མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་དོན་ཚན་ ༤ བཞག

བོད་ཀྱི་དུས་བབ།
༢༠༡༥/༠༩/༡༥
Share on FacebookShare on TwitterShare on EmailShare on Whatsapp

 

གྲོས་ཚོགས་ཚོགས་དུས་ ༡༠ པའི་ལས་ཉིན་དང་པོར་བོད་ནང་གི་ཛ་དྲག་གནས་སྟངས་ཐད་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་དོན་ཚན་ ༤ སྤྱི་མོས་གཏན་འབེབས་གནང་སོང་།

 

Untitled-1དེ་རིང་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༠ པའི་ལས་ཉིན་དང་པོར། སྤྱི་འཐུས་རྒྱུན་ལས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་ཐད་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཞིག་བསྣམས་ཕེབས་པའི་ཐད་སྤྱི་འཐུས་མང་པོས་དགོངས་ཚུལ་བརྗོད་པ་བརྒྱུད་གྲོས་ཆོད་དོན་ཚན་ ༤ སྤྱི་མོས་གཏན་འབེབས་གནང་སོང་།

 

སྤྱི་འཐུས་རྣམ་པས་དགོངས་ཚུལ་གསུང་སྐབས་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས། གཞུང་ཞིག་གི་ཆབ་སྲིད་ཀྱི་མཚོན་དོན་ཆེད་དེབ་གཟུགས་དཀར་པོ་བྱས་ནས་རྒྱབ་ཤ་དཀར་པོ་ཟེར་བ་འདི་བཏོན་གྱི་ཡོད་སྟབས། ངས་བལྟས་ན་འདིས་གཞུང་གཅིག་གི་ཆབ་སྲིད་དང་སྲིད་བྱུས་གང་ཡིན་མཚོན་གྱི་ཡོད་པ་རེད། རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༩༢ ལོར་བོད་ཀྱི་བདག་དབང་སྐོར་ལ་རྒྱབ་ཤ་དཀར་པོ་ཞེས་པ་ཞིག་བཏོན་པ་ནས་བཟུང་། ད་བར་རྒྱབ་ཤ་དཀར་པོའི་དེབ་ ༡༢ བཏོན་དགོས་པའི་རྒྱུ་མཚན་ག་པར་ཐུག་ཡོད་རེད་ཞུས་པ་ཡིན་ན། ང་ཚོ་བོད་ཀྱི་གནད་དོན་འདི་རྒྱལ་སྤྱིའི་ཐོག་ལ་གླེང་སློང་ཤུགས་ཆེན་ཡོང་བཞིན་ཡོད་སྟབས། དེ་ཚོར་རྫུན་སྒྲིག་ཁ་གཏད་གཅོག་ཆེད་དེབ་དེ་དག་བཏོན་ཡོད་པ་རེད། རྒྱ་ནག་གཞུང་ལ་བོད་ནང་ཁོར་ཡུག་གཏོར་སྐྱོན་ཤུགས་ཆེ་འགྲོ་བཞིན་ཡོད་པའི་སྐྱོན་འཛུགས་བྱེད་སྐབས། ཁོར་ཡུག་གི་གནས་སྟངས་ཡག་པོ་ཡོད་པའི་རྒྱབ་ཤ་དཀར་པོའི་དེབ་བཏོན་པ་དང་། བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་འགྲོ་བཞིན་ཡོད་པའི་སྐྱོན་བརྗོད་བྱེད་སྐབས། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་ཕྱིན་ཡོད་པའི་རྒྱབ་ཤ་དཀར་པོ་དེབ་བཏོན་ཡོད་པ་མ་ཟད། བོད་ནང་ཆོས་དང་སྐད་ཡིག་རིག་གཞུང་བཅས་རྩ་མེད་འགྲོ་བཞིན་ཡོད་པའི་སྐྱོན་བརྗོད་བྱེད་སྐབས། ཁོ་ཚོས་སྐད་ཡིག་ཆོས་དང་རིག་གཞུང་བཅས་པ་ཡར་རྒྱས་ཕྱིན་ཡོད་པའི་རྒྱབ་ཤ་དཀར་པོའི་དེབ་སོགས་བཏོན་ཡོད་པ་རེད། ཅེས་སོགས་བརྗོད་སོང་།

 

ཡང་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱིས། ང་ཚོའི་འཐབ་རྩོད་འདི་ལོ་གཅིག་གཉིས་ནང་ལ་འགྲུབ་སྲིད་པ་མ་ཟད། ལོ་བཅུ་བཅོ་ལྔ་དང་ལྔ་བཅུ་དྲུག་ཅུ་ནང་ལའང་འགྲུབ་སྲིད་པ་ཞིག་ཡིན་སྟབས། ང་ཚོས་དེ་ལ་དཔག་པས་འཆར་གཞི་བང་སྒྲིག་སྟེ་ལོ་བཅུ་ལྷག་པ་ཡིན་ན་ག་རེ་བྱེད་ཀྱི་ཡིན་མིན་དང་། ལོ་ལྔ་བཅུ་དང་བརྒྱ་ཕྲག་ལྷག་ན་གང་འདྲ་བྱེད་ཀྱི་ཡིན་མིན། དེ་བཞིན་བོད་ནང་དང་རྒྱལ་སྤྱིའི་ཐོག་ག་རེ་ཆགས་མིན་ལ་བལྟས་ཏེ། ད་ལྟ་རྒྱལ་སྤྱིའི་ཐོག་བོད་དོན་གྱི་རྒྱབ་སྐྱོར་གནས་སྟངས་ག་པར་སླེབ་ཡོད་མེད་དང་། གྲོས་ཚོགས་འཐུས་མི་དང་སྲིད་གཞུང་ཁག་གིས་རྒྱབ་སྐྱོར་ག་ཚོད་བྱེད་ཀྱི་ཡོད་མེད་ཕྱོགས་བསྡོམས་དང་འབྲེལ་ཉམས་ཞིབ་ཚད་ལྡན་ཞིག་བྱས་ཏེ། ང་ཚོས་ང་ཚོའི་གནས་བབ་ལ་གཞིགས་ནས་གོམ་སྟབས་ཤིག་མ་སྤོས་པ་ཡིན་ན། གང་ལྟར་རྒྱ་གཞུང་གིས་བསམ་བློ་གཏིང་རིང་པོ་བཏང་ནས་བོད་ཀྱི་ལས་དོན་ཚོགས་ཆུང་བརྒྱུད།དྲིལ་བསྒྲགས་བྱེད་བཞིན་ཡོད་པ་དག་ལ་ཁ་ལ་ཁ་ལན་དང་ཚིག་ལ་ཚིག་ལན་བརྒྱབ་སྟེ། ཞི་ཅིན་ཕིན་གྱི་དུས་སྐབས་འདིར་བོད་དོན་བདེན་མཐའ་སེལ་ཐུབ་པའི་རྩོད་ལེན་བྱེད་དགོས་པ་རེད། ཅེས་སོགས་བརྗོད་སོང་།

 

དེ་བཞིན་གྲོས་ཆོད་གྲོས་འཆར་དེའི་ཐོག་སྤྱི་འཐུས་ཁག་ཅིག་གིས་དགོངས་ཚུལ་བརྗོད་སྐབས། ཉེ་ལམ་རྒྱ་ནག་གཞུང་གིས་༼བོད་ལྗོངས་འཕེལ་རྒྱས་བགྲོད་ལམ་གྱི་ལོ་རྒྱུས་ཀྱི་གདམ་ག༽ཟེར་བའི་རྒྱབ་ཤ་དཀར་པོའི་དེབ་གཅིག་དང་། ༼མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བོད་ལྗོངས་སུ་གྲུབ་འབྲས་ལྡན་པར་ལག་བསྟར་བྱས་པ༽ཟེར་བ་གཅིག་བཅས་དེབ་གཉིས་བཏོན་ཡོད་ཀྱང་། དེབ་དེ་དག་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཐོག་བོད་ནང་གི་གནས་སྟངས་ལོག་འགྲེལ་རྫུན་སྒྲིག་བྱ་ཆེད་ཀྱི་དྲིལ་བསྒྲགས་ཡིག་ཆ་ཞིག་ཡིན་པ་ལས་དོན་དངོས་མིན་པའི་སྐོར་དང་། བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་ཚོགས་སྐབས་གཞིས་ལུས་རྒྱ་ཆེའི་མང་ཚོགས་ཀྱི་མངོན་འདོད་དང་འཚམ་པའི་གནད་དོན་དང་། དྲག་གནོན་དང་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་འགྱུར་བ་གཏོང་རྒྱུའི་སྐོར་ལ་གླེང་སློང་གང་ཡང་བྱས་མེད་པ། བོད་རང་སྐྱོང་ལྗོངས་ཟེར་བ་བཙུགས་ནས་མི་ལོ་ ༥༠ འཁོར་བའི་དུས་དྲན་ཚོགས་སྐབས་བོད་ནང་ཡར་རྒྱས་བཏང་ཡོད་ལུགས་ཀྱི་དྲིལ་བསྒྲགས་ཤུགས་ཆེ་བྱས་ཡོད་ཀྱང་། མི་ལོ་ ༥༠ རིང་གཞིས་ལུས་བོད་མི་རྣམས་ཆེས་མུན་ནག་གི་ཁྲོད་དུ་ཡ་ང་བའི་གནས་སྟངས་འོག་གནས་དགོས་བྱུང་ཡོད་པ། རྒྱ་ནག་དམར་ཤོག་ཚོགས་པའི་མགོ་ཁྲིད་ཚོས་ཆོས་ལུགས་རྨོངས་དད་རིང་ལུགས་དང་དཔོན་ངན་རིང་ལུགས། བཀས་བཀོད་རྒྱུན་འཛིན་ལམ་ལུགས་བཅས་ལམ་ལུགས་གསུམ་མེད་པ་བཟོ་ཡི་ཡོད་ལབ་ཀྱི་ཡོད་ཀྱང་། དེང་སང་ཁོ་རང་ཚོ་དེ་ཚོའི་ཕྱོགས་སུ་འགྲོ་གི་ཡོད་པ། བོད་ནང་རང་ལུས་མེར་སྲེག་གནང་མཁན་གཙོས་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་སྙིང་སྟོབས་དེ་བོད་མི་ཡོངས་ཀྱིས་སེམས་ནང་ཇི་སྲིད་གནས་རྒྱུ་ཡིན་པ་དང་། མ་འོངས་བོད་ཀྱི་གནས་བབ་ལ་གཞིགས་ནས་འཕྱར་གྲུ་མཉམ་འདེགས་ཐོག་བོད་དོན་བདེན་མཐའ་རྩོད་ལེན་བྱ་རྒྱུ་ཤིན་ཏུ་གལ་ཆེན་ཆགས་ཡོད་པ་སོགས་ཀྱི་དགོངས་ཚུལ་བརྗོད་སོང་།

 

གྲོས་ཆོད་གྲོས་འཆར་དེའི་ཐོག་དགོངས་ཚུལ་མང་པོ་བརྗོད་པ་དང་འབྲེལ་ནས་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་སྐབས། ད་ལན་བགྲོ་གླེང་སྐབས་བཀུར་འོས་སྤྱི་འཐུས་ཤིག་གིས་རང་ལུས་མེར་སྲེག་གནང་མཁན་གྱི་གྲངས་ཀ་མི་འདྲ་བ་ཡོད་པའི་སྐོར་གསུངས་སོང་། འཛིན་སྐྱོང་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ངོས་ནས་བོད་ནང་ལ་རང་ལུས་མེར་བསྲེགས་གནང་བའི་གནད་དོན་རེ་རེའི་ཐོག་ལ་ཞིབ་ཚགས་པོ་བྱས་ནས་བལྟས་ཏེ། གྲངས་ཀ་དེ་གཏན་འབེབས་བྱེད་ཀྱི་ཡོད་སྟབས། ད་བར་དུ་བོད་ནང་རང་ལུས་མེར་བསྲེགས་གནང་མཁན་ ༡༤༢ བྱུང་ཡོད་པའི་གནས་སྟངས་དེ་ཆགས་བསྡད་ཡོད་པ་རེད། རླུང་འཕྲིན་ཁང་ཁག་གཅིག་གིས་ ༡༤༣ བྱུང་ཡོད་པ་སྙན་སྒྲོན་གནང་གི་ཡོད་བཟོ་འདུག དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་གིས་ ༡༤༩ ཞེས་བེད་སྤྱོད་བཏང་གནང་གི་ཡོད་ས་རེད། དེའི་གྲངས་ཀ་ནང་ལ་བོད་ཙམ་མིན་པ་བོད་ཕྱི་ལ་རང་ལུས་མེར་སྲེག་གནང་མཁན་རྣམས་བསྡོམས་ནས་བརྩི་གི་ཡོད་པ་ཞུ་རྒྱུ་དང་སྦྲགས། ད་ཕན་རང་ལུས་མེར་སྲེག་གནང་མཁན་ ༡༤༢ དང་ ༡༤༣། ༡༤༩ ཞེས་གྲངས་ཀ་མི་འདྲ་བ་གསུམ་བརྩི་བཞིན་ཡོད་པ་ལས་ ༡༤༥ དང་ ༡༤༦ ཟེར་བ་དེ་འདྲ་བེད་སྤྱོད་གཏོང་མཁན་མི་འདུག ཞེས་སོགས་གསུངས་སོང་།

 

མཇུག་ཏུ་སྲིད་སྐྱོང་མཆོག་གིས་གྲོས་ཆོད་གྲོས་འཆར་དེའི་ཐད་གསུང་བཤད་གནང་དོན། ཉེ་ལམ་རྒྱ་ནག་གཞུང་གིས་བོད་སྐོར་གྱི་རྒྱབ་ཤ་དཀར་པོ་གཙོས་པའི་བོད་རང་སྐྱོང་ལྗོངས་བཙུགས་ནས་ངོ་ལོ་ ༥༠ འཁོར་བའི་དུས་སྟོན་དང་བོད་ཀྱི་ལས་དོན་ཚོགས་ཆུང་ཟེར་བ་སོགས་ཚོགས་སྐབས། ཁོ་ཚོས་བོད་མིར་བདེ་སྤྲད་བདེ་ལེན་གྱི་སྲིད་བྱུས་འཛིན་གྱི་ཡོད་སྐོར་བརྗོད་ཡོད་པ་དང་། བདེ་སྤྲད་བདེ་ལེན་ཟེར་བ་དེ་བོད་མིར་ཐོབ་ཐང་དང་བདེ་སྐྱིད་སྤྲད་དེ། བདེ་འཇགས་ལེན་གྱི་ཡོད་སྐོར་ཟེར་གྱི་ཡོད་པ་གསལ་པོ་ཆགས་ཡོད་སྟབས། ང་ཚོས་རྒྱ་ནག་གཞུང་གི་ཐབས་བྱུས་དེར་མུ་མཐུད་གདོང་ལེན་བྱེད་དགོས་པ་མ་ཟད། དབུ་མའི་ལམ་ལ་གཞིར་བཞག་ཐོག་བོད་རྒྱ་འབྲེལ་མོལ་གྱིས་བོད་དོན་བདེན་མཐའ་སེལ་དགོས་པ་འདི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཡིན་པ་མ་ཟད། གྲོས་ཚོགས་ཀྱིས་སྤྱི་མོས་གཏན་ལ་ཕབ་པའི་སྲིད་བྱུས་ཤིག་ཀྱང་ཆགས་ཡོད་སྟབས། བཀའ་ཤག་གིས་དམ་བཅའ་གཙང་མ་ཞུས་ཐོག་ཐབས་ལམ་འདི་བརྒྱུད་བོད་དོན་བདེན་མཐའ་སེལ་རྒྱུར་མུ་མཐུད་འབད་བརྩོན་གནང་དང་གནང་མུས་ཡིན་ཞུ་རྒྱུ་ཡིན། ཞེས་སོགས་གསུངས་སོང་།

 

སྤྱི་འཐུས་རྣམ་པས་བགྲོ་གླེང་ལྷུག་པོ་གནང་བ་བརྒྱུད་གྲོས་ཆོད་དོན་ཚན་ལྔ་སྤྱི་མོས་གཏན་འབེབས་གནང་བ་ནི། དང་པོ། བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང་། དེ་བཞིན་བོད་བསྟན་སྲིད་མི་རིགས་ཀྱི་འཐབ་རྩོད་ཆེད་རྒྱ་གཞུང་གི་བཙོན་འོག་ཏུ་དཀའ་སྡུག་མྱངས་དང་མྱོང་བཞིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་སྙིང་སྟོབས་ལ་རྗེས་སུ་ཡི་རངས་དང་སྦྲགས། ཁོང་རྣམ་པའི་ཤུལ་ལུས་ནང་མི་ཉེ་འབྲེལ་སོགས་ལ་གདུང་སེམས་མཉམ་སྐྱེད་དང་འབྲེལ་ཐུགས་གསོའི་འཚམས་འདྲི་དང་། འདས་གྲོངས་སུ་གྱུར་པ་རྣམས་འཕགས་མཆོག་ཕྱག་ན་པདྨོས་རྗེས་སུ་བཟུང་ནས་སླར་ཡང་བོད་ཁ་བ་གངས་ཅན་གྱི་ཞིང་དུ་རང་དབང་བདེ་སྐྱིད་ཀྱི་ཉི་མ་མྱུར་བ་ཉིད་དུ་ཤར་ནས་དེར་སྐྱེ་བ་དང་། རྒྱའི་དམ་དྲག་བཀག་བསྐྱིལ་འོག་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པ་རྣམས་མགྱོགས་མྱུར་གློད་བཀྲོལ་ཡོང་བའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ།

 

གཉིས་པ། རྒྱ་ནག་གི་འགོ་འཁྲིད་ཚོས་བོད་དང་བོད་མིའི་ཐོག་འཛིན་པའི་མི་རིགས་མཉམ་བསྲེ་དང་། མི་སེར་སྤེལ་ཡུལ་སོགས་མཁྲེགས་འཛིན་དང་དམ་དྲག་ཅན་གྱི་སྲིད་བྱུས་ལ་འགྱུར་བ་བཏང་སྟེ་བོད་ནང་གི་དངོས་ཡོད་གནས་སྟངས་དང་། བོད་མིའི་མངོན་འདོད་དང་མཐུན་པའི་ཐོག་བོད་རྒྱ་གཉིས་སྨན་གྱི་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་ངེས་པར་གཏོང་དགོས་པ་དང་། ༧ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེས་དབུས་བོད་ནང་ཉེས་མེད་འཛིན་བཟུང་བཙོན་འཇུག་སོགས་ཀྱིས་སྡུག་སྦྱོང་མྱོང་བཞིན་པ་རྣམས་འཕྲལ་དུ་གློད་བཀྲོལ་གྱིས་རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་འགྲོ་བ་མི་སྤྱི་མཚུངས་ཀྱི་ཐོབ་ཐང་ངེས་པར་དགོས་པ། བོད་ཀྱི་གནད་དོན་སྤྱི་ཡོངས་ལ་བསམ་ཞིབ་ནན་ཏན་གྱིས་བོད་རྒྱ་ཕན་ཚུན་ཞི་འཇམ་དང་འབྲེལ་མོལ་གྱི་ལམ་ནས་ཐག་གཅོད་གང་མྱུར་དགོས་རྒྱུ།

 

གསུམ་པ། འདི་ལོ་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་ཞེས་པས་བཏོན་པའི་བོད་སྐོར་གྱི་རྒྱབ་ཤ་དཀར་པོའི་དེབ་གཉིས་ནང་བོད་ཀྱི་གནད་དོན་སྐོར་ལ་འཁྱོག་བཤད་མང་པོ་བྱས་འདུག་པ་ཁག་ལ་ངོས་ལེན་ནམ་ཡང་མེད་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་ཟེར་བ་དང་། བོད་རང་སྐྱོང་ལྗོངས་ཟེར་བ་བཙུགས་ནས་མི་ལོ་ ༥༠ འཁོར་བའི་དུས་དྲན་ཟེར་བ་བཅས་ནི་རྒྱལ་སྤྱིའི་ཐོག་རྒྱ་ནག་གིས་བོད་ལ་སེམས་ཁུར་བྱེད་ཀྱི་ཡོད་མདོག་མཚོན་བྱེད་དང་། བོད་རྒྱ་ནག་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཡིན་ཚུལ་གྱི་སྒྲུབ་བྱེད་ལྟར་སྣང་ལ་བསྐྱར་འབད་བྱས་པ་ཙམ་ལས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་དོན་ཕན་ལྡན་པའི་དགེ་མཚན་གང་ཡང་མ་མཐོང་བར་ངོས་འཛིན་བྱ་རྒྱུ།

 

བཞི་པ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས། རྒྱལ་སྤྱིའི་ཉེས་ཡང་ཚོགས་པ། གཞུང་དང་། གྲོས་ཚོགས། རྒྱལ་ཁབ་ཁག་གི་དབུ་འཁྲིད་རྣམ་པ། གཞུང་འབྲེལ་མ་ཡིན་པའི་ཚོགས་སྒེར་ཇི་སྙེད་བཅས་ཀྱིས་ད་ཕན་བོད་དང་བོད་མིར་རྒྱབ་སྐྱོར་གང་ལེགས་གནང་དང་གནང་བཞིན་པར་ཐུགས་རྗེ་བཀའ་དྲིན་ཆེ་ཞུ་རྒྱུ་དང་། ད་དུང་ཡང་རྒྱ་ནག་སྲིད་གཞུང་གི་གདུག་རྩུབ་དང་གཡོལ་ཐབས་ཀྱི་སྲིད་བྱུས་ངན་པ་རྣམས་ལ་ངོས་འཛིན་གསལ་པོས་བོད་ནང་བོད་མིས་མྱོང་བཞིན་པའི་དཀའ་སྡུག་ཚད་ལས་བརྒལ་བ་རྣམས་ལས་གྲོལ་སླད་ཐབས་རྣམ་ཡོད་རྒུས་ཤུགས་གནོན་རྒྱབ་སྐྱོར་ཡོང་བ། ཞེས་བཀོད་འདུག

 

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༢༣ སྔོན་ལ།
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

༢༠༢༦/༠༣/༣༡
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese