོད་མེད་སྐོར་ལ་ཤེས་རྟོགས་འབྱུང་ཚེ། ང་ཚོས་ཁོ་ཚོ་སྔོན་མ་ག་པར་བསྡད་ཡོད་མེད་ཐད་གང་ཙམ་རྟོགས་ཐུབ་ཀྱི་རེད།” ཅེས་བརྗོད་ཡོད།

ཉམས་ཞིབ་ལ་རིམ་པ་གསུམ་ཡོད། 
ཉམས་ཞིབ་པས་གཤམ་འཁོད་གནད་འགག་ཅན་གྱི་དྲི་བ་གསུམ་པོ་དེར་ལན་རྒྱག་ཐུབ་པ་བྱེད་དགོས། དང་པོ། ཉམས་ཞིབ་པས་བོད་རིགས་དང་ཌེ་ནི་སཱོ་ཝན་གྱི་མི་རིགས་བར་ལུས་འབྲེལ་ཐོག་མ་ག་དུས་བྱུང་ཡོད་མེད་འཚོལ་ཞིབ་བྱེད་དགོས། གཉིས་པ། ཚན་རིག་པ་ཚོས་རིགས་རྫས་ (EPAS1) ཞེས་པ་འདིས་ལས་དོན་ག་རེ་སྒྲུབ་ཀྱི་ཡོད་མེད་རྟོགས་དགོས་པ་མ་ཟད། རིགས་རྫས་འདིས་བོད་རིགས་དག་རྒྱ་མཚོའི་ངོས་ནས་རྨི་ཌར་ ༤༠༠༠ ཡན་གྱི་ས་བབ་ནང་འཚོ་སྡོད་ཐུབ་པར་ནུས་པ་ག་རེ་སྟོན་གྱི་ཡོད་མེད་ཤེས་དགོས། གསུམ་པ། ཚན་རིག་པ་ཚོས་རིགས་རྫས་ (EPAS1) ཞེས་པས་བོད་རིགས་ཀྱི་རིགས་རྒྱུན་ (genome) ཁག་ལ་ཤུགས་རྐྱེན་གང་འདྲ་བཟོ་ཡི་ཡོད་མེད་འཚོལ་ཞིབ་བྱེད་དགོས། བོད་རིགས་ཀྱིས་ཁྲག་དམར་སྤྲི་དཀར་ཉུང་བ་ཐོན་སྐྱེད་བྱེད་ཀྱི་ཡོད་སྟབས། ཁོ་ཚོར་གུན་གསབ་སྤྲོད་མཁན་གྱི་རིགས་རྫས་གཞན་ཞིག་ཡོད་སྲིད་པ་ཞིག་རེད། དེར་བརྟེན། ཚན་རིག་པ་ཚོས་བརྟག་དཔྱད་བྱས་ནས་རིགས་རྫས་དེ་ཚོ་འཚལ་ཏེ། བོད་རིགས་ཚོས་ས་བབ་མཐོ་བའི་ཁོར་ཡུག་ནང་ཡུལ་དུས་དང་བསྟུན་ནས་འཚོ་སྡོད་གང་འདྲ་བྱེད་ཀྱི་ཡོད་མེད་ཤེས་རྟོགས་བྱེད་དགོས།

རིགས་མི་འདྲ་བའི་དཔེ་གཟུགས་ཀྱི་འཕེལ་རིམ།
ཚན་རིག་པ་ནེལ་སཱན་ལགས་ཀྱི་ཉམས་ཞིབ་ཀྱི་དམིགས་ཡུལ་ལྟེ་བ་ནི། རྩིས་རིག་དང་རྣམ་གྲངས་རིག་པའི་དཔེ་གཟུགས་ཤིག་བཟོས་ཏེ། བོད་རིགས་ཀྱི་རིགས་རྫས་ལ་དབྱེ་ཞིབ་བྱས་ཏེ། དེས་བོད་རིགས་དང་ཌེ་ནི་སཱོ་ཝན། དེང་རབས་མི་བཅས་ཀྱི་རིགས་རྫས་ལ་རྟོག་ཞིབ་བྱ་རྒྱུ་དེ་ཡིན་འདུག རྟོག་ཞིབ་དེ་བྱས་རྗེས་རྣམ་གྲངས་རིག་པའི་དཔེ་གཟུགས་དེས་གདོད་མའི་བོད་རིགས་དང་ཌེ་ནི་སཱོ་ཝན་བར་ལུས་འབྲེལ་བྱུང་སྟེ། ཌེ་ནི་སཱོ་ཝན་གྱི་རིགས་རྒྱུན་ལས་མཆེད་པའི་བོད་རིགས་ཀྱི་རིགས་རྫས་ (EPAS1) ཞེས་པ་ལས་ལྷག་པའི་རིགས་རྫས་གཞན་དེ་འདྲ་ད་བར་འབྱུང་ཡོད་མེད་ཐོག་རྟོག་ཞིབ་བྱས་ཏེ། ངེས་པ་རྙེད་པའི་ཐག་གཅོད་བྱེད་ཀྱི་རེད། དཔེ་གཟུགས་འདིས་བོད་རིགས་ལ་ཡོད་པའི་དམིགས་བསལ་ཅན་གྱི་རིགས་རྒྱུན་གྱི་རིང་ཚད་ལ་རྟོག་ཞིབ་བྱས་ཚེ། གདོད་མའི་མི་རིགས་ཀྱི་རིགས་རྫས་དེ་བོད་རིགས་ཀྱི་རིགས་རྒྱུན་ནང་མཉམ་བསྲེས་གང་འདྲ་བྱུང་ཡོད་མེད་ཤུགས་ཀྱིས་བསྟན་གྱི་རེད། རིགས་རྒྱུན་ས་བོན་གྱི་རིང་ཚད་ག་ཚོད་ཀྱིས་ཐུང་བ་ཡོད་པ་དེ་ཚོད་ཀྱིས་དུས་ཡུན་རིང་བ་ཕྱིན་ཡོད་པ་དང་། རིགས་རྒྱུན་ས་བོན་གྱི་རིང་ཚད་ག་ཚོད་ཀྱིས་རིང་བ་ཡོད་པ་ཙམ་གྱིས་དེ་ཚོད་ཀྱིས་རིགས་རྒྱུན་དེ་གསར་བ་ཡིན་པ་རྟོགས་ཐུབ་ཀྱི་ཡོད་པར་བརྟེན། བོད་རིགས་ལ་གདོད་མའི་མི་རིགས་ཀྱི་རིགས་རྫས་ (EPAS1) ཞེས་པའི་རིང་ཚད་ཀྱི་སྒྲུབ་ཆ་ཆ་ཚང་ལྡན་ཡོད་སྟབས།  ད་ལྟ་བོད་རིགས་ལ་ཌེ་ནི་སཱོ་ཝན་གྱི་མི་རིགས་བསྐྱར་དུ་སྐྱེ་འཕེལ་གཏོང་རྒྱུའི་ནུས་པ་ལྡན་ཡོད།

དཔེ་གཟུགས་འདི་ཚོ་འགྲོ་བ་མི་རིགས་གཞན་ལ་བཀོལ་སྤྱོད་བྱེད་ཆོག་གི་རེད།
ཉམས་ཞིབ་འདིར་དཔེ་གཟུགས་བཀོད་པ་འདི་ཚན་རིག་དང་མཐུན་པ་འགྲོ་བ་མི་རིགས་དང་དུད་འགྲོའི་རིགས་ཀྱི་རིགས་རྒྱུན་གྱི་འཕེལ་རིམ་ཁག་ལ་སློབ་སྦྱོང་བྱེད་བར་བཀོལ་སྤྱོད་བྱེད་ཐུབ་ཀྱི་རེད། ཚན་རིག་པ་ནེལ་སཱན་ལགས་ཀྱིས་དཔེ་གཟུགས་འདི་ཚོས་མི་དང་དུད་འགྲོའི་རིགས་ཀྱི་དྲི་རྟགས་སྣ་ཚོགས་ལ་ལན་རྒྱག་ཐུབ་ཀྱི་ཡོད་པ་མ་ཟད། ད་ལྟ་ང་ཚོས་འདི་ཚོ་བཀོལ་སྤྱོད་མ་གཏང་ན་ལན་གང་ཡང་རྒྱག་ཐུབ་ཀྱི་མེད་པར་འདོད་ཀྱི་ཡོད། ཚན་རིག་པ་ནེལ་སཱན་ལགས་ཀྱིས། “དཔེར་ན། ང་ཚོའི་གྲོགས་པོ་ཁ་ཤས་ཀྱིས་གྲང་ངར་ཆེ་བའི་གནམ་གཤིས་ནང་འཚོ་སྡོད་བྱེད་ཐུབ་མཁན་གྱི་གདོད་མའི་མི་རིགས་སྐོར་ལ་སློབ་སྦྱོང་བྱེད་བཞིན་ཡོད། སྟབས། ང་ཚོའི་དཔེ་གཟུགས་འདིས་རིགས་རྒྱུན་དང་རིགས་རྫས་ག་དུས་མཉམ་བསྲེས་དང་ག་ནས་རིགས་རྒྱུན་འཕེལ་ཡོད་མེད་ཐད་ཕན་ཐོགས་བསྐྲུན་ཐུབ་ཀྱི་ཡོད།”ཅེས་བརྗོད་ཡོད།

མ་རྩོམ་གྱི་འབྲེལ་ཐག  http://sciencenordic.com/when-did-tibetans-have-sex-prehistoric-humans

 

 

འབྲེལ་ཡོད་གསར་འགྱུར།

Mobile App

རིགས་ལམ་འཇུག་པའི་སྒོ་ཞེས་པའི་དེབ་ཅིག་དབུ་འབྱེད་གནང་སོང་།

ཆུ་ཚོད་ ༥ སྔོན་ལ།
ཐའེ་ཝན་གྱི་སྲིད་འཛིན་ལིས་ཆེིན་ཏི་མཆོག་གིས་ཐའེ་ཝན་རྒྱལ་ཁབ་བདེ་འཇགས་མཐོ་རིམ་གྲོས་ཚོགས་ཐོག་གསུང་བཤད་གནང་། དྲ་ལམ་གྱི་པར།
གསར་འགྱུར།

 བོད་དཔེ་རུ་བླངས་ཏེ་རྒྱ་ནག་ལ་འགོག་རྒོལ་དགོས་པའི་འབོད་སྐུལ་གནང་།

ཆུ་ཚོད་ ༥ སྔོན་ལ།
བོད་དོན་ལས་འགུལ་བསྟི་གནས་ཁང་གི་ཉམས་ཞིབ་པ་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་གཏམ་བཤད་གནང་བཞིན་པ། ༢༠༢༥།༡༡།༢༨ ཐད་གཏོང་ནས་པར་བླངས།
Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་བོད་དོན་གཏམ་བཤད་གནང་བར་རྒྱ་ནག་གིས་འགོག་ཐབས་བྱས།

ཆུ་ཚོད་ ༥ སྔོན་ལ།
Mobile App

༸སྐུའི་གོ་སྟོན་དང་བྱམས་བརྩེའི་ལོ་སྲུང་གཙིའི་སླད་པར་རིས་འགྲེམས་སྟོན་གནང་བཞིན་འདུག

༢༠༢༥/༡༡/༢༨
The date of issuance of the bank note is 2081 BS, which denotes the previous year, 2024.
Mobile App

བལ་སྒོར་བརྒྱ་ཐམ་པ་གསར་པ་ཞིག་བཏོན།

༢༠༢༥/༡༡/༢༨
Mobile App

རྐང་པ་འཛུགས་ས་ནས་འཁྱོགས་ཚར་བའི་སྐལ་རྡོར་ལགས།

༢༠༢༥/༡༡/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese