མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལངས་ཕྱོཊ་མ་འདྲ་བ་ཡོད་རུང་འཐབ་རྩོད་ལ་ནུས་པ་ཐོན་པའི་ཐབས་ཤེས་བྱ་དགོས།

བོད་ཀྱི་དུས་བབ།
༢༠༡༥/༠༩/༡༦
Share on FacebookShare on TwitterShare on EmailShare on Whatsapp

 

སྐབས་ ༡༦ པའི་མདོ་སྨད་སྤྱི་འཐུས་འོས་མི་གསར་པ་པདྨ་ཆོས་སྒྲོན་ལགས་ཀྱིས་འཇོན་ནུས་མེད་པའི་སྤྱི་འཐུས་ཀྱིས་རྐུབ་བཀྱག་སྲུང་ནས་མི་འདུག་པར་བཟང་སྤྱོད་ཀྱི་ཐོག་ནས་རང་འགུལ་གྱིས་དགོངས་པ་ཞུས་ཏེ་རྟ་ལམ་བོང་བུས་མི་འགོག་པ་བྱ་རྒྱུ་དེ་སོ་སོའི་འགན་འཁྲི་ཆགས་ཡོད་སྐོར་བརྗོད་སོང་།

 

  11988348_1044121015622757_3648213162535572057_n དྲི་བ། ཁྱེད་ཀྱི་འདས་ཟིན་པའི་མི་ཚེའི་ལོ་རྒྱུས་དང་ནང་མིའི་རྒྱབ་ལྗོངས། སློབ་སྦྱོང་གི་བརྒྱུད་རིམ་སོགས་ངོ་སྤྲོད་རག་བསྡུས་ཤིག་གནོངས་དང་།

ལན། ངའི་མིང་ལ་པདྨ་ཆོས་སྒྲོན་ཟེར་བ་དང་ཕ་ཡུལ་ཨ་མདོ་བླ་བྲང་མཛོད་དགེ་ནས་ཡིན། ལོ་བདུན་ནས་མགོ་བཙུགས་ཏེ་འབྲིང་རིམ་བར་དུ་སློབ་གྲྭར་འགྲིམས་པ་ཡིན། ཕྱི་ལོ་ ༡༩༩༨ ལོར་རང་གི་རྨི་ལམ་དང་འཆར་སྣང་ཞིག་གིས་རྒྱ་གར་ལ་ཡོང་སྟེ། སུ་ཇ་བོད་ཁྱིམ་དུ་སོང་ནས་འཛིན་གྲྭ་དགུ་པ་ཐོན་སྐབས་ཝ་ར་ཎཱ་སི་མཐོ་སློབ་ལ་ཕྱིན་ནས་ཉེ་བའི་གཙུག་ལག་རབ་འབྱམས་ཐོན་རྗེས། དྷ་རམ་སར་ཡོང་ནས་སྒེར་གྱིས་༼རྔམ་བརྗིད་རི་བོ་འཚོགས་རྣམས་ཐོད་ཀྱིས་བསུས༽ཞེས་པའི་རྒྱ་ཡིག་དེབ་ཅིག་བོད་བསྒྱུར་བྱས་པ་ཡིན། དེ་དང་མཉམ་དུ་དཔེ་དེབ་རྩོམ་སྒྲིག་འགའ་རེ་བྱེད་ཞོར་དུ་ཨིན་དྷར་གྷན་དྷི་གཙུག་ལག་སློབ་ཆེན་ (Indira Gandhi open university) ནང་ཟུར་ཞུགས་ཀྱི་ལམ་ནས་ནུབ་ཕྱོགས་རྩོམ་རིག་སྐོར་ལ་གཙུག་ལག་རབ་འབྱམས་པའི་སློབ་སྦྱོང་བྱས་པ་ཡིན། ༢༠༡༢ ལོ་ནས་དབུས་བུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས་ཆགས་ཏེ། ༼སྒྲོལ་མ་༽དང་ ༼ཕྱི་ལོ་ ༡༩༥༩ ནས་ ༢༠༡༥ བར་གྱི་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ལོ་རྒྱུས༽། ༼བོད་ཀྱི་བདེན་པའི་འཐབ་རྩོད་ཁྲོད་ལག་རྗེས་ཅན་གྱི་བུད་མེད་ཁག་གི་ལོ་རྒྱུས།༽ ༼བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ས་གནས་ཡན་ལག་ཁག་གི་ལོ་རྒྱུས་༽བཅས་ཀྱི་རྩོམ་སྒྲིག་པའི་འགན་ཁུར་པ་ཡིན།

 

   དྲི་བ། ཁྱེད་རང་སྐབས་ ༡༦ པའི་སྤྱི་འཐུས་འོས་མིར་ལངས་ཡོད་པ་ལྟར། སྤྱི་འཐུས་ཤིག་གི་ཆ་རྐྱེན་ག་རེ་ག་རེ་ཚང་ཡོད།

ལན། ད་ལྟ་ངས་དམིཊ་བསལ་ཆ་རྐྱེན་བཏོན་པ་ཡིན་ན་བདེ་པོ་མི་འདུག་ཀྱང་། སྔོན་མའི་སྤྱི་འཐུས་ཀྱི་ལོ་རྒྱུས་ལ་བལྟས་དུས། ང་ལ་སྤྱི་འཐུས་རྣམ་པ་ཚོར་ཚང་པའི་ཆ་རྐྱེན་ཚང་མེད་པ་དང་། ཁོ་ཚོ་ལས་ཞན་པ་འདུག་བསམ་པའི་བསམ་བློ་གང་ཡང་མེད། ཡིན་ནའང་ཆ་རྐྱེན་གཅིག་གཉིས་ཤིག་ཞུས་ན། ངས་རྒྱ་ཡིག་དང་དབྱིན་ཇི། བོད་ཡིག་བཅས་སྐད་ཡིག་གསུམ་ཤེས་ཀྱི་ཡོད་པ་མ་ཟད། ཆབ་སྲིད་དང་རྒྱལ་སྤྱིའི་ཁྲིམས་ལུགས་སོགས་ལ་དོ་སྣང་གང་ལ་གང་འཚམ་ཡོད་སྟབས། ང་སྤྱི་འཐུས་ཆགས་པ་ཡིན་ན་མ་འགྲིག་པ་གང་ཡང་མེད་པ་འདྲ་བོ་ཞིག་མཐོང་གི་ཡོད། ང་རང་སྒེར་ལ་སྤོབས་པ་དང་གདེང་ཚོད་ག་རེ་ཡོད་ཅེས་ན། ད་ལྟའི་སྤྱི་འཐུས་ལྷན་ཚོགས་ནང་ལ་སྤྱི་འཐུས་མི་སྒེར་ཁ་ཤས་ཀྱིས་ལས་དོན་ཆེ་མ་ཆུང་གསུམ་གྱི་ཐག་གཅོད་ག་རེ་བྱས་ཀྱང་། ཁྱི་སྤྱང་ངན་འབྲེལ་བྱ་བ་དང་རྐུན་རྒྱབ་ཇག་ལངས་བྱ་བ། ཕྱོགས་རིས་འཐེན་འཁྱེར་སོགས་ཀྱི་ལམ་ལ་འགྲོ་བཞིན་པ་དེར་མོས་མཐུན་རྩ་བ་ནས་མེད། ཕྱིན་ཆད་སོ་སོ་སྤྱི་འཐུས་ཆགས་པ་ཡིན་ན་དེའི་རིགས་ནོར་འཁྲུལ་ཞིག་ལ་རྩིས་ནས་རྩ་བ་ནས་བྱ་རྒྱུ་མིན།

 

   དྲི་བ། མ་འོངས་པར་ཁྱེད་ལ་སྤྱི་འཐུས་ཀྱི་རྒྱལ་ཁ་འཐོབ་པ་ཡིན་ན། བུད་མེད་སྤྱི་འཐུས་ཤིག་གི་ངོས་ཐད་ནས་རང་རེའི་བུད་མེད་ཚོར་ལམ་སྟོན་གྱི་ནུས་པ་ག་རེ་འདོན་འཆར་ཡོད།

ལན། བཀའ་ཤག་སྐབས་སྔོན་མས་བོད་ཀྱི་བུད་མེད་ཚོའི་ནུས་ཤུགས་གོང་འཕེལ་གཏོང་ཆེད་དོན་ཚན་ལྔ་དྲུག་ཅིག་གཏན་འབེབས་བྱས་ཡོད་སྟབས། ད་ཆ་དེ་ལག་བསྟར་བྱས་དང་མ་བྱས་ཀྱི་སྐོར་ལ་ཚོགས་འདུ་རབ་དང་རིམ་པ་འགྲོ་བཞིན་ཡོད། ལྷག་པར་ཏུ་བུད་མེད་ལྷན་ཚོགས་ཀྱི་འབྲེལ་ཡོད་ལས་བྱེད་དེ་འདྲ་སྐད་བཏང་ནས་ཟབ་སྦྱོང་དང་ལས་ཀ་མཉམ་དུ་འགྲོ་བཞིན་ཡོད་པ་རེད། སྤྱི་ཡོངས་ཀྱི་ཆ་ནས་བུད་མེད་ཀྱི་ནུས་སྟོབས་གོང་འཕེལ་ཟེར་བ་དེ། ང་རང་སྒེར་གྱིས་ལོ་རེར་ཟབ་སྦྱོང་དང་ཚོགས་འདུ་ཐེངས་གཅིག་གཉིས་ཤིག་ཚོགས་པར་བརྟེན་ནས་ནུས་ཤུགས་གོང་སྤེལ་འགྲོ་གི་ཡོད་པར་ངོས་འཛིན་བྱེད་ཀྱི་མེད། ངས་སོ་སོའི་བསམ་བློ་གཏོང་སྟངས་དང་སློབ་སྦྱོང་ལ་བརྟེན་ཏེ་རང་རྐྱ་འཕེལ་བའི་བསམ་བློ་ཞིག་དང་པོ་ནས་གྲུབ་བཅུག་དགོས་པ་རེད་བསམ་གྱི་ཡོད་པ་མ་ཟད། རང་ཉིད་ལ་ནུས་འཇོན་གང་ཡོད་པ་དེ། སྤྱི་ཚོགས་ཤིག་གི་སྡིངས་ཆའི་སྟེང་ཡོང་ནས་ལག་ལེན་བསྟར་བ་སོགས་གང་ལྟར་རང་གིས་གང་འདོད་པ་དང་གང་བསམ་པ། གང་ཤེས་འདོད་པ་དེ་ལག་ལེན་གྱི་རིམ་པའི་ཁྲོད་ནས་སྤྱི་ཚོགས་སྟེང་ངོ་འཕྲོད་ཐུབ་པ་བྱེད་དགོས་པ་རེད་བསམ་གྱི་འདུག

 

   དྲི་བ། ད་ལྟའི་བོད་མི་མང་སྤྱི་འཐུས་ལས་ཐོག་རྣམ་པས་ཕྱག་ལས་གནང་སྟངས་ཐད་འཐུས་ཤོར་དང་སྐྱོན་ཆ་ག་རེ་མཐོང་གི་འདུག

ལན། ངས་ནམ་རྒྱུན་ནས་སྐབས་སྔོན་མའི་སྤྱི་འཐུས་ཀྱི་ཕྱག་ལས་གནང་ཕྱོཊ་ཁ་ཤས་ཤིག་ལ་མ་འགྲིག་པའི་དོ་སྣང་བྱུང་སོང་། མདོ་སྨད་སྤྱི་འཐུས་ཡིན་ན་འདྲ། ཆོལ་ཁ་དང་ཆོས་བརྒྱུད་ཁག་གི་སྤྱི་འཐུས་ཡིན་ནའང་འདྲ། གལ་སྲིད་སྤྱི་འཐུས་ཀྱི་ལས་ཀ་བྱེད་མ་ཐུབ་པ་ཡིན་ན། བཟང་སྤྱོད་ཀྱི་སྒང་ནས་སོ་སོས་དགོངས་པ་ཞུ་དགོས་པའི་ཚོར་སྣང་ཞིག་ཡོང་གི་འདུག རང་ཉིད་ལ་སྤྱི་འཐུས་ཀྱི་རྐུབ་བཀྱག་དེ་ཡིན་གཅིག་མིན་གཅིག་ཐོབ་དགོས་པ་དང་། གཞན་གྱིས་བརྒྱུད་སྐུལ་འོག་ཐོབ་བཅུག་སྟེ་རྐུབ་བཀྱག་སྲུང་དགོས་པ། གྲངས་ཚད་ལོན་དགོས་པ་དེ་འདྲ་གང་ཡང་ཆགས་ཡོད་པ་མ་རེད། གལ་སྲིད་འཇོན་ནུས་མེད་པའི་སྤྱི་འཐུས་བྱེ་བྲག་པ་ཞིག་གིས་རྟ་ལམ་བོང་བུས་འགོག་པ་ཟེར་བ་ལྟར། མི་འཇོན་ཐང་ཅན་ཞིག་གི་ལམ་ཁ་བཀག་ནས་རྐུབ་བཀྱག་སྲུང་བ་དང་། རྐུབ་བཀྱག་ཚ་བོ་བཟོས་ནས་བཀའ་མོལ་གནང་རྒྱུ་མེད་པ་དང་ལྟ་ཚུལ་འདོན་རྒྱུ་མེད་པ། གནས་ཚུལ་ག་རེ་བྱུང་ནའང་ཁ་འཚུམ་ནས་བསྡད་པ་དེ་ཏག་ཏག་ཅིག་བསྡད་མེད་པའི་ཚོར་སྣང་ཞིག་ཡོང་གི་འདུག་སྟབས། ངས་བཟང་སྤྱོད་ཐོག་ནས་སོ་སོས་དགོངས་པ་ཞུས་ནས་རྟ་ལམ་བོང་བུས་མི་འགོག་པ་དེ་མི་སྒེར་གྱི་འགན་འཁྲི་ཞིག་ཆགས་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད།

 

   དྲི་བ། ཁྱེད་རང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས་བཅུ་གཅིག་པའི་ནང་ལ་བདམས་ཡོད་ཀྱང་ཁྱེད་རང་བཞུགས་མེད་ཚུལ་བརྗོད་ཀྱི་འདུག དེའི་རྒྱུ་མཚན་ག་རེ་ཡིན་ནམ།

ལན། སྤྱིར་བཏང་རྒྱུ་མཚན་བྱེ་བྲག་པ་ཁ་ཤས་ཤིག་ཡོད་པ་རེད། ད་ལྟ་ང་ཚོའི་སྐབས་བཅུ་པ་དེ་བཟང་ངན་གཉིས་འཁྱོལ་ཙམ་རེད། སྐབས་བཅུ་གཅིག་པ་ཡང་མགོ་ནས་ལས་རོཊ་གསར་བ་མང་པོ་ཞིག་དང་མཉམ་དུ་ལས་ཀ་བྱེད་དགོས་སྐབས། ལས་རོགས་ཚོའི་སློབ་སྦྱོང་གི་རྒྱབ་ལྗོངས་དང་། ལས་ཀའི་ཁ་ཕྱོཊ་ཤིག་གཏན་འབེབས་བྱེད་སྐབས་བསམ་བློ་དང་སློབ་སྦྱོང་ཚད་ངེས་ཅན་ཞིག་ཡོད་དགོས་སྟབས། དེའི་ཐོག་ལ་དཀའ་ངལ་འཕྲད་ཀྱི་རེད་བསམ་ནས་དགོངས་པ་ཞུས་པ་ཡིན། ང་རང་བུད་མེད་ལྷན་ཚོགས་ནང་ལས་ཀ་བྱེད་དགོས་དོན་གཙོ་བོ་དེ། བོད་ནང་གི་བུད་མེད་དང་ཁོ་ཚོའི་བདེ་སྡུག་ཡར་མཉམ་འབྲེལ་རྒྱལ་ཚོགས་སོགས་ལ་སྙན་ཞུ་འབུལ་པ་དང་། བསྐྱར་ཞིབ་ཀྱི་ལོ་རྒྱུས་ཕྱོགས་སྒྲིག་དང་རྩོམ་སྒྲིག་སོགས་བྱས་ནས་རྒྱལ་སྤྱིའི་སྟེང་གསལ་བསྒྲགས་བྱ་རྒྱུ་ཡིན་སྟབས། དེའི་ནང་མུ་མཐུད་བསྡད་པ་ཡིན་ན་དེའི་ཐོག་ལ་ལས་ཀ་ག་འདྲ་ཞིག་བྱ་དགོས་པའི་གདེང་ཚོད་བསླེབས་མ་སོང་བ་མ་ཟད། རྒྱུན་ལས་ཁ་ཤས་ཀྱིས་འགན་མ་ཁུར་བའི་ཐོག་ནས་མི་ལ་སློབ་སྦྱོང་ཡོད་མེད་ལ་མ་ལྟོས་པར་འདྲ་མིན་བྱེད་པ་སོགས་ཀྱིས་རྐྱེན་བྱས་ནས་འདོད་པ་མ་ཁེངས་སྟབས་དགོངས་པ་ཞུ་དགོས་འཁེལ་སོང་།

 

   དྲི་བ། དེང་སང་ང་ཚོའི་སྤྱི་ཚོགས་ཁྲོད་དབུ་མ་དང་རང་བཙན་བར་གྱི་འགལ་བ་ཤུགས་ཆེ་རུ་འགྲོ་བཞིན་འདུག ཁྱེད་ཀྱིས་བལྟས་ན་དེའི་རྒྱུ་རྐྱེན་གཙོ་བོ་གང་ལ་ཐུག་པ་རེད། བོད་མི་མང་སྤྱི་འཐུས་ཤིག་ལ་དེའི་ཐད་འགན་འཁྲི་ག་རེ་ཡོད་པ་རེད་བསམ་གྱི་འདུག

ལན། སྤྱིར་དབུ་མ་དང་རང་བཙན་སྐོར་ལ་འགལ་བ་ཤུགས་ཆེན་པོ་ཞིག་འགྲོ་དང་འགྲོ་བཞིན་པ་རེད། ལྷག་པར་དུ་འོས་བསྡུ་འདི་འདྲའི་སྐབས་ལ་གང་ཟག་སྒེར་པའི་ལངས་ཕྱོགས་དམིགས་འདོན་བྱས་ནས་རྒྱལ་ཕམ་དབྱེ་བ་ཕྱེ་བའི་ཐབས་ཤེས་དང་། རང་ཉིད་དང་ལྟ་ཕྱོགས་མི་མཐུན་པར་མགོ་ལྕག་ཞུས་ནས་རྒྱལ་ཁ་མ་འཐོབ་པའི་ཆེད་ཐབས་ཤེས་སྣ་ཚོགས་བྱེད་བཞིན་པའི་གོམས་གཤིས་ངན་པ་ཞིག་ང་ཚོའི་སྤྱི་ཚོགས་ནང་ཁྱབ་བསྡད་ཡོད་པ་རེད། སྤྱིར་བཏང་བོད་མི་རྩམ་ཟན་ཚང་མས་རང་བཙན་འདོད་ཀྱི་ཡོད་ལབ་ཀྱི་ཡོད་ཀྱང་། སོ་སོའི་འདོད་མོས་ལྟར་དེའི་སྒང་ལ་ནུས་པ་དང་ཆུ་ཚོད། བསམ་བློ་ཚང་མ་གཏོང་སྐབས། ཕྱོགས་གཅིག་ནས་༧གོང་ས་མཆོག་གི་དགོངས་གཞི་དང་ཐ་དད་འགྲོ་བཞིན་ཡོད་པ་མ་ཟད། ཕར་ཕྱོགས་ནས་དབུ་མའི་ལམ་དང་ཁ་གཏད་རེད་ཅེས་ཐབས་ཤེས་ཡོད་རྒུ་བཏོན་ཏེ། ༧གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་གྱི་ཐ་སྙད་ཅིག་འཁྱེར་ནས་ཕམ་ཐབས་བྱེད་ཀྱི་ཡོད་པ་རེད། ང་ཚོ་དམངས་གཙོའི་སྤྱི་ཚོགས་ཤིག་ཆགས་ཡོད་སྟབས། ང་ཚོས་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ཡིན་ན་འདྲ། གང་ཟག་བྱེ་བྲག་པའི་ལྟ་ཕྱོགས་ཡིན་ནའང་འདྲ། སྐྱོན་བརྗོད་བྱེད་ཆོག་པ་དེ་ང་ཚོའི་དམངས་གཙོའི་ཁྱད་ཆོས་ཡིན་དགོས་ཀྱི་རེད་བསམ་གྱི་ཡོད། གལ་སྲིད་དེ་ཆོག་གི་མེད་ན་རྒྱ་ནག་གཞུང་དང་ཁྱད་པར་གང་ཡང་ཡོད་མ་རེད།

 

སྤྱི་འཐུས་ཤིག་ལ་འགན་འཁྲི་ག་རེ་ཡོད་ཟེར་བ་དེ། གཞུང་གི་སྲིད་ཇུས་དབུ་མའི་ལམ་གཏན་འབེབས་བྱེད་མཁན་སྤྱི་འཐུས་ལྷན་ཚོགས་ཆགས་ཡོད་སྟབས། སྤྱི་འཐུས་ལྷན་ཚོགས་ཀྱིས་དབུ་མའི་ལམ་ལ་བསྐྱར་ཞིབ་བྱ་དགོས་པ་ཡིན་ན། མི་སྒེར་གྱིས་རང་གི་བསམ་འཆར་བཏོན་ནས་མཐའ་མའི་ཐག་གཅོད་དེ། སྤྱི་མོས་དང་མང་མོས་ཐོག་ནས་འགྲོ་དགོས་རེད་མ་གཏོགས། རྒྱབ་ལོགས་ལ་འཛོམས་ནས་ང་ཚོ་ཚང་མས་ལག་པ་འགྱོག་དགོས་ཟེར་བ་དང་། གཏན་འབེབས་འདིའི་སྒང་ལ་ཤར་སྐྱོད་བྱ་དགོས་ཟེར་ནས་ཐག་གཅོད་བྱེད་བཞིན་པ་དེ་སྤྱི་འཐུས་ཤིག་གིས་དགོས་དོན་མ་བསྒྲུབ་པ་མ་ཟད། ཤོག་ཁག་སྒྲིག་ནས་ཐག་གཅོད་བྱས་པ་ཞིག་ལ་ངས་ངོས་འཛིན་བྱེད་ཀྱི་ཡོད། ད་ལྟའི་བར་འདི་བྱས་སོང་ཟེར་ནས་དམིགས་འདོན་བྱ་རྒྱུ་མེད་ཀྱང་། རྣམ་པ་དེ་འདྲ་ཞིག་ཐོག་འགྲོ་བཞིན་ཡོད་པའི་བཤད་ཚུལ་ཞིག་ང་ཚོའི་སྤྱི་ཚོགས་ནང་ཡོད་པ་རེད།

 

   དྲི་བ། དབུས་འོས་བསྡུ་ལས་ཁང་གིས་འོས་བསྡུའི་སྒྲིག་གཞི་མང་པོ་ཞིག་གསལ་བསྒྲགས་གནང་ཡོད་པ་དང་། མ་འོངས་པར་ལག་བསྟར་གནང་ཐུབ་མིན་ཐོག་ད་ལྟ་ནས་གླེང་སློང་མང་པོ་ཡོང་བཞིན་འདུག ཁྱེད་རང་དེའི་ཐོག་མཐོང་ཚོར་ག་རེ་ཡོང་གི་འདུག

ལན། ཉིན་ཤས་གོང་འོས་བསྡུ་ལས་ཁང་གིས་མང་ཚོགས་ཁྲོད་འོས་བསྡུའི་སྒྲིག་གཞི་གསར་པ་དེ་ཁ་གསལ་བོ་ཆགས་ཆེད་ཡང་བསྐྱར་གསལ་བསྒྲགས་ཤིག་བསྐྱངས་ཡོད་པ་རེད། དེ་ལག་ལེན་བསྟར་མིན་ང་ཚོའི་ལག་པར་མེད་པའི་བཟོ་འདྲ་བོ་ཞིག་འདུག འདས་པའི་ལོ་རྒྱུས་ནང་སྐབས་སྔོན་མའི་འོས་བསྡུ་ལས་ཁང་གིས་དོན་ཚན་ཁ་ཤས་ལག་བསྟར་མ་བྱས་པ་དེ་འདྲ་བྱུང་ཡོད། དངོས་གནས་བྱས་ན་འོས་བསྡུ་ལས་ཁང་ནི་རང་དབང་ཅན་གྱི་ལས་ཁང་ཤིག་ཆགས་ཡོད་ཀྱང་། དེ་བེད་སྤྱོད་མ་བཏང་བར་སྤྱི་འཐུས་ལྷན་ཚོགས་ལ་བཀའ་འདྲི་ཞུས་པའི་གནས་སྟངས་བྱུང་ཡོད་སྟབས། ད་ལྟ་འོས་བསྡུ་ལས་ཁང་གིས་འོས་བསྡུའི་སྒྲིག་གཞི་གསར་པ་ཁྱབ་བསྒྲགས་བྱས་ཡོད་ཀྱང་། ལག་ལེན་ག་ཚོད་བསྟར་ཡོང་བསམ་པའི་ང་ལ་གདེང་ཚོད་ཞེ་དྲགས་མེད། ད་ལྟ་འོས་བསྡུའི་ཁྱབ་བསྒྲགས་མགོ་བཙུགས་ནས་ཟླ་ཤས་ཕྱིན་ཡོད་པ་མ་ཟད། སྒྲིག་གཞི་དང་འགལ་བ་མང་པོ་བྱུང་ཡོད་ཀྱང་། ད་ལྟ་བར་དུ་དེར་འོས་བསྡུ་ལས་ཁང་གིས་ལག་པ་བརྐྱངས་ནས་མཚམས་འཇོག་བྱེད་དགོས་ཟེར་བ་དང་གནང་ཕྱོགས་འགྲིག་གི་མི་འདུག་ཟེར་བའི་སྐད་ཆ་གང་ཡང་བྱུང་མེད་སྟབས། ངས་མ་འོངས་པར་སྒྲིག་གཞི་ལྟར་ལག་ལེན་བྱ་རྒྱུ་རེད་བསམ་པའི་ཡིད་ཆེས་མེད་ཞུ་རྒྱུ་ཡིན།

 

 

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

Delhi High Court, Image Representational (Photo/Shutterstock)
Mobile App

རྒྱ་གར་གྱི་མཐོ་རིམ་ཁྲིམས་ཁང་གིས་བོད་མི་ཞིག་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲོད་དགོས་པའི་བཀའ་ཁྱབ་བཏང་།

ཆུ་ཚོད་ ༣ སྔོན་ལ།
Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༦
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

༢༠༢༦/༠༢/༠༦
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༥
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤

མཆན། 1

  1. བོད་ཀྱི་བུ། says:
    ལོ་ 10 སྔོན།

    བུད་མེད་འདི་འདྲ་མདོ་སྨད་ཚང་དགོས་མཁོ་ཆེ། ངས་འོས་གཅིག་མོ་ལ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese