མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་དང་འོས་མི་རྩེད་ཆས་མ་རེད།

བོད་ཀྱི་དུས་བབ།
༢༠༡༥/༠༨/༢༤
Share on FacebookShare on TwitterShare on EmailShare on Whatsapp

བློ་གྲོས་རབ་བརྟན།

བཙན་བྱོལ་བོད་མིའི་སྲིད་སྐྱོང་དང་སྤྱི་འཐུས་འོས་བསྡུ་ཁྱབ་བསྒྲགས་བྱས་པ་བསྟུན། བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱིས་རང་གི་མངོན་འདོད་བསྒྲུབ་པའི་སྲིད་སྐྱོང་འོས་མི་ཞིག་མིང་འདོན་གནང་སྟེ། རང་གི་མངོན་འདོད་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ཏུ་བསྐྱེལ་ལ་འབད་རྒྱུ་རེད་བསམ། འོན་ཀྱང་དོན་ལ་དེ་ལས་ལྡོག་སྟེ་སྲིད་སྐྱོང་དང་སྲིད་སྐྱོང་འོས་མིའི་རྩེད་མོ་རྩེ་བཞིན་འདུག

སྐུ་ཞབས་ཀླུ་མཁར་བྱམས་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཟེར་བས་༢༠༡༦ ལོའི་སྲིད་སྐྱོང་གི་འོས་མིར་མིང་འདོན་གནང་འདུག་པས། ང་ཧང་སང་བ་དང་མཉམ་དུ་ཁོང་ཚོས་ཀླུ་བྱམས་དང་སྲིད་སྐྱོང་གི་རྩེད་མོ་རྩེ་བཞིན་འདུག་བསམས་ཏེ་ཁོང་ཁྲོ་འང་ལངས་སོང་། ཀླུ་བྱམས་སྲིད་སྐྱོང་གི་འོས་མི་ལ་ལངས་པ་རྒྱུད་ལམ་ཁག་ནས་ཤེས་རྟོག་བྱུང་ཡང་ཁོའི་རྒྱབ་ན་གོང་གི་ཚོགས་པ་དེ་ཡོད་པ་གང་ནས་ཤེས།

རང་བཙན་ཚོགས་པར་མཚོན་ན་ཚོགས་པའི་ཚོགས་ཁོངས་སུ་རྩོམ་པ་པོ་གྲགས་ཅན་འཇམ་དབྱངས་ནོར་བུ་དང་། དེ་མིན་འཇིགས་མེད་ཨོ་རྒྱན། བསྟན་འཛིན་བརྩོན་འགྲུས་སོགས་ང་ཡིན་ན་ཁྱོད་ཡིན་ཟེར་མཁན་བཅུ་གྲངས་ཤིག་ཡོད་ཚོད་རེད་ལ། དེ་དག་ལས་གཅིག་ངེས་པར་དུ་སྲིད་སྐྱོང་ལ་ལང་དགོས་ཏེ། ཚོགས་པ་དེའི་ལངས་ཕྱོགས་ནི་རང་བཙན་ཡིན་ཞིང་། ད་ལྟའི་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་ཇུས་ལ་སྐྱོན་བརྗོད་དང་མ་འགྲིག་མ་འཐུས་རྐྱང་ཤོད་འབྲི་བྱེད་མཁན་ཡིན་པས་སོ།། རང་ལ་ལངས་ཕྱོགས་དང་ལྟ་བ་ཡོད་པ་དེ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་ལ་བསྒྱུར་དགོས་པ་དེ་ཁྱོད་ཅག་གི་རེ་བ་ཉག་གཅིག་དེ་ཡིན་ངེས་ན། དེ་ཡོང་བའི་ཐབས་ལམ་དེ་མང་གཙོའི་ལམ་ནས་འོས་འདེམས་ཀྱི་སྲིད་སྐྱོང་འདི་རེད། ཁྱེད་ཅག་གི་ཁྲོད་ནས་མི་གཙོ་བོ་ཞིག་སྲིད་སྐྱོང་གི་འོས་མི་ལ་ལང་དགོས་པ་དེ་ད་ཐེངས་གཡོལ་དུ་མེད། འོན་ཀྱང་དེ་ལྟར་མ་བྱས་པར་ཀླུ་མཁར་བྱམས་སྲིད་སྐྱོང་གི་འོས་མི་ལ་བཏོན་པ་དེ་ཡ་མཚན་ཞིག་རེད།

ཐེངས་འདིའི་འོས་འདེམས་འདི་ཁྱེད་ཅག་གིས་གོ་སྐབས་ཤིག་ཡིན་པ་ཤེས་ཡོད་ལ། གོ་སྐབས་དེའི་ནང་རང་ཉིད་ཀྱི་གདོང་སྟོན་མ་ཐུབ་པ་དེ་ཅི་ཞིག་མ་འགྲིག་པ་རེད། ཤེས་ཡོན་དང་འཇོན་ཐང་། སྙན་གྲགས་བཅས་ཀྱི་ཆ་ནས་མ་འདང་བ་གང་ནས་ཡིན། ད་ཨོ་ན། རང་གི་ལྟ་བ་དང་ལངས་ཕྱོགས་ལ་ཡིད་ཆེས་མེད་པ་འམ། ད་བར་དུ་རང་བཙན་རང་བཙན་ཞེས་ལབ་བསྡད་པ་དེ་ཁ་ཙམ་མམ། ཡང་ན་རྒྱབ་ནས་ཅིག་བཤད་བསྡད་པ་ལས་མདུན་ལ་འཐོན་པར་གདེང་སྤོབས་མེད་པ་ཡིན་ནམ། གལ་ཏེ་འོས་མི་ལ་ལངས་ནའང་འོས་མ་ཐོབ་པ་ཡིན་ན་རང་གི་མཚན་སྙན་ལ་གནོད་པར་དོགས་ནས་ཡིན།

གོ་སྐབས་འདིར་རང་གི་མངོན་འདོད་འོས་འགྲན་གྱི་ལམ་ནས་རྒྱལ་ཕམ་བརྩད་རྒྱུའི་ཚབ་ལ། དེ་ལས་གཞན་པའི་གོ་སྐབས་ཤིག་ལ་འཇུ་བཞིན་ཡོད་དེ། ཀླུ་མཁར་བྱམས་ཀྱི་ཁོག་པ་ཁྱེད་ཅག་འཛུལ་བཞིན་སྲིད་སྐྱོང་གི་འོས་འགྲན་དུ་བརྫིངས་ཏེ། མང་ཁྲོད་དུ་དབུ་མའི་ལམ་གྱི་སྲིད་ཇུས་ལ་སྐྱོན་བརྗོད་དང་། ད་དུང་དེ་ལས་གཞན་པའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་མང་པོར་མ་འགྲིག་མ་འཐུས་པ་རྐྱང་བཤད་བཅུག་སྟེ། སྲིད་སྐྱོང་འོས་འགྲན་གྱི་བགྲོ་གླེང་ཁག་བསྐྱེལ་རྒྱུ་ཡིན་པ་རེད། དེར་བརྟེན་ཁྱེད་ཅག་གི་དམིགས་ཡུལ་ངོ་མ་དེ་ཡང་སྲིད་སྐྱོང་གི་རྒྱལ་ཁ་འཐོབ་དགོས་པ་དེ་མ་ཡིན་པར། མང་ཁྲོད་དུ་རང་གི་ལྟ་བ་དང་ལངས་ཕྱོགས་ཁྱབ་བསྒྲགས་བྱ་རྒྱུ་དེ་རེད།

ཀླུ་མཁར་བྱམས་ལ་མཚོན་ན། མི་དྲང་བོ་ཞིག་དང་ཁ་རུ་ཁ་ཐུག ཁ་བཤད་དང་ལག་ལེན་པར་ཧེ་བག་ཉུང་ཞིང་། རང་གི་སེམས་ཁམས་གཙང་མ་དེ་གཞན་ལའང་དེ་ལྟར་ཡོད་པར་ཡིད་ཆེས་རྒྱུ་མང་སོང་བས། ཐེངས་འདིར་རང་བཙན་ལྷན་ཚོགས་ཀྱི་ཆེན་པོ་དག་གིས་ལག་ཏུ་ཚུད་དེ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་ཀྱི་ཁ་གཏད་དུ་འདེད་དེ་གཏམ་བཤད་རིམ་པར་གནང་རྒྱུ་རེད། རྒན་པ་ཚོའི་ལྷག་བསམ་ཁོ་ནས་བསྐྲུན་པའི་བོད་མིའི་སྒྲིག་འཛུགས་འདི་མི་རབས་གསར་པའི་ལག་པར་སྤྲད་དེ། སྔར་ལས་ལྷག་པའི་ཡག་ཐོག་ཡག་བརྩེགས་ཡོང་ཕྱིར་ཐད་ཀར་རང་གི་སྲིད་སྐྱོང་འོས་འདེམས་བྱེད་བཅུག་ནའང་། མི་རབས་གསར་པ་ཚོས་སྲིད་སྐྱོང་འོས་འདེམས་འདི་རང་གི་བསམ་ཚུལ་དྲིལ་བསྒྲགས་བྱེད་ས་ཞིག་དང་། སྲིད་སྐྱོང་དང་སྲིད་སྐྱོང་འོས་མིའི་རྩེད་མོ་རྩེ་བཞིན་པ་འདི་རེད།

འབྲེལ་ཡོད་གསར་འགྱུར།

Mobile App

འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག

ཆུ་ཚོད་ ༢ སྔོན་ལ།
Press Statement From The Office of His Holiness The Dalai Lama
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་ནས་བྱུང་མེད་པའི་གསལ་བསྒྲགས་གནང་།

ཆུ་ཚོད་ ༦ སྔོན་ལ།
Delhi High Court, Image Representational (Photo/Shutterstock)
Mobile App

རྒྱ་གར་གྱི་མཐོ་རིམ་ཁྲིམས་ཁང་གིས་བོད་མི་ཞིག་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲོད་དགོས་པའི་བཀའ་ཁྱབ་བཏང་།

༢༠༢༦/༠༢/༠༧
Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༦
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

༢༠༢༦/༠༢/༠༦
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥

མཆན། 1

  1. གནས་ཚང་། says:
    ལོ་ 10 སྔོན།

    བློ་གྲོས་རབ་བརྟན་སྤྱང་པོ་ཆགས་ཤག གླེང་སྟངས་འདིའང་ཨ་ཚོགས་ཀླུ་མཁར་བྱམས་ལ་རྒྱབ་བསྐྱོར་གནང་སྟངས་གཞན་ཞིག་རེད། སྲིད་དོན་ནི་རྩེད་མོའི་ཁྲོད་ཀྱི་རིག་འཐབ་རབ་དེ་ཡིན་པས། ཚོགས་པ་སུ་ཡིན་ནའང་འོས་སུ་འདོན་བཞིན་པ་དག་ནི་བྱུང་ན་རྩེད་ཆས་སུ་བསྒྱུར་བསམ་བཞིན་པ་ནི་ཧ་ཅང་ཅང་། སྟབས་འགྲིག་ནས་ཨ་ཚོགས་ཀླུ་མཁར་བྱམས་ལགས་ནི་ད་རེས་ཀྱི་འོས་ཞུགས་པའི་ཁྲོད་ཀྱི་བྲན་གཡོག་གཤིས་ཀར་ངོ་རྒོལ་གནང་མཁན་གཅིག་པུ་དེ་ཡིན་པས། གཞན་ལག་ཏུ་ཚུད་པ་ཕར་ཞོག་གཞན་དག་རང་ལག་ཏུ་བཀུག་ནས་བོད་ནང་སྔ་རྗེས་བར་གསུམ་དུ་འོ་དོད་གནང་བཞིན་པའི་དགོས་འདུན་དེ་སྒྲུབ་འདོད་ཀྱིན་པ་ནི་གསལ་བོར་བརྗོད་ཀྱིན་པ་ལྟར་རེད། དྲང་པོར་ཞུས་ན། བོད་རང་བཙན་ལྷན་ཚོགས་ངོས་ནས་ཨ་ཚོགས་ཀླུ་མཁར་བྱམས་ལགས་འོས་སུ་བཏོན་པ་ནི་བོད་ནང་གི་དགོས་འདུན་ལ་གུས་བརྩི་གནང་བ་དང་གསར་འབྱོར་ཡང་མི་རུ་བརྩིས་པ། ཆོལ་ཁའི་ཕྱོགས་ཞེན་ཡང་རྒྱང་དུ་དོར་བ་ལྟ་བུར་མཐོང་གི་འདུག དེ་མིན་ད་དུང་སྐུ་ངོ་ཀླུ་མཁར་བྱམས་ལགས་ཀྱི་མཚན་མགོར་ཨ་མདོ་ཨ་ཚོགས་ཨ་ནུའམ་ཨ་མྱེ་སོགས་སྦྱོར་ཆོག་གི་ཡོད་པས། ཨ་ནི་ཡི་གེ་ཀུན་གྱི་མ་རུ་གྱུར་ཡོད་པ་ལྟར་རྟེན་འབྲེལ་འགྲིག་འདུག་བསམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese