མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འོས་བསྡུའི་སྒྲིག་གཞིར་གསལ་བཤད་དང་ལམ་སྟོན་གནང་སོང་།

བོད་ཀྱི་དུས་བབ།
༢༠༡༥/༠༩/༠༣
Share on FacebookShare on TwitterShare on EmailShare on Whatsapp

 

དབུས་འོས་བསྡུ་ལས་ཁང་ནས་འོས་གཞིའི་སྐྱེ་བོ་དང་དེའི་ཕྱོགས་གཏོགས་ཚོ་འོས་བསྡུའི་སྒྲིག་གཞི་དང་འགལ་གྱི་ཡོད་ན་དཔང་རྟགས་དང་བཅས་དབུས་སར་ཞུ་གཏུག་དགོས་པའི་འབོད་སྐུལ་གནང་སོང་།

 

111དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ པའི་སྟེང་གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་དུ། དབུས་འོས་བསྡུ་ལས་ཁང་གི་ངོས་ནས་ལོ་འདིའི་ཟླ་ ༦ ཚེས་ ༡༠ ཉིན་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༤ པའི་ནང་གསེས་༩ པ་སྟེ་འོས་བསྡུ་ཆེན་མོ་དང་འབྲེལ་བའི་ལམ་སྟོན་དོན་ཚན་ ༩ ཅན་ཞིག་གསལ་བསྒྲགས་གནང་བ་དང་། དེ་བཞིན་ཕྱི་ཟླ་ ༧ པའི་ཚེས་ ༢༥ ཉིན་ལམ་སྟོན་དོན་ཚན་ ༩ དང་འགལ་འཛོལ་བྱུང་བ་དངོས་ར་འཕྲོད་བྱུང་ཚེ། སྐབས་དང་བསྟུན་ནས་ཉེས་ཆད་ལག་བསྟར་གནང་རྒྱུ་ཡིན་སྐོར་གསལ་གསལ་བསྒྲགས་གནང་ཡོད་པ་ལྟར། འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༤ པའི་ནང་གསེས་ཁག་ཅིག་གི་ཐོག་མང་ཚོགས་ཁྲོད་གོ་བ་ལེན་ཕྱོགས་འདྲ་མིན་ཡོང་བཞིན་པར་གསལ་བཤད་དང་ལམ་སྟོན་གྱི་གསར་འགོད་གསལ་བསྒྲགས་ཤིག་གནང་སོང་།

 

གསར་འགོད་ལྷན་ཚོགས་ཐོག་དབུས་འོས་བསྡུའི་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་ཀྱིས་ཡིག་ཐོག་ནས་བསྒྲགས་གཏམ་སྒྲོགས་སྦྱངས་གནང་བའི་ནང་། འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༤ ཡི་ནང་གསེས་ ༢ པ་འོས་གཞིའམ་འོས་འཕེན་པའི་སྐྱེ་བོ་ལ་དྲག་ཤུགས་ཀྱི་འཇིགས་སྣང་སྐུལ་བ་ཡང་ན། སྐྱེ་བོ་གང་དག་འོས་གཞིར་འཛུལ་འཐེན་སོགས་ཀྱི་འོས་བསྡུའི་རང་དབང་ལ་ཐེ་བྱུས་འགལ་རྐྱེན་བྱེད་པའི་འགལ་འཛོལ་དངོས་ར་འཕྲོད་བྱུང་ཚེ། སྐྱེ་བོ་དེར་ལོ་ ༡༠ རིང་གཞུང་འབྲེལ་འོས་འཕེན་གྱི་ཐོབ་ཐང་འཕྲོག་རྒྱུའི་འགྲེལ་བཤད། “ འོས་གཞིའམ་འོས་འཕེན་པའི་སྐྱེ་བོ་ཞིག་ལ་ཐལ་ཆ་ཆེ་བའི་ལུས་ངག་གང་རུང་གི་དྲག་ཤུགས་ཀྱིས་འཇིགས་སྣང་བསྐུལ་ཏེ་དམངས་གཙོའི་གལ་གནད་ཆེ་ཤོས་འོས་བསྡུའི་རང་དབང་ལ་ཐེ་བྱུས་དང་། འགལ་རྐྱེན་བྱས་པར་བརྟེན་ནས་འོས་གཞིར་ལངས་མ་ཐུབ་པ་དང་། མི་འདོད་བཞིན་དུ་འོས་བསྡུ་བྱེད་དང་མི་བྱེད་པ་ཞིག་ལ་གོ་དགོས། ”

 

ནང་གསེས་ ༣ པ་འོས་གཞིའི་སྐྱེ་བོ་གཞན་ཞིག་གམ་དེའི་ཕྱོགས་གཏོགས། ཡང་ན་སྐྱེ་བོ་སུ་རུང་ནས་སྐྱེ་བོ་གཞན་ཞིག་ལ་འོས་བསྡུའི་རྒྱལ་ཁ་མ་ཐོབ་ཆེད། གཞི་མེད་སྒྲོ་བཏགས་ཀྱིས་སྐྱོན་བརྗོད་དམའ་འབེབས་བྱེད་པ་དང་། སྤྱི་ཚོགས་འཁོན་འཁྲུག་འབྱུང་གཞིའི་རྐྱེན་སློང་བ་སོགས་ཀྱི་འགལ་འཛོལ་དངོས་ར་འཕྲོད་བྱུང་ཚེ། འགལ་ཚབས་ཆེ་བར་ངོས་འཛིན་གྱིས་འོས་གཞི་སྐྱེ་བོ་དེའི་འོས་ཤོག་ཆ་ཚང་རྩིས་མེད་དང་། དེའི་ཕྱོགས་གཏོགས་ཚོར་ལོ་ ༡༠ རིང་གཞུང་འབྲེལ་སྡེ་ཚན་གང་དུའང་འོས་འཕེན་ཐོབ་ཐང་འཕྲོག་རྒྱུ་ཡིན་པའི་འགྲེལ་བཤད། “འོས་གཞིའི་སྐྱེ་བོ་གཞན་ཞིག་གམ། དེའི་ཕྱོགས་གཏོགས། གཞན་ཡང་སྐྱེ་བོ་སུ་རུང་ནས་སྐྱེ་བོ་གཞན་ཞིག་ལ་འོས་བསྡུའི་རྒྱལ་ཁ་མ་ཐོབ་པའི་བསམ་སྦྱོར་ངན་པས་ཀུན་ནས་བླངས་ཏེ་གཞི་མེད་སྒྲོ་བཏགས་ཀྱིས་སྐྱོན་བརྗོད་དམའ་འབེབས་བྱེད་པ་དང་། ལུང་ཚན། ཆོས་བརྒྱུད། སྤྱི་ཚོགས་བཅས་ཀྱི་དབར་དབྱེན་སྦྱོར་གྱིས་ཕན་ཚུན་འཁོར་འཁྲུག་ས་གནང་གང་ཞིག་ཏུ་དངོས་སུ་བྱུང་སྟེ་དེའི་རྐྱེན་གྱིས་ས་གནས་གཞན་དུའང་གཅིག་མཚུངས་ཕན་ཚུན་འཁོན་འཁྲུག་གཅིག་མཇུག་གཉིས་ལངས་ཀྱིས་སྤྱི་ཚོགས་ཟང་ཟིང་དངོས་སུ་བྱུང་བ་ཞིག་ལ་གོ་བ་ཡིན།”

 

ནང་གསེས་ ༥ པ་འོས་གཞི་སུ་ཐད་ནས་འོས་བསྡུའི་ལས་དོན་སྐོར་མི་མང་སྐོང་ཚོགས་ཀྱིས་དྲང་བདེན་མིན་པའི་གནས་ཚུལ་གསལ་བསྒྲགས་དང་ཡིག་ཆ་འགྲེམས་སྤེལ་གྱི་འགལ་འཛོལ་དངོས་ར་འཕྲོད་བྱུང་ཚེ། ཉེས་ཆད་ནི་འོས་མི་དེའི་འོས་ཐོབ་ཆ་ཚང་རྩིས་མེད་གཏོང་རྒྱུའི་འགྲེལ་བཤད། “འོས་མི་དེའི་ཐོབ་ཆ་རྩིས་མེད་ཀྱི་ཉེས་ཆད་གཏོང་རྒྱུའི་འགྲེལ་བཤད་དུ། འོས་གཞི་སུ་ཐད་ནས་དབུས་སའི་འོས་བསྡུའི་ལས་དོན་བྱེད་ཕྱོགས་ཐོག་དྲང་བདེན་མིན་པའི་གནས་ཚུལ་ཁྱབ་སྤེལ་བྱེད་པ་དང་། ཁུངས་མེད་ཡིག་ཆ་འགྲེམས་སྤེལ་བྱེད་པ་ཞིག་ལ་གོ་བ་ཡིན།”

 

གནང་གསེས་ ༨ པ་འོས་བསྡུའི་ལས་རིམ་གསལ་བསྒྲགས་ཟིན་པའི་ཉིན་མོ་ནས་སྲིད་སྐྱོང་དང་བཀའ་བློན། སྤྱི་འཐུས་བཅས་འབྲེལ་ཡོད་འོས་གཞིའི་ནང་ཞུགས་བློ་ཡོད་ཚེ། སྒྲིག་འཛུགས་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་འོས་བསྡུ་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུའི་ནང་། གཞུང་འབྲེལ་གྱི་ངོ་བོར་ཚོགས་བཅར་མི་ཆོག་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་དང་དངུལ་དངོས་གང་ཡང་བེད་སྤྱོད་གཏོང་མི་ཆོག གཞུང་འབྲེལ་ཕྱོགས་སྐྱོད་ཀྱི་སྐབས་སུ་འོས་བསྡུ་དང་འབྲེལ་བའི་གཏམ་བཤད་བྱེད་མི་ཆོག ས་གནས་གང་དུའང་དེ་ལྟར་བྱས་འཛོལ་དངོས་ར་འཕྲོད་པ་བྱུང་ཚེ། འོས་གཞི་དེར་ས་གནས་དེའི་འོས་ཐོབ་ཆ་ཚང་རྩིས་མེད་གཏོང་རྒྱུའི་འབྲེལ་ཡོད་ལམ་སྟོན། “གཞུང་འབྲེལ་ཕྱོགས་བསྐྱོད་སྐབས་འོས་བསྡུ་དང་འབྲེལ་བའི་གཏམ་བཤད་རིགས་བྱ་མི་ཆོག་ཅེས་པ་ལ། གཞུང་འབྲེལ་ཕྱོགས་བསྐྱོད་སྐབས་སུ་ལས་དོན་དེ་དང་འབྲེལ་བའི་གནད་དོན་ཁོ་ན་མ་གཏོགས། དེ་མིན་དངོས་སུ་སོ་སོ་རང་ཉིད་ལ་འོས་བསྡུའི་རྒྱལ་ཁ་ཐོབ་ཆེད་འདས་པའི་ལས་དོན་བྱས་འབྲས་དང།  མ་འོངས་བྱེད་འཆར་སོགས་ཀྱི་གཏམ་བཤད་རིགས་སྐབས་དུས་གང་དུ་ཡང་དངོས་ཤུགས་བརྒྱུད་གསུམ་ནས་མི་ཆོག་པ་ལ་གོ་བ་ཡིན། གལ་སྲིད་གཞུང་འབྲེལ་ཕྱོགས་བསྐྱོད་སྐབས་ས་གནས་སུ་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་གང་རུང་གིས་འོས་བསྡུ་དང་འབྲེལ་བའི་བགྲོ་གླེང་གོ་སྒྲིག་ཐོག་གདན་ཞུ་བྱུང་རིགས་གཞུང་འབྲེལ་ལས་དུས་ལ་དོ་ཕོགས་མེད་ཚེ་སྒེར་ངོས་ནས་བསྐྱོད་འཐུས།”ཅེས་དང་།

 

ཡང་འོས་བསྡུ་དང་འབྲེལ་བའི་ལམ་དོན་དོན་ཚན་ ༩ བའི་ནང་གསེས་གཉིས་པ། གཞུང་འབྲེལ་ངོས་ལེན་ཡོད་པའི་ཚོགས་པ་ཁག་ཕུད་སྤྱི་སྒེར་སུ་ནས་སྲིད་སྐྱོང་དང་སྤྱི་འཐུས་འོས་མིའི་ཡིག་ཐོག་ཆོག་མཆན་མེད་པར་ས་གནས་གང་དུ་ཡང་རྒྱབ་གཉེར་གསལ་བསྒྲགས་དང་དེ་འབྲེལ་འགྲོ་སོང་གཏོང་མི་ཆོག ཆོག་མཆན་ཡོད་པའི་འགྲོ་སོང་ཁག་འོས་གཞིར་ཡོད་པའི་སྐྱེ་བོ་དེའི་འོས་བསྡུ་དང་འབྲེལ་བའི་འགྲོ་གྲོན་རྩིས་ཁྲའི་ཁོངས་སུ་བརྩི་དགོས། དེ་ལྟར་འགལ་འཛོལ་དངོས་ར་འཕྲོད་བྱུང་ཚེ། སྒྲིག་དོན་ལོ་ལྔ་རིང་གཞུང་འབྲེལ་སྡེ་ཚན་གང་དུ་ཡང་འོས་འཕེན་ཐོབ་ཐང་འཕྲོག་རྒྱུའི་སྐོར་གྱི་འགྲེལ་བཤད། “བོད་མིའི་སྒྲིག་འཛུགས་ནས་ངོས་ལེན་ཡོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནི། དབུས་གཙང་དང་། མདོ་སྟོད།  མདོ་སྨད། བོད་ཀྱི་གཞོན་ནུ་ལྷན་ཚོགས། བོད་ཀྱི་བུད་མེད་ལྷན་ཚོགས། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། མངའ་རིས་སྤྱི་མཐུན་ཚོགས་པ། བོད་ཀྱི་རྒྱལ་ཡོངས་ཆིག་བསྒྲིལ་ཚོགས་པ། བོད་ཀྱི་རྒྱལ་ཡོངས་ཆབ་སྲིད་བཙོན་གྲོལ་ཚོགས་པ། བལ་ཡུལ་སྤོག་ར་གློ་སྒྲིག་བདེ་དོན་བཅས་དབུས་ཚོགས་པ་བཅུ་གཅིག་ལ་གོ་བ་ཡིན། གཞན་ཡང་འོས་གཞིའི་སྐྱེ་བོ་དེས་རྒྱབ་སྐྱོར་གསལ་བསྒྲགས་བྱེད་འཐུས་ཆོག་པའི་ཡིག་ཐོག་ཆོག་མཆན་གནང་བའི་ངོ་བཤུས་འབྲེལ་ཆགས་ས་གནས་འོས་བསྡུ་ལས་ཁང་དུ་ངེས་འབུལ་དགོས་པ་ཡིན།”

 

གསུམ་པ། འོས་མིའི་འོས་བསྡུའི་དྲིལ་བསྒྲགས་དང་འབྲེལ་བའི་བྱུང་སོང་རྩིས་ཁྲ་མཐའ་དག་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་མ་ཟིན་གོང་འོས་མི་ཡོང་ཁུངས་སོ་སོའི་ས་གནས་འོས་བསྡུ་ལས་ཁང་དུ་འབུལ་དགོས། བྱུང་སོང་རྩིས་ཁྲ་མཐའ་དག་རྩིས་ཞིབ་སྐབས་དགོས་མཁོའི་རྒྱབ་ལྗོངས་དན་རྟགས་མཉམ་སྦྱར་དགོས་པ་ལྟར། དགོས་ངེས་རྣམས་ཆ་ཚང་ཁམས་གཙང་དུས་ཐོག་མ་ཕུལ་བ་ཡིན་ན། འོས་གཞི་སྐྱེ་བོ་གང་དེའི་འོས་ཐོབ་ཀྱི་བརྒྱ་ཆ་ ༡༠ གཅོག་རྒྱུའི་སྐོར་གྱི་འབྲེལ་ཡོད་ལམ་སྟོན། “འོས་གཞི་སྐྱེ་བོ་སོ་སོའི་འོས་བསྡུའི་དྲིལ་བསྒྲགས་དང་འབྲེལ་བའི་བྱུང་སོང་རྩིས་ཁྲ་ཁམས་གཙང་དུས་ཐོག་ཕུལ་མིན་དང། དངུལ་འབོར་ཚད་གཞི་ལས་བརྒལ་མིན། དངུལ་འབོར་ཁྲིམས་མཐུན་ཡིན་མིན་བཅས་ལ་ས་གནས་འོས་བསྡུ་ལས་ཁང་གིས་ཞིབ་འཇུག་གང་གནང་བ་དེར་རྩ་འཛིན་ཞུ་དགོས།”

 

བཞི་བ། སྲིད་སྐྱོང་དང་སྤྱི་འཐུས་སུ་འོས་པའི་མི་འགྲོ་དམིགས་འཛུགས་ཀྱིས་རྒྱབ་གཉེར་ཡིག་ཆ་དང་དྲིལ་བསྒྲགས་སྦྱར་ཡིག་སོགས་ལ་འགལ་འཛོལ་རིགས་དངོས་ར་འཕྲོད་བྱུང་ཚེ། ལོ་ལྔ་རིང་གཞུང་འབྲེལ་སྡེ་ཚན་གང་དུ་ཡང་འོས་འཕེན་ཐོབ་ཐང་འཕྲོག་རྒྱུའི་ཉེས་ཆད་སྐོར་ལ་འབྲེལ་ཡོད་ལམ་སྟོན། “སྲིད་སྐྱོང་ངམ། སྤྱི་འཐུས་སུ་འོས་པའི་མི་འགྲོ་དམིགས་འཛུགས་ཀྱིས་རྒྱབ་གཉེར་གསལ་བསྒྲགས་ཡིག་ཆ་དང། ལྟེབ་ཤོག་འགྲེམ་སྤེལ། གྱང་སྦྱོར་པར་རིས་གསལ་བསྒྲགས་སོགས་ཀྱི་ནང་འགྲེམ་སྤེལ་དང་དཔར་སྐྲུན་བྱེད་པོ་སུ་རུང་གི་མིང་དང་ཁ་བྱང་ཁ་གསལ་ངོས་འཛིན་ཐུབ་པ་འབྲི་བཀོད་མེད་པའི་རིགས་ཡིག་འཁྱམ་དུ་ངོས་འཛིན་ཞུ་རྒྱུ།”

 

ལྔ་བ། འོས་གཞིར་ཞུགས་མཁན་སུ་ཐད་ནས་ཀྱང་སྐབས་དོན་སོ་སོར་འོས་བསྡུའི་རྒྱལ་ཁ་ཐོབ་ཆེད་དུ་དྲིལ་བསྒྲགས་ཡིག་ཆའི་ཐོག་༧གོང་ས་མཆོག་གི་སྐུ་པར་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་རྟགས། རྒྱལ་དར་དང་བོད་ཀྱི་ས་ཁྲ་བཅས་བེད་སྤྱོད་བྱེད་མི་ཆོག གལ་སྲིད་དེ་འདྲའི་བྱས་འཛོལ་དངོས་ར་འཕྲོད་པ་བྱུང་ཚེ། འོས་གཞི་སྐྱེ་བོ་གང་དེའི་འོས་ཐོབ་ཀྱི་བརྒྱ་ཆ་ ༥ རྩིས་མེད་གཏོང་རྒྱུའི་ཉེས་ཆད་སྐོར་གྱི་འབྲེལ་ཡོད་ལམ་སྟོན། “དེ་ལྟར་བེད་སྤྱོད་མི་ཆོག་ཅེས་པའི་གཙོ་གནད་ནི་རང་ཉིད་འོས་བསྡུའི་རྒྱལ་ཁ་ཐོབ་ཆེད་དུ་དམིགས་ཏེ་རྒྱབ་ལྗོངས་ལ་གསར་དུ་གོང་གསལ་པར་རིས་དེ་དག་བེད་སྤྱོད་མི་ཆོག་པ་ལས། རང་གི་མི་ཚེའི་བྱུང་བའི་ནང་ལས་དོན་སྐབས་དང་ལས་དོན་སྒྲུབ་ཡུལ་སོགས་སུ་པར་རིས་དེ་དག་ཡོད་པ་ཙམ་ལ་གོ་བ་མིན། པར་བསྐྲུན་དང་འགྲེམ་སྤེལ་བྱེད་མཁན་གྱི་མིང་བྱང་ཁ་གསལ་མེད་ཚེ་རྩིས་མེད་གཏོང་རྒྱུ། གལ་སྲིད་སྐྱེ་བོ་སུ་རུང་ནས་དེ་ལྟར་བྱས་འཛོལ་དངོས་ར་འཕྲོད་པ་བྱུང་ཚེ་ལོ་ ༥ རིང་གཞུང་འབྲེལ་སྡེ་ཚན་གང་དུ་ཡང་འོས་འཕེན་པའི་ཐོབ་ཐང་འཕྲོག་རྒྱུ།”

 

བདུན་པ། འོས་བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་བྱེད་སྒོ་ཁག་གནས་ཡུལ་རྒྱལ་ཁབ་སོ་སོའི་ཡུལ་ཁྲིམས་དང་མ་འགལ་བ་བྱེད་པར་འགལ་འཛོལ་དངོས་ར་འཕྲོད་པ་བྱུང་ཚེ། འོས་གཞི་དེར་ལོ་ལྔ་རིང་འོས་གཞིར་ཞུགས་རྒྱུའི་ཐོབ་ཐང་དང་། གཞན་སྐྱེ་བོ་སུ་རུང་ལ་ལོ་ལྔ་རིང་གཞུང་འབྲེལ་སྡེ་ཚན་གང་དུ་ཡང་འོས་འཕེན་ཐོབ་ཐང་འཕྲོག་རྒྱུའི་ཉེས་ཆད་སྐོར་གྱི་ལམ་སྟོན། “དེ་ལྟའི་གནས་སྟངས་བྱུང་ཚེ་ས་གནས་འོས་བསྡུ་ལས་ཁང་དང་མང་ཚོགས་ནས་པར་རིས་དང། གསལ་བསྒྲགས་ཡིག་ཆ་རྣམས་འཕྲལ་མར་བཀོག་སྟེ་མ་འོངས་པའི་དགོས་མཁོའི་ཆེད་ཉར་ཚགས་བྱེད་དགོས།”ཞེས་གསུངས་སོང་།

 

མཇུག་ཏུ་ཁོང་གིས་འོས་བསྡུ་དང་འབྲེལ་བའི་འབོད་སྐུལ་གནང་དོན། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་སྤྱི་དང། ལྷག་དོན་འོས་སྒྲིག་དོན་ཚན་ ༢༤ ནང་གསེས་ཁག་དང་བཅས་པར་དབུས་འོས་བསྡུ་ལས་ཁང་ནས་གཏན་འབེབས་ལམ་སྟོན་གནང་བ་ཁག་ལ་སྐྱེ་བོ་སུ་རུང་གིས་ས་གནས་གང་དུ་འགལ་འཛོལ་བྱས་པ་དངོས་ར་འཕྲོད་པ་བྱུང་ཚེ། དཔང་རྟགས་དང་བཅས་པ་སྐབས་འཕྲལ་ས་གནས་འོས་བསྡུ་ལས་ཁང་དུ་སྙན་གསན་ཞུ་དགོས་པ་ཡིན། དེ་མིན་སྐྱེ་བོ་སུ་རུང་ལ་བོད་མིའི་ཡ་རབས་བཟང་སྤྱོད་དང་འགལ་ཞིང་། བོད་མི་ནང་ཁུལ་དབྱེན་སྦྱོར་དཀྲུགས་ཤིང་གི་གཞིར་གྱུར་བའི་དྲང་བདེན་མིན་པའི་སྐྱོན་བརྗོད་དང། དམའ་འབེབས་ཟུར་ཟ་སོགས་དགྲ་དགའ་གཉེན་སྡུག་གི་འཆལ་གཏམ་རིགས་དྲ་ལམ་སོགས་སུ་གང་བྱུང་མི་སྤེལ་བའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

 

དེ་རྗེས་དྲི་བ་དྲིས་ལན་གྱི་སྐབས་སུ། གསར་འགོད་པ་ཞིག་གིས་གཞུང་འབྲེལ་གྱི་སྡིངས་ཆ་བེད་སྤྱོད་བཏང་ནས་སོ་སོའི་འདས་པའི་ལས་དོན་དང་མ་འོངས་ལས་འཆར་སོགས་དྲིལ་བསྒྲགས་བྱས་པ་དེ་འགྲིག་གི་མ་རེད་གསུང་གིན་ཡོད་ཀྱང་། མི་མང་གི་ངོས་ནས་ཡར་འོས་བསྡུ་ལས་ཁང་ལ་དེ་འདྲ་བྱས་སོང་ཞེས་སྙན་སེང་ཞུ་རྒྱུ་དཀའ་ལས་ཁག་པོ་རེད་བསམ་གྱི་ཡོད། གཞུང་འབྲེལ་གྱི་སྡིངས་ཆ་བེད་སྤྱོད་བཏང་ན་གཞུང་འབྲེལ་བརྙན་པར་སྡེ་ཚན་དང་གསར་འགོད་པ་ཡོད་དུས། འོས་བསྡུ་ལས་ཁང་ནས་འགན་ག་རེ་བྱས་ནས་ཁུར་ཐུབ་ཀྱི་མེད་པ་རེད། ཅེས་འདྲི་པར། འདིའི་གོང་ལ་གནས་ཚུལ་དེའི་ས་མཚམས་གསལ་བོ་ཆགས་ཡོད་པ་རེད་བསམ་གྱི་ཡོད། ཡིན་ན་ཡང་། ང་ཚོ་དབུས་འོས་བསྡུ་ལས་ཁང་ལ་མི་གསུམ་མ་གཏོགས་ཡོད་པ་མ་རེད། ས་གནས་ཆ་ཚང་ལ་འོས་བསྡུ་ལས་བྱེད་ཡོད་བསྡད་པ་ཞིག་རེད། ས་གནས་འོས་བསྡུ་ལས་ཁང་ནས་འགན་གཙོ་བོ་ལེན་དགོས་དང་། ས་གནས་གང་ནས་གནས་ཚུལ་བྱུང་བ་ཡིན་ན་ང་ཚོས་དེ་ལ་ངོས་འཛིན་བྱེད་དགོས་པ་ཞིག་དང་། དེ་ལས་མང་ཆེ་ཤོས་མི་མང་ཆགས་ཡོད་དུས་མི་མང་གི་ངོས་ནས་འགན་ཁུར་དགོས་པ་ཞིག་རེད། ང་ཚོས་འགན་ཁུར་གྱི་མིན་ཞེས་ལབ་ཀྱི་ཡོད་པ་མ་རེད། ཨམ་མཆོག་དང་མིག་མང་ཆེ་ཤོས་དེ་མི་མང་ལ་ཡོད་པ་རེད། དེ་ནས་ས་གནས་འོས་བསྡུ་ལས་ཁང་ཁག་ཆགས་ཡོད་པ་རེད། ང་ཚོ་དབུས་ལ་མི་གསུམ་མ་གཏོགས་མེད་དུས་ང་ཚོ་ཚང་མས་ཧུར་ཐག་བྱེད་དགོས་པ་ཞིག་ཆགས་བསྡད་ཡོད་པ་རེད། ཅེས་བརྗོད་སོང་།

 

གཞན་ཡང་། ལྷན་ཚོགས་ཐོག་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་ལས་རོགས་བསྟན་འཛིན་ཆོས་འཕེལ་ལགས་ཀྱིས་སྲིད་སྐྱོང་འོས་བསྡུའི་དུས་ཚེས་དང་ལས་རིམ་གཏན་འབེབས་སྒྲོག་སྦྱངས་གནང་ནང་།

༡༽ འོས་བསྡུའི་ལས་དོན་བྱེད་ཕྱོགས་དང་ལས་རིམ་གཏན་འབེབས་རེའུ་མིག་ས་གནས་ཁག་ལ་གཏོང་རྒྱུའི་དུས་ཚེས་༢༠༡༥ ལོའི་ཟླ་ ༩ ཚེས་ ༢༦ ཉིན།

༢༽ གོང་གསལ་བཀོད་ཁྱབ་ས་གནས་སུ་འབྱོར་རྒྱུའི་ལམ་འགོར་དུས་ཚེས་༢༠༡༥ ལོའི་ཟླ་ ༩ ཚེས་ ༢༧ ནས་ཟླ ༡༠ ཚེས་ ༦ ཉིན།

༣༽ ས་གནས་སུ་མང་ཚོགས་འདུ་འཛོམས་དང་དྲིལ་བསྒྲགས་བྱ་རྒྱུའི་དུས་ཚེས་༢༠༡༥ ལོའི་ཟླ་ ༡༠ ཚེས་ ༧ ཉིན་ནས་ཚེས་ ༡༧ ཉིན།

༤༽ སྲིད་སྐྱོང་གི་སྔོན་འགྲོའི་འོས་དམིགས་འདེམས་སྒྲུག་གིས་འོས་བསྡུ་བྱ་རྒྱུའི་དུས་ཚེས་༢༠༡༥ ལོའི་ཟླ་ ༡༠ ཚེས ༡༨ ཉིན།

༥༽ ས་གནས་སུ་སྔོན་འགྲོའི་འོས་ཤོག་གྲངས་བཤེར་བྱ་རྒྱུའི་དུས་ཚེས་༢༠༡༥ ལོའི་ཟླ་ ༡༠ ཚེས་ ༡༩ ཉིན་ནས་ཚེས་ ༢༦ ཉིན།

༦༽  སྔོན་འགྲོའི་འོས་ཤོག་བྱུང་སོང་བསྡད་གསུམ་གྱི་གནས་སྟངས་དང་གྲངས་བཤེར་ཕྱོགས་བསྡོམས་དབུས་འོས་བསྡུ་ལས་ཁང་དུ་དུས་བཀག་ནང་ཚུན་འབུལ་འབྱོར་ཐུབ་པ་དགོས་རྒྱུའི་དུས་ཚེས་༢༠༡༥ ལོའི་ཟླ་ ༡༠ ཚེས་ ༢༧ ཉིན་ནས་ཟླ་ ༡༡་ ཚེས་ ༡༣ ཉིན།

༧༽ ས་གནས་ཁག་ནས་འོས་དམིགས་ཕྱོགས་བསྡོམས་འབྱོར་བསྡད་རྣམས་དབུས་ནས་ངང་བསྒུག་བྱ་རྒྱུའི་དུས་ཚེས་༢༠༡༥ ལོའི་ཟླ་ ༡༡་ ཚེས་ ༡༤ ཉིན་ནས་ཚེས ༡༩ ཉིན།

༨༽ དབུས་འོས་བསྡུ་ལས་ཁང་ནས་སྔོན་འགྲོའི་འོས་ཤོག་གྲངས་བཤེར་ཕྱོགས་བསྡོམས་བྱ་རྒྱུའི་དུས་ཚེས་༢༠༡༥ ལོའི་ཟླ་ ༡༡ ཚེས་ ༢༠ ནས་ཟླ་ ༡༢  ཚེས་ ༤ ཉིན།

༩༽ དབུས་འོས་བསྡུ་ལས་ཁང་ནས་སྔོན་འགྲོའི་འོས་གཞི་གསལ་བསྒྲགས་ས་གནས་ཁག་ཏུ་གཏོང་ཚེས་དང་དངོས་གཞིའི་འོས་དམིགས་གསལ་བསྒྲགས་མ་བྱས་པར་གྱི་དུས་ཡུན་དེའི་རིང་ས་གནས་འོས་བསྡུ་ལས་ཁང་སོ་སོའི་ཁྱབ་ཁོངས་སུ་དངོས་གཞིར་ཞུགས་མཁན་རྣམས་ཀྱི་ངོ་སྤྲོད་ལོ་རྒྱུས་སྙིང་བསྡུས་དང་། ཉེ་ཆར་རྒྱབ་པའི་ཕྱེད་པར་ཚོན་ཁྲ་ཅན་རེ་བསྡུ་ལེན་གྱིས་དབུས་འོས་བསྡུ་ལས་ཁང་དུ་འབུལ་དགོས་པ་དང་། འོས་གཞིར་ཞུགས་འདུན་མེད་རིགས་ནས་དགོངས་ཤོག་འབུལ་རྒྱུའི་དུས་ཚེས་༢༠༡༥ ལོའི་ཟླ་ ༡༢ ཚེས་ ༥ ཉིན་ནས་ཚེས་ ༢༤ ཉིན།

༡༠༽ དབུས་འོས་བསྡུ་ལས་ཁང་ནས་དངོས་གཞིའི་འོས་གཞི་གསལ་བསྒྲགས་བྱ་རྒྱུའི་གྲ་སྒྲིག་དུས་ཚེས་༢༠༡༥ ལོའི་ཟླ་ ༡༢ ཚེས་ ༢༥ ཉིན་ནས་ ༢༠༡༦ ལོའི་ཟླ་ ༢ ཚེས་ ༢ ཉིན།

༡༡༽ དབུས་འོས་བསྡུ་ལས་ཁང་ནས་དངོས་གཞིའི་འོས་གཞི་གསལ་བསྒྲགས་བྱ་རྒྱུའི་དུས་ཚེས་༢༠༡༦ ལོའི་ཟླ་ ༢ ཚེས་ ༣ ཉིན།

༡༢༽ དངོས་གཞིའི་འོས་གཞི་གསལ་བསྒྲགས་བྱ་རྒྱུའི་དུས་ཚོད་དང་། འོས་ཤོག་ས་གནས་སུ་འགྲེམས་གཏོང་གི་འགོར་ཡུན་དུས་ཚེས་༢༠༡༦ ལོའི་ཟླ་ ༢ ཚེས་ ༤ ཉིན་ནས་ཟླ་ ༣ ཚེས ༡༩ ཉིན།

༡༣༽ སྲིད་སྐྱོང་གི་དངོས་གཞིའི་འོས་བསྡུ་ཆེན་མོའི་དུས་ཚེས་ཏེ་ ༢༠༡༦ ལོའི་ཟླ ༣ ཚེས་ ༢༠ ཉིན།

༡༤༽ ས་གནས་སོ་སོའི་དངོས་གཞིའི་འོས་བསྡུ་མཇུག་བསྒྲིལ་གྱིས་འོས་ཤོག་གྲངས་བཤེར་ཕྱོགས་བསྡོམས་བྱ་རྒྱུའི་དུས་ཚེས་༢༠༡༦ ལོའི་ཟླ་ ༣ ཚེས་ ༢༡ ཉིན་ནས་ཚེས་ ༢༧ ཉིན།

༡༥ ༽ ས་གནས་ནས་འོས་ཤོག་བྱུང་སོང་བསྡད་གསུམ་གྱི་གནས་སྟངས་དང་། འོས་ཤོག་གྲངས་བཤེར་མཐའ་མའི་གྲུབ་འབྲས་བཅས་དབུས་འོས་བསྡུ་ལས་ཁང་དུ་དུས་བཀག་ནང་ཚུན་འབུལ་འབྱོར་དགོས་རྒྱུའི་དུས་ཚེས་༢༠༡༦ ལོའི་ཟླ་ ༣ ཚེས་༢༨ ཉིན་ནས་ཟླ་ ༤ ཚེས་ ༡༡ ཉིན།

༡༦༽ དབུས་འོས་བསྡུ་ལས་ཁང་ནས་དངོས་གཞིའི་འོས་ཤོག་གྲངས་བཤེར་ཕྱོགས་བསྡོམས་བྱ་རྒྱུའི་དུས་ཚེས་དེ་ ༢༠༡༦ ལོའི་ཟླ་ ༤ ཚེས་ ༡༢ ཉིན་ནས་ཚེས་ ༢༦ ཉིན།

༡༧༽ བོད་མིའི་སྒྲིག་འཛུགས་ཀྱི་འདེམས་ཐོན་སྲིད་སྐྱོང་གསར་འགོད་གསལ་བསྒྲགས་བྱ་རྒྱུ་སོགས་ ༢༠༡༦ ལོའི་ཟླ་ ༤ ཚེས་ ༢༧ ཉིན་ནས་ ༢༨ ཉིན། ཞེས་བཀོད་འདུག

 

ཡང་འོས་བསྡུའི་འགན་འཛིན་ལས་རོགས་དགེ་བཤེས་བསྟན་པ་བཀྲ་ཤིས་ལགས་ཀྱིས་སྤྱི་འཐུས་འོས་བསྡུའི་དུས་ཚེས་དང་ལས་རིམ་གཏན་འབེབས་སྒྲོག་སྦྱངས་གནང་བའི་ནང་།

༡༽ འོས་བསྡུའི་ལས་དོན་བྱེད་ཕྱོགས་དང་ལས་རིམ་གཏན་འབེབས་རེའུ་མིག་ས་གནས་ཁག་ལ་རྒྱུའི་དུས་ཚེས་༢༠༡༥ ལོའི་ཟླ་ ༩ ཚེས་ ༢༦ ཉིན།

༢༽ གོང་གསལ་བཀོད་ཁྱབ་ས་གནས་སུ་འབྱོར་རྒྱུའི་དུས་ཚེས་༢༠༡༥ ལོའི་ཟླ་ ༩ ཚེས་ ༢༧ ཉིན་ནས་ཟླ་ ༡༠ ཚེས་ ༦ ཉིན།

༣༽ ས་གནས་སུ་མང་ཚོགས་འདུ་འཛོམས་དང་དྲིལ་བསྒྲགས་བྱ་རྒྱུའི་དུས་ཚེས་༢༠༡༥ ལོའི་ཟླ་ ༡༠ ཚེས་ ༧ ཉིན་ནས་ཚེས་ ༡༧ ཉིན།

༤༽ སྔོན་འགྲོའི་འོས་དམིགས་འདེམས་བསྒྲུགས་ཀྱིས་འོས་བསྡུ་བྱ་རྒྱུའི་དུས་ཚེས་༢༠༡༥ ལོའི་ཟླ་ ༡༠ ཚེས་ ༡༨ ཉིན།

༥༽ དང་བླངས་འོས་གཞིར་འཛུལ་ཞུགས་བྱ་རྒྱུའི་འགེངས་ཤོག་དང་སྙན་ཞུ་བཅས་ས་གནས་འོས་བསྡུ་ལས་ཁང་ནས་ཞུ་ལེན་དང་ཕྱིར་འབུལ་བྱ་རྒྱུའི་དུས་ཚོས་༢༠༡༥ ལོའི་ཟླ་ ༡༠ ཚེས་ ༡༩ ཉིན་ནས་ཚེས་ ༢༢ ཉིན།

༦༽ ས་གནས་འོས་བསྡུ་ལས་ཁང་ནས་དང་བླངས་འོས་གཞི་རྣམས་སྒྲིག་གསལ་ཆ་རྐྱེན་ཚང་མིན་ཞིབ་འཇུག་བྱ་རྒྱུའི་དུས་ཚེས་༢༠༡༥ ལོའི་ཟླ་ ༡༠ ཚེས་ ༢༣ ཉིན་ནས་ཚེས་ ༢༥ ཉིན།

༧༽ སྐྱེ་བོ་གང་ཞིག་དང་བླངས་འོས་གཞིར་ཞུགས་རྗེས་རང་མོས་ཕྱིར་འཐེན་བྱ་རྒྱུའི་དུས་ཚེས་༢༠༡༥ ལོའི་ཟླ་ ༡༠ ཚེས་ ༢༦ ཉིན་ནས་ཚེས་ ༢༧ ཉིན།

༨༽ དང་བླངས་འོས་གཞི་དང་འོས་དམིགས་འདེམས་བསྒྲུགས་ཀྱིས་འོས་ཤོག་ཕྱོགས་བསྡོམས་ཡིག་ཆ་ཁག་དབུས་འོས་བསྡུ་ལས་ཁང་དུ་འབུལ་རྒྱུའི་གྲ་སྒྲིག་དང་གཏོང་རྒྱུའི་དུས་ཚེས་༢༠༡༥ ལོའི་ཟླ་ ༡༠ ཚེས་ ༢༨ ཉིན་ནས་ ༣༡ ཉིན།

༩༽ སྔོན་འགྲོའི་འོས་ཤོག་བྱུང་སོང་བསྡད་གསུམ་གྱི་གནས་སྟངས་དང་མཐའ་མའི་གྲུབ་འབྲས་དབུས་འོས་བསྡུ་ལས་ཁང་དུ་དུས་བཀག་ནང་ཚུན་འབུལ་འབྱོར་ཐུབ་པ་དགོས་རྒྱུའི་དུས་ཚེས་༢༠༡༥ ལོའི་ཟླ་ ༡༡ ཚེས་ ༡ ཉིན་ནས་ཚེས་ ༡༣ ཉིན།

༡༠༽ ས་གནས་ཁག་ནས་འོས་དམིགས་ཕྱོགས་བསྡོམས་འབྱོར་བསྡད་རྣམས་དབུས་ནས་ངང་སྒུག་བྱ་རྒྱུའི་དུས་ཚེས་ ༢༠༡༥ ལོའི་ཟླ་ ༡༡ ཚེས་ ༡༤ ཉིན་ནས་ཚེས་ ༡༩ ཉིན།

༡༡༽ དབུས་འོས་བསྡུ་ལས་ཁང་ནས་སྔོན་འགྲོའི་འོས་ཤོག་གྲངས་བཤེར་ཕྱོགས་བསྡོམས་བྱ་རྒྱུའི་དུས་ཚེས་༢༠༡༥ ལོའི་ཟླ་ ༡༡ ཚེས་ ༢༠ ཉིན་ནས་ཟླ་ ༡༢ ཚེས་ ༤ ཉིན།

༡༢༽ དབུས་འོས་བསྡུ་ལས་ཁང་ནས་སྔོན་འགྲོའི་འོས་གཞི་གསལ་བསྒྲགས་ས་གནས་སོ་སོར་གཏང་ཚེས་དང་དངོས་གཞིའི་འོས་དམིགས་གསལ་བསྒྲགས་མ་བྱས་པར་སྒྲིག་གསལ་ཉིན་གྲངས་ ༡༥ འཇོག་རྒྱུའི་དུས་ཚེས་དང་། དུས་ཡུན་དེའི་རིང་ས་གནས་འོས་བསྡུ་ལས་ཁང་སོ་སོའི་ཁྱབ་ཁོངས་སུ་འོས་གཞིར་ཞུགས་མཁན་རྣམས་ཀྱི་ལོ་རྒྱུས་དང་། ཉེ་ཆར་བརྒྱབ་པའི་ཕྱེད་པར་ཚོན་ཁྲ་ཅན་རེ་བསྡུ་ལེན་གྱིས་དབུས་འོས་བསྡུ་ལས་ཁང་དུ་འབུལ་དགོས་པ་དང་། འོས་གཞིར་ཞུགས་འདུན་མེད་རིགས་ནས་དགོངས་ཤོག་འབུལ་རྒྱུའི་དུས་ཚེས་༢༠༡༥ ལོའི་ཟླ་ ༡༢ ཚེས་ ༥ ཉིན་ནས་ ༢༠༡༦ ལོའི་ཟླ་ ༡ ཚེས་ ༡༨ ཉིན།

༡༣༽ དབུས་འོས་བསྡུ་ལས་ཁང་ནས་དངོས་གཞིའི་འོས་གཞི་གསལ་བསྒྲགས་བྱ་རྒྱུའི་གྲ་སྒྲིག་དུས་ཚེས་༢༠༡༦ ལོའི་ཟླ་ ༡ ཚེས་ ༡༩ ཉིན་ནས་ཟླ་ ༢ ཚེས་ ༢ ཉིན།

༡༤༽དབུས་འོས་བསྡུ་ལས་ཁང་ནས་དངོས་གཞི་ཁག་གསལ་བསྒྲགས་བྱ་རྒྱུའི་དུས་ཚེས་༢༠༡༦ ལོའི་ཟླ་ ༢ ཚེས་ ༣ ཉིན།

༡༥༽ དབུས་འོས་བསྡུ་ལས་ཁང་ནས་དངོས་གཞིའི་འོས་གཞི་གསལ་བསྒྲགས་བྱ་རྒྱུའི་དུས་ཚེས་དང་། གསལ་བསྒྲགས་བྱས་ཉིན་ནས་སྒྲིག་གསལ་ཉིན་གྲངས་ ༡༥ འཇོག་རྒྱུའི་དུས་ཚེས་༢༠༡༦ ལོའི་ཟླ་ ༢ ཚེས་ ༤ ཉིན་ནས་ཟླ་ ༣ ཚེས་ ༡༩ ཉིན། ཉིན་གྲངས་ ༤༥།

༡༦༽ བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་དངོས་གཞིའི་འོས་བསྡུ་ཆེན་མོའི་དུས་ཚེས་༢༠༡༦ ལོའི་ཟླ་ ༣ ཚེས་ ༢༠ ཉིན།

༡༧༽ ས་གནས་ས་སོའི་དངོས་གཞིའི་འོས་བསྡུ་མཇུག་སྒྲིལ་གྱིས་འོས་ཤོག་གྲངས་བཤེར་ཕྱོགས་བསྡོམས་བྱ་རྒྱུའི་དུས་ཚེས་༢༠༡༦ ལོའི་ཟླ་ ༣ ཚེས་ ༢༡ ཉིན་ནས་ཚེས་ ༢༧ ཉིན།

༡༨༽ འོས་ཤོག་བྱུང་སོང་བསྡད་གསུམ་གྱི་གནས་སྟངས་དང་མཐའ་མའི་གྲུབ་འབྲས་དབུས་འོས་བསྡུ་ལས་ཁང་དུས་བཀག་ནང་ཚུན་འབུལ་འབྱོར་ཐུབ་པ་དགོས་རྒྱུའི་དུས་ཚེས་༢༠༡༦ ལོའི་ཟླ་ ༣ ཚེས་ ༢༨ ཉིན་ནས་ཟླ་ ༤ ཚེས་ ༡༡ ཉིན།

༡༩༽ དབུས་འོས་བསྡུ་ལས་ཁང་ནས་དངོས་གཞིའི་འོས་ཤོག་གྲངས་བཤེར་ཕྱོགས་བསྡོམས་བྱ་རྒྱུའི་དུས་ཚེས་༢༠༡༦ ལོའི་ཟླ་ ༤ ཚེས་ ༡༢ ཉིན་ནས་ཟླ་ ༤ ཚེས་ ༢༦ ཉིན།

༢༠༽ འདེམས་ཐོན་སྤྱི་འཐུས་རྣམས་ཀྱི་མཚན་གཞུང་གསར་འགོད་གསལ་བསྒྲགས་དང་འབྲེལ་དོ་བདག་སོ་སོར་བཀོད་ཁྱབ་གཏོང་རྒྱུའི་དུས་ཚེས་༢༠༡༦ ལོའི་ཟླ་ ༤ ཚེས་ ༢༧ ཉིན་ནས་ཚེས་ ༢༨ ཉིན།

༢༡༽ འདེམས་ཐོན་སྤྱི་འཐུས་རྣམས་དམ་འབུལ་ཆེད་བཞུགས་སྒར་དུ་འབྱོར་ཚེས་༢༠༡༦ ལོའི་ཟླ་ ༥ ཚེས་ ༢༩ ཉིན།

༢༢༽ བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་དམ་བཅའ་འབུལ་བཞེས་གནང་རྒྱུའི་མཛད་སྒོ་བཅས་༢༠༡༦ ལོའི་ཟླ་ ༥ ཚེས་ ༣༠ ཉིན་ཞེས་བཀོད་འདུག

 

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༥ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༧ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༨ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༨ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༩ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༩ སྔོན་ལ།

མཆན། 2

  1. རྒྱ་མཚོ། says:
    ལོ་ 10 སྔོན།

    སྒྲིག་གཞི་འདི་མི་མང་ཁོ་ནའི་ཆེད་ཡིན་རྒྱུ་མ་རེད། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཞུང་འབྲེལ་མཛད་སྒོར་ཁ་གཡར་ནས་ལྡི་ལི་དང་ལ་དྭགས་སོགས་ནས་སྒེར་གྱི་དོན་དག་རྐྱང་རྐྱང་སྒྲུབ་སོང་། འོན་ཀྱང་སྒྲིག་གཞི་ཡོད་པ་ཙམ་གྱིས་ཅི་ཕན། དབུ་ནས་མཇུག་པར་སྒྲིག་གཞི་གྱི་ནུས་ཐོན་ཐུབ་ན་ད་བཟོད་ཀུན་གྱིས་བརྩི་བཀུར་བྱེད་ཆོག

    Reply
  2. རིག་པའི་བློ་གྲོས། says:
    ལོ་ 10 སྔོན།

    ང་ཚོའི་བོད་ཀྱི་སྤྱི་ཚོགས་ནང་གི་གསར་འགོད་པ་གཙོ་བྱེད་པའི་ལས་ཀྱི་སྣེ་མོ་ལ་ཡོད་མཁན་ཚོ་བྱབ་ཆུང་རང་རེད། གཞུང་འབྲེལ་རྡ་ཤོད་ཕ་མའི་ཚོགས་ཆེན་དང་དམངས་གཙོའི་ཉིན་མོ་སྲུང་བརྩི་སོགས་སུ་སྲིད་སྐྱོང་མཆོག་གིས་ཁོང་གི་ལས་འཆར་སོགས་ཀྱི་ཐད་གསུང་བཤད་གནང་ཡོད་པ་མ་ཟད། ཕྱི་ལོགས་སུ་རྒྱབ་སྐྱོར་བ་ཚོས་དྲིལ་བསྒྲགས་ཀྱི་ཡིག་ཆ་བཀྲམ་གྱི་ཡོད་པ་འབྲེལ་ཡོད་ལས་བྱེད་ཚོས་མཐོང་མེད་པ་མི་སྲིད། གཞུང་འབྲེལ་མང་གཙོའི་དུས་ཆེན་ཉིན་རྡ་ས་ས་གནས་མགོ་འཛིན་བསོད་ནམས་རྡོ་རྗེ་ལགས་ཀྱིས་དྲིལ་བསྒྲགས་འགྲེམས་སྤེལ་བྱེད་མཁན་བུད་མེད་ཞིག་ལ་བཀའ་བཀྱོན་གནང་ནས་གཙུག་ལག་ཁང་གི་ར་བ་ནས་ཕྱིར་འབུད་གནང་སོང་བ་སོགས་ཧ་ཅང་གསལ་བོ་རེད། ང་རང་སྒེར་ལ་མཚོན་ན། སྲིད་སྐྱོང་མཆོག་ལ་གུས་རྩི་དང་ཆེ་མཐོང་བླ་མེད་ཞུ་མཁན་ཞིག་ཡིན། ཡིན་པ་ཡིན་ནའང་། འོས་བསྡུའི་སྒྲིག་གཞི་ནི་ཁོང་ཁོ་ནར་བཟོས་པ་ཞིག་མིན་པས། མ་འོངས་སྲིད་སྐྱོང་དང་སྤྱི་འཐུས་འོས་མི་སུ་འདྲ་ཞིག་ཕེབས་པ་ཡིན་ནའང་མགོ་ནས་མཇུག་བར་དུ་སྒྲིག་གཞི་འདིས་ཁྱབ་ཐུབ་པ་གནང་རྒྱུ་དང་འདྲ་མཉམ་ཡིན་དགོས་པ་དེ་འོས་བསྡུ་ལས་ཁང་གི་འགན་འཛིན་དང་འགན་འཛིན་ཕྱག་རོགས་རྣམ་པའི་ཐུགས་འགན་རེད། གང་ལྟར་རང་དབང་ཅན་གྱི་སྡེ་ཚན་ཞིག་གི་ངོ་བོར་བཞེངས་ཐུབ་མིན་ད་རེས་ལྟ་དགོས་རེད། གོང་བརྗོད་གནས་ཚུལ་རྣམས་ང་རང་ཁོ་ནས་མཐོང་བ་མིན་ཙང་གང་ལྟར་ཚང་མས་འོས་བསྡུ་ལས་ཁང་གིས་འགན་འཁུར་བཞེས་སྟངས་དེར་ལྟ་ཞིབ་ནན་མོ་ཞུ་དགོས་པ་ཞིག་ཆགས་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese