མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲོས་ཚོཊ་ཚོཊ་དུས་ ༡༠ པ་དབུ་འཛུཊ་གནང་སོང་།

བོད་ཀྱི་དུས་བབ།
༢༠༡༥/༠༩/༡༥
Share on FacebookShare on TwitterShare on EmailShare on Whatsapp

 

དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༠ པ་དབུ་འཛུགས་ཐོག་སྤྱི་འཐུས་ཚོགས་གཙོ་མཆོག་ནས་ཚང་མས་སྤྱི་དོན་ལ་དགོངས་པ་ཆེར་བཞེས་ཀྱིས་ཚོགས་འདུའི་ཆ་ཤས་ལེན་དགོས་པའི་འབོད་སྐུལ་གནང་སོང་།

DSC_5529དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༡༥ ཙམ་ལ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༠ པ་དབུ་འཛུགས་གནང་སོང་བ་དང་། ཚོགས་ཐོག་ཏུ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ཀྱི་དབུས་སྤྱི་འཐུས་རྣམ་པ་དང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཕྱག་རོགས་བཀའ་བློན་རྣམ་པ། དེ་བཞིན་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་དང་དོན་གཉེར་ཅན་གྱི་ཟུར་ཉན་པ་བཅས་འཛོམས་འདུག་ལ། ད་ལན་གྱི་ཚོགས་འདུའི་ཐོག་སྤྱི་འཐུས་ཐུབ་བསྟན་ལུང་རིགས་ལགས་དང་སྒྲོལ་དཀར་སྐྱབས་ལགས་གཉིས་ཀྱིས་ཚོགས་དུས་ཧྲིལ་པོར་དགོངས་པ་ཞུས་ཡོད་པ་དང་། སྤྱི་འཐུས་ག་ཟི་ཚེ་རིང་པོ་གཞུང་འབྲེལ་ཕྱོགས་སྐྱོད་དུ་ཕེབས་པ་མ་གཏོགས་གཞན་སྤྱི་འཐུས་རྣམ་པ་ཚང་འཛོམས་བྱུང་འདུག

 

སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་ཚོགས་འདུ་དབུ་འབྱེད་ཀྱི་གསུང་བཤད་གནང་དོན། གྲོས་ཚོགས་ནང་བགྲོ་གླེང་གནང་སྐབས་ཐུགས་འགན་ཆེར་བཞེས་ཀྱི་ཐོག་ནས་བགྲོ་གླེང་གནང་རོགས་ཞེས་ཞུ་རྒྱུ་དང་། ད་ལྟ་འོས་བསྡུའི་ལས་རིམ་འགྲོ་བཞིན་པ་ཡིན་སྟབས། གྲོས་ཚོགས་ནང་བཀའ་མོལ་གསུང་སྟངས་དང་རྣམ་འགྱུར་སྟོན་སྟངས་དེ་ཚོའི་ཐོག་ལ་ཏོག་ཙམ་ཁྱད་པར་འགྲོ་མི་སྲིད་པ་མ་རེད། ཚང་མས་ཐུགས་གཟབ་གནང་སྟེ་སྤྱི་པ་དང་སྒྲིག་འཛུགས། རྩ་དོན་བཅས་ལ་དགོངས་པ་རྩ་ཆེ་ཤོས་སུ་བཞེས་དགོས་པ་ཞིག་ཆགས་བསྡད་ཡོད་པ་རེད། དེ་མིན་སྐབས་སྐབས་སུ་ང་ཚོར་བར་ཆད་དེ་འདྲ་འཕྲད་ཀྱི་ཡོད་ཀྱང་། ད་ལྟའི་བར་དུ་གྲོས་ཚོགས་ཀྱི་འགྲོ་སྟངས་སོགས་གང་ཅིའི་ཐད་ལ་ཡག་ཐག་ཆོད་ཅིག་བྱུང་ཡོད་པ་རེད། ད་རེས་ཀྱི་གྲོས་ཚོགས་འདིའི་ནང་ཡིན་ནའང་དེ་སྔ་མཐུན་འགྱུར་གནང་བ་ལྟར་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་ཡིན་ན་རེད། བཀུར་འོས་སྤྱི་འཐུས་རྣམ་པ་ཡིན་ནའང་རེད་རྒྱ་ཆེ་སར་དགོངས་ཏེ་གྲོས་ཚོགས་ལ་བར་ཆད་མི་ཡོང་བར་མཐུན་འགྱུར་གནང་རོགས་ཞེས་ཞུ་ཡི་ཡོད། ཅེས་གསུངས་སོང་།

 

བགྲོ་གླེང་དབུ་འཛུགས་ཀྱི་ཐོག་མར་ཕྱི་ལོ་ ༢༠༠༩ ནས་ད་ལྟའི་བར་བོད་ནང་བོད་མི་སེར་སྐྱ་ ༡༤༢ ཀྱིས་བོད་བསྟན་སྲིད་ཆེད་སྐུ་ལུས་མེར་བསྲེགས་གནང་བ་སོགས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་གྲོས་ཆོད་གྲོས་འཆར་སྒྲོག་སྦྱངས་དང་འབྲེལ་བགྲོ་གླེང་དང་། དེ་བཞིན་བཀའ་ཟུར་ས་འདུ་རིན་ཆེན་དོན་གྲུབ་མཆོག་དང་དགའ་གདོང་སྐུ་རྟེན་བསྟན་འཛིན་དབང་གྲགས་ལགས། གཞན་ཡང་། རྒྱ་གར་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ཨབ་དུལ་ཀ་ལམ་(Dr. A.P.J Abdul Kalam)མཆོག་བཅས་འདི་ལོར་དགོངས་པ་རྫོགས་པར་གཞུང་འབྲེལ་གྱི་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་སྒྲོག་སྦྱངས་བཅས་གནང་སོང་།

 

ད་ལན་གྱི་ཉིན་གྲངས་ ༡༠ རིང་གི་ཚོགས་འདུའི་ཐོག གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་ཞུ་བ་དང་འབྲེལ་བགྲོ་གླེང་གསལ་བཤད་གནང་རྒྱུ་དང་། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཆེད་འཛུགས་གནང་བའི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༦ པའི་ལས་བསྡོམས་དང་སྙན་ཐོར་བཀའ་ཤག་གིས་ཕྱག་བསྟར་ཇི་གནང་གི་སྙན་ཐོའི་ཐོག་སྤྱི་འཐུས་རྒྱུན་ལས་ནས་མཇུག་སྐྱོང་གནང་བའི་སྙན་ཐོ་དང་། ཤེས་ཡོན་ཚོགས་ཆུང་གི་ལོ་གཅིག་རིང་གི་ཞིབ་འཇུག་སྙན་ཐོ། དེ་བཞིན་ཆེས་མཐོའི་སྨན་པའི་ལྷན་ཚོགས་དང་འབྲེལ་བའི་ཞིབ་འཇུག་ཚོགས་ཆུང་གི་སྙན་ཐོ་བཅས་ཚོགས་ཆུང་གི་སྙན་ཐོ་ཁག་ཅིག་དང་། གཞུང་འབྲེལ་ཁྲིམས་ཡིག་བསྐྱར་བཅོས་ཀྱི་ཁྲིམས་འཆར་སོགས་ཀྱི་ཐོག་བགྲོ་གླེང་གནང་རྒྱུ་ཡིན་འདུག

 

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

ཆུ་ཚོད་ ༡༡ སྔོན་ལ།
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

ཆུ་ཚོད་ ༡༡ སྔོན་ལ།
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

མཆན། 1

  1. ཤེས་རབ་རྡོ་རྗེ། says:
    ལོ་ 11 སྔོན།

    ༄༅།།
    གྲོས་ཚོགས་ལམ་ལྷོང་ཡོང་བར་བཀྲ་ཤིས་བདེ་ཀྱི་ཤིས་ཚིག་གྲངས་མེད་ཞུ།
    གྲོས་ཚོགས་ར་བར་ཕུལ་པའི་འབོད་སྐུལ་ལྔ།
    དང་པོ། བོད་རང་དབང་ཆེད་སྐུ་ལུས་མེར་རུ་མཆོད་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་པར་གུས་བརྩི་དང་ཁོང་ཅག་གི་མངོན་འདོད་ཆེད་བོད་མི་རིགས་ལ་ཕན་པའི་ལས་གཞི་གསར་པ་མང་དག་ཅིག་ངེས་པར་བརྩམས་དགོས་སོ།

    གཉིས། བོད་ཀྱི་སྐད་ཡིག་ཉམས་པ་སླར་གསོ་ཆེད་བཙན་བྱོལ་ནང་ལག་ལེན་དོན་འཁེལ་གྱི་ལས་གཞི་འགོ་མཇུག་ཡོད་པ་བྱེད་དགོས་སོ།

    གསུམ། བོད་ནས་ཡོང་མཁན་གྱི་གསར་འབྱོར་བ་ལས་མེད་དག་ལ་བདག་སྐྱོང་ལེགས་པོ་གནང་དགོས་སོ།

    བཞི། གཞོན་སྐྱེས་ནི་རྒྱལ་ཁབ་དང་མི་རིགས་ཞིག་གི་སྲོག་རྩ་ཡིན་པས། དེ་དག་གི་ཆེད་དུ་དུས་ཀྱི་འགྱུར་འགྲོས་དང་མཐུན་པའི་ལས་གཞི་གསར་རྩོམ་བྱེད་དགོས་སོ།

    ལྔ། ༧གོས་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་ཡོངས་སུ་ཆབ་སྲིད་འགོ་ཁྲིད་རྣམས་པར་རྩིས་སྤྲོད་གནང་སྟེ་ལོ་ངོ་མང་པོ་འགྲོ་ཚར་པས། གྲོས་ཚོགས་ནང་༧གོང་ས་མཆོག་གི་མཚན་གནས་དེ་ཆབ་སྲིད་ཐོག་བེད་སྤྱོད་མ་བཏང་ན་ཧ་ཅང་གི་ལེགས་པོ་རེད་བསམ་ཡོད།

    འདི་ནི་གུས་བ་ཤེས་རབ་རྡོ་རྗེ་ཀྱི་གྲོས་ཚོགས་ར་བར་ཕུལ་པའི་འབོད་སྐུལ་ལྔ་དེ་ཡིན།
    ཐུགས་རྗེ་ཆེ།
    སྤྱི་ལོ་༢༠༡༥ .༩. ༡༦ གཟའ་ལྷག་པ་ཉིན་རྒྱ་གར་རྒྱལ་ས་ལྡི་ལི་ནས་ཕུལ་པ་དགེའོ།

    ཤེས་རབ་རྡོ་རྗེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese