མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འགོ་ཁྲིད་ཚོའི་ས་ནས་རྒྱ་ནག་མི་མང་ལ་ཅི་ཞིག་དགོས་ཀྱི་ཡོད་དམ།

བོད་ཀྱི་དུས་བབ།
༢༠༡༥/༠༩/༢༡
Share on FacebookShare on TwitterShare on EmailShare on Whatsapp

 

རྩོམ་མཁན་མེ་ཆིལ་ཧྥོར་སེ་ཐི། (MICHAEL FORSYTHE)

པདྨ་རྒྱལ་གྱིས་བསྒྱུར།

ཉིས་སྟོང་བཅུ་དྲུག་ལོའི་སྲིད་འཛིན་འོས་འདེམས་ལ་ཉེ་བའི་སྐབས་འདིར། ཨ་རིའི་མི་མང་གིས་ཉིན་བཞིན་རང་རང་གི་སྲིད་འཛིན་འོས་དམིགས་ལ་ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་བསམ་ཚུལ་བཏོན་ཏེ། མཚམས་རེར་ཁ་རུབ་ལག་རུབ་ཀྱང་རྒྱག་གི་ཡོད། མི་མང་གི་བསམ་ཚུལ་དེ་ཡང་སོ་སོའི་འོས་མིར་བཅངས་པའི་དགའ་ཞེན་ཙམ་མ་ཡིན་པར། རྒྱལ་ཁབ་དང་སྤྱི་ཚོགས་འཚོ་གནས་ཐད་ནས་མང་ཚོགས་ཀྱི་འདོད་བློ་ཁེངས་མིན་དེ་གཙོ་བོ་ཡིན་པ་རེད། རྒྱ་ནག་ལ་མཚོན་ནས་བཤད་ན། སྤྱི་མང་གི་ཡིད་རྟོན་འཕེར་བའི་བསམ་ཤོག་བསྡུ་བའམ་གཞུང་མང་གཉིས་ནས་ཕན་ཚུན་དབར་བསམ་འཆར་འདོན་པ་དང་རྒྱུས་ལོན་བྱེད་པའི་གོ་སྐབས་ཡེ་ནས་མེད་ཀྱང་། མི་མང་གིས་དེ་ལ་ནི་ཅི་མི་སྙམ་དུ་སྐྱིད་ལ་སྡུག་པའི་འཚོ་བ་ངན་ངོན་ཙམ་སྐྱེལ་ཐབས་བྱེད་བཞིན་ཡོད་པ་རེད།

 

ཧ་བིར་ཌི་ཁིན་ནི་ཌེ་སློབ་གླིང་ (HKS) གི་ཨ་ཤཱིས་ཞིབ་འཇུག་ལྟེ་གནས་ཁང་ (Ash Center) གིས་འདས་པའི་ལོ་ངོ་བཅུ་ཕྲག་གཅིག་རིང་ལ་པེ་ཅིན་གྲོང་ཁྱེར་གྱི་དཔལ་འབྱོར་འདུ་འགོད་ཞིབ་འཇུག་སློབ་སྟོན་ཁང་ (Horizon Research) དང་ལྷན་དུ། རྒྱ་ནག་མི་མང་གིས་རྒྱ་ནག་སྲིད་གཞུང་ལ་འཛིན་པའི་རྣམ་འགྱུར་ཐད་རྒྱུས་ལོན་དང་གོ་བསྡུར་བྱས་པ་ལྟར་ན།

 

ན་ནིང་ཁོ་ཚོས་རྒྱ་ནག་གི་གྲོང་ཁྱེར་དང་གྲོང་རྡལ། གྲོང་གསེབ་དང་མངའ་ཁུལ་ ༣༥༠༠ མི་མང་གིས་སྲིད་གཞུང་ལ་འཛིན་པའི་ལྟ་སྟངས་མི་འདྲ་བའི་ཐད་ནས་བསམ་ཤོག་བསྡུ་རུབ་ཀྱིས་དཔྱད་ཞིབ་བྱས་པའི་ཡིག་ཆའི་ནང་། ཕྱི་ལོ་ ༢༠༠༣ ལོའི་མི་མང་གི་བསམ་ཚུལ་ལ་གཞིག་ན། མི་སེར་མང་ཆེ་བས་རྒྱ་ནག་དབུས་གཞུང་ལ་ཚད་མཐོ་བའི་དགའ་མགུ་བྱེད་ཀྱང་། ས་གནས་དཔོན་རིགས་ཚོར་ཆེས་རྣོ་ངར་ལྡན་པའི་སྡང་ཟུག་བསྟན་པ་རེད།

 

དེ་ཕྱིས་ ༢༠༡༤ ལོའི་མི་མང་གི་བསམ་འཆར་ལ་དཔྱད་ན། སྲིད་འཛིན་ཞི་ཅིན་ཕིན་གྱིས་དཔོན་ངན་ཚོའི་ཧམ་ཟར་ཞིབ་བཤེར་དམ་དྲག་བྱེད་པ་དང་དུས་མཚུངས་སུ། རྒྱལ་ནང་གི་ལྐོག་ཟ་རུལ་སུངས་གཙང་བཤེར་ལས་འགུལ་ལག་ལེན་དུ་བསྟར་བ་བརྒྱུད། མི་མང་གིས་རྒྱ་ནག་དབུས་གཞུང་ལ་ཡིད་ཚིམ་པའི་རྣམ་འགྱུར་སྟོན་གྱི་འདུག

 

གཤམ་དུ། ཧ་བིར་ཌི་ཁིན་ནི་ཌེ་སློབ་གླིང་གི་སློབ་དཔོན་ཆེན་མོ་དང་ཨ་ཤཱིས་ཞིབ་འཇུག་ལྟེ་གནས་ཁང་གི་འགན་འཛིན་སྐུ་ཞབས་ཊོ་ནེ་སུའེ་ཆ་ (Tony Saich) ལགས་སུ་བཅར་འདྲི་ཞུས་པ་བརྒྱུད། རྒྱ་ནག་དབུང་གཞུང་སྲ་བརྟན་དང་འབྲེལ་བའི་དཔལ་འབྱོར་གྱི་འགྲོས་དལ་བའི་དཀའ་རྙོག་དང་དེ་ལ་དཔྱད་ཞིབ་གནང་བའི་མཐའ་འབྲས་ལ་བགྲོ་གླེང་བྱས་པ་ཞིག་རང་སྐད་དུ་བསྒྱུར་པ་ཡིན།

 

དྲི་བ། ཁྱེད་ཀྱིས་རྒྱ་ནག་མི་མང་གིས་ཕྱོགས་གཅིག་ནས་རང་གི་དཔལ་འབྱོར་གྱི་གནད་དོན་རང་གིས་ཐག་གཅོད་པའི་རང་དབང་གི་དགོས་འདུན་དང་། ཡང་ཕྱོགས་གཅིག་ནས་དཔལ་འབྱོར་ཁྲོམ་རའི་འཕེལ་འགྲིབ་ཀྱི་དཀའ་སྡུག་འོག་ཏུ། དབུས་སྲིད་གཞུང་གིས་ཁོ་ཚོར་འགན་སྲུང་བྱེད་པའི་དགོས་འདུན་འདོན་གྱི་ཡོད་སྐོར་བརྗོད་འདུག སྒུལ་ཤུགས་ལྡན་པའི་འགྱུར་ལྡོག་འདི་ཞི་ཅིན་ཕིན་གྱི་སྲིད་དབང་འཛིན་པའི་དུས་ཡུན་ནང་བྱུང་བ་ཞིག་ཡིན་ནམ།

 

དྲིས་ལན། ཕྱི་ལོ་ ༢༠༡༤ ལོའི་དཔྱད་ཞིབ་ལྟར་ན། རྒྱ་ནག་མི་མང་གིས་དཔལ་འབྱོར་ཁྲོམ་རའི་ཉམ་ཉེས་ཐད་ནས་སྲིད་གཞུང་ལ་འཛིན་པའི་རེ་ལྟོས་ཀྱི་རྣམ་འགྱུར་དང་། ཡང་སྲིད་གཞུང་གིས་རྒྱལ་ནང་གི་ལྐོག་ཟ་རུལ་སུངས་གཙང་བཤེར་བྱེད་པའི་ལས་འགུལ་ཐད་ལ་འཛིན་པའི་རྣམ་འགྱུར་གཉིས་ཧ་ལམ་གཅིག་མཚུངས་སུ་སྣང་ཞིང་། སྤྱི་ཕྱོགས་ནས་རྒྱ་ནག་གི་མི་སེར་རྣམས་རྒྱལ་ནང་གི་སྡོད་གནས་འཛུགས་སྐྲུན་དང་སྤྱི་ཚོགས་བརྟན་ལྷིང་། རྒྱལ་ཁབ་སྟོབས་ལྡན་སོགས་སྲིད་གཞུང་གི་ལས་འཆར་དང་སྲིད་གཞུང་གི་ཞབས་འདེགས་ལ་སྔར་ལས་ལྷག་པར་འདོད་བློ་ཚིམ་ཡོད་ནའང་། ལྡོག་ཕྱོགས་ནས་རྒྱལ་ནང་གི་ལྐོག་ཟ་རུལ་སུངས་དང་ཁོར་ཡུག་འཕྲོད་བསྟེན་གྱི་གནད་དོན་དང་འབྲེལ་བའི་སྲིད་ཇུས་བཅོས་སྒྱུར་གྱི་དཀའ་རྙོག ལྷག་པར་དུ་དཔལ་འབྱོར་ཁྲོམ་རའི་དབང་སྒྱུར་དང་ལས་ཤོར་གྱི་དཀའ་རྙོག་ལྟ་བུའི་འཇིག་ཉེན་མང་པོས་རྒྱ་ནག་མི་མང་བྱིངས་ལ་དངངས་སྐྲག་ཆེན་པོ་བསླངས་ཡོད་པ་རེད།

 

དྲི་བ། རྒྱ་ནག་དམར་ཤོག་ཚོགས་པས་རང་གི་ནུས་སྟོབས་ལ་བརྟེན་ནས་རྒྱལ་ནང་གི་དཔལ་འབྱོར་ཡར་རྒྱས་གཏོང་ཐུབ་པར་ཡིད་ཆེས་བྱེད་ཀྱི་ཡོད་པའི་ལྟ་ཚུལ་ཞིག་ཡོངས་ཁྱབ་རང་བཞིན་ཆགས་འདུག ཡིན་ན་ཡང་རྒྱ་ནག་གི་མི་སེར་དཀྱུལ་མ་ཚོར་མཚོན་ན། རྒྱལ་ནང་གི་དཔལ་འབྱོར་གྱི་འགྲོས་ཤིན་ཏུ་དལ་བའི་རྐྱེན་པས། སྤྱི་ཚོགས་འཚོ་གནས་ཀྱི་འདོད་བློ་འཚིམ་གྱི་མེད་པ་དེ་རྒྱ་ནག་གཞུང་གི་འཇིག་ཉེན་ཞིག་ཏུ་འགྱུར་བའི་གནད་དོན་གང་ལ་ཐུག་ཡོད་དམ། དམར་ཤོག་ཚོགས་པས་དེང་གི་མ་རྐང་ཁྲོམ་རའི་ཉམ་ཉེས་དང་འདྲ་བའི་སྔོན་ཆད་ཀྱི་ནོར་འཁྲུལ་ཅན་གྱི་དཔལ་འབྱོར་ལམ་ལུགས་ཁག་ཅིག་ཡང་བསྐྱར་ལག་བསྟར་བྱེད་ཀྱི་ཡོད་དམ།

 

དྲིས་ལན། དོན་དངོས་སུ་དམར་ཤོག་ཚོགས་པས་རང་ཉིད་ནི་ཆེས་འཇོན་ནུས་ལྡན་པའི་སྔར་རྗེས་ཀྱི་དཔལ་འབྱོར་འདུ་འགོད་ཀྱི་དབུ་ཁྲིད་ཅིག་ཏུ་འགྲེལ་བཤད་རྒྱག་གི་ཡོད་པ་མ་ཟད། ཆེས་ཟློག་ཏུ་མེད་པའི་དཀའ་སྡུག་མང་པོར་ན་སྲན་བྱས་ཏེ་རང་ཉིད་ཀྱིས་བདམས་ཟིན་པའི་དཔལ་འབྱོར་ལམ་ལུགས་ལ་བརྟེན་ནས་རྒྱ་ནག་རྒྱལ་ཁབ་ཡར་རྒྱས་ཕྱིན་ལུགས་ཀྱི་ཆེ་བ་རྐྱང་རྐྱང་བརྗོད་ཀྱི་ཡོད། དེ་བས་སྲིད་གཞུང་གི་དམ་དྲག་ལ་མ་བལྟས་པར། རྒྱ་ནག་མི་མང་ཡང་གལ་འགངས་ཆེ་ཞིང་ལམ་ལྷོང་ཅན་གྱི་བྱེད་སྒོ་འདིའི་ནང་མཉམ་ཞུགས་བྱས་པ་སྨོས་མེད་རེད། དེ་འདྲ་ཡིན་པས། ཞི་ཅིན་ཕིན་གྱི་དབང་སྒྱུར་འོག་གི་དམར་ཤོག་ཚོགས་པས་རྒྱལ་ནང་གི་རྒྱལ་ཞེན་རིང་ལུགས་དང་མི་རིགས་རིང་ལུགས་ཀྱི་རང་མཐོང་མཐོར་འདེགས་བཏང་སྟེ། དམར་ཤོག་ཚོགས་པའི་སྲིད་ཇུས་ཀྱི་རྨང་གཞི་རྒྱ་སྐྱེད་གཏོང་བའི་གོ་སྐབས་འཚོལ་བཞིན་ཡོད་པ་རེད། ཞི་ཅིན་ཕིན་གྱི་དབང་སྒྱུར་འོག་ཏུ། ཐ་ན་དམར་ཤོག་ཚོགས་པས་རང་ཉིད་དང་མི་སེར་གཉིས་བར་འཆིང་ཐག་སྲ་མོ་ཞིག་འཐེན་ཡོད་སྟབས། དམར་ཤོག་ཚོགས་པར་ཐེབས་པའི་སྐྱོན་བརྗོད་ཡོད་ཚད་རྒྱལ་ཞེན་རིང་ལུགས་མ་ཡིན་པ་ཞིག་ཏུ་གསལ་བཤད་བྱེད་པ་དང་། དེ་ལ་བརྟེན་ནས་དམར་ཤོག་ཚོགས་པ་ནི་རྒྱ་ནག་མི་རིགས་ཀྱི་ལམ་སྲོལ་རང་བཞིན་ལྡན་པའི་ལོ་རྒྱུས་ཀྱི་ངོ་བོར་བསྒྱུར་ཐབས་སུ་འབད་ཅིང་། ཡང་རིག་གནས་གསར་བརྗེའི་སྐབས་ཀྱི་ང་ཡ་བའི་ངུ་འབོད་ཁྲོད་དུ། དམར་ཤོག་ཚོགས་པས་རྒྱ་ནག་གི་སྲོལ་རྒྱུན་རིག་གནས་དང་ཡུལ་སྲོལ་གོམས་གཤིས་བཅས་པ་སྣང་མེད་ལ་བཞག་སྟེ་དམར་ཤོག་ཚོགས་པ་རང་ཉིད་ནི་གདོད་དུས་ཀྱི་རྙིང་ཞེན་ཡོད་ཚད་མགོ་རྟིང་སློག་པའི་འཐུས་ཚབ་ལྟ་བུར་འགྲེལ་བརྗོད་བྱས་ཡོད་པ་རེད།

 

རྒྱལ་ནང་གི་དཀའ་རྙོག་གང་ཡང་སེལ་མ་ཐུབ་པར་རྒྱ་ནག་སྲིད་གཞུང་ལ་སྟོབས་ཤུགས་འདི་འདྲ་རྒྱས་ཡོད་པས། ང་ཚོས་སྔོན་ཆད་ཅིའི་ཕྱིར་དུ་དམར་ཤོག་ཚོགས་པར་སྟོབས་ཤུགས་མ་འཕེལ་བའི་གནད་ཀ་ཐེར་འདོན་བྱས་ཆོག་སྟེ། གནད་དོན་འདིས་ང་ཚོར་ཅི་ཞིག་གསལ་བཤད་བྱེད་ཀྱི་ཡོད་དམ་ཅེ་ན། དམར་ཤོག་ཚོགས་པས་སྤྱི་དམངས་ཀྱི་གླེང་སློང་ལ་སྟངས་འཛིན་བྱས་ཏེ། སྔོན་ཆད་ཀྱི་སྲིད་ཇུས་ལམ་ལྷོང་གི་ཡིད་རྟོན་འབའ་ཞིག་ལ་བརྟེན་ནས་ནོར་འཁྲུལ་ཅན་གྱི་སྲིད་ཇུས་དམིགས་འབེན་དུ་བཟུང་ཡོད་ལ། དམར་ཤོག་ཚོགས་པས་དུས་རྒྱུན་དུ་བྱ་གཞག་གང་ཞིག་ལ་ནོར་འཁྲུལ་ཤོར་ཚེ། དེ་ལ་ཁ་གཡར་ཁག་དཀྲི་འཚོལ་བའི་བློ་རྩལ་ཁྱད་དུ་འཕགས་པ་ཞིག་ཡོད་ཅིང་། དེའི་རྗེས་སུ་ཁོ་ཚོ་སྲིད་ཇུས་བཅོས་བསྒྱུར་གྱི་ལམ་ཕྱོགས་སུ་བསྐྱོད་པ་རེད།

 

དྲི་བ། ཁྱེད་རང་གི་སྣེ་ཁྲིད་འོག་ཏུ་འདས་པའི་ལོ་ངོ་བཅུ་ཕྲག་རིང་གི་དཔྱད་ཞིབ་ཡིག་ཆའི་ནང་། རྒྱ་ནག་མི་མང་རྒྱ་ནག་ས་གནས་སྲིད་གཞུང་གི་བསམ་སྦྱོར་ལ་ཡིད་མ་ཚིམ་པའི་རྣམ་འགྱུར་བསྟན་ཡོད་པ་རེད། ཞི་ཅིན་ཕིན་གྱིས་རྒྱལ་ནང་གི་ལྐོག་ཟ་རུལ་སུངས་ལ་དམ་དྲག་བྱེད་པ་དང་དུས་མཚུངས་སུ། རྒྱ་ནག་མི་མང་གིས་དབུས་གཞུང་ལ་བཟུང་བའི་རྣམ་འགྱུར་ལ་འགྱུར་ལྡོན་འབྱུང་གི་ཡོད་དམ། གལ་ཏེ་ཡོད་ན་ནི་འཕོ་འགྱུར་འདིས་རྒྱལ་ནང་གི་དཔལ་འབྱོར་ཉམ་ཉེས་ལས་བྱུང་བའི་ལྡོག་ཕྱོགས་ཀྱི་ཤན་ཤུགས་དེ་བཟློག་ཐབས་ཡོད་དམ།

 

དྲིས་ལན། ཕྱི་ལོ་ ༢༠༡༤ ལོའི་དཔྱད་ཞིབ་ཡིག་ཆའི་ནང་དུ། རྒྱ་ནག་སྲིད་གཞུང་གིས་མི་མང་ལ་འཛིན་པའི་འགལ་རྐྱེན་གྱི་རྣམ་འགྱུར་དང་རྒྱ་ནག་གི་མི་སེར་རྣམས་ཀྱིས་སྲིད་གཞུང་ལ་འཛིན་པའི་ཡི་མ་རང་བའི་རྣམ་འགྱུར་གཉིས་གཅིག་མཚུངས་ཡིན་པར་བསྟན་ཡོད་པ་དང་། ས་གནས་སྲིད་གཞུང་གིས་རྒྱ་ཆེའི་སྤྱི་མང་ལ་ཞབས་འདེགས་སྒྲུབ་པའི་བྱེད་ནུས་ཐོན་གྱི་མེད་སྟབས། གནད་དོན་འདི་ཧ་ཅང་གལ་ཆེན་པོ་ཆགས་ཡོད།

 

རྒྱ་ནག་དབུས་གཞུང་གིས་མི་མང་གི་ལས་དོན་སྒྲུབ་པའི་ཐད་ནས་བློ་ཡིད་ཚིམ་པའི་མི་མང་བརྒྱ་ཆའི་ ༩༢.༨ ཟིན་པའི་ནང་ནས་བརྒྱ་ཆའི་ ༣༧.༦ ལྷག་གི་འདོད་བློ་ཡོངས་སུ་ཚིམ་འདུག་མོད། འོན་ཀྱང་ང་ཚོས་ཕྱི་ལོ་ ༢༠༠༣ ལོ་ནས་ད་ལྟའི་བར་དཔྱད་ཞིབ་བྱས་པ་ལྟར་ན། རྒྱ་ནག་གི་རྫོང་དང་ཁུལ་ས་གནས་རིམ་པའི་སྲིད་གཞུང་ཁག་གིས་མི་མང་གི་ལས་དོན་བསྒྲུབས་པའི་ཐད་ནས་རྒྱ་ཆེའི་མི་མང་གི་འདོད་བློ་ཚིམ་པའི་གནས་བབ་ཤིན་ཏུ་ཞན་པར་འདུག དཔེར་ན། རྒྱ་ནག་གི་གྲོང་རྡལ་རིམ་པའི་སྲིད་གཞུང་གིས་ལས་འགན་སྒྲུབ་སྟངས་ཐད་ནས་མི་མང་བརྒྱ་ཆའི་ ༧.༨ ཙམ་གྱི་འདོད་བློ་ཡོངས་སུ་འཚིམ་གྱི་ཡོད་ནའང་། ལྟོས་བཅས་ཀྱིས་མི་མང་བརྒྱ་ཆའི་ ༤༧ ལྷག་གི་འདོད་བློ་འཚིམ་གྱི་མེད་པའི་གནད་དོན་འདིས་རྒྱ་ནག་དབུས་གཞུང་ལ་ཉེན་བརྡ་ཞིག་སྤྲད་ཡོད་པ་རེད། དེ་རྒྱུ་མཚན་གང་གིས་ཤེས་སམ་ཞེ་ན། སྤྱི་མང་བྱིངས་ཀྱིས་གནད་དོན་འདི་དག་ནི་རྒྱ་ནག་དབུས་གཞུང་གི་སྲིད་ཇུས་ལམ་ལུགས་ཀྱི་གནད་དོན་ཞིག་མ་ཡིན་པར། དེ་ནི་ས་གནས་དཔོན་རིགས་ཚོས་དབང་ཤེད་སྒེར་གཅོད་བྱས་པའི་གནད་དོན་ཞིག་ཏུ་མཐོང་གི་ཡོད་པ་རེད།

 

ལྡོག་ཕྱོགས་ཀྱི་གནད་དོན་གཙོ་བོ་གཉིས་ནི་མི་སེར་རྣམས་ཀྱི་མཐོང་སྣང་ཞིག་ལ། རྒྱ་ཆེའི་མི་མང་གི་དཔོན་པོ་ཚོས་མི་མང་དཀྱུས་མ་ཚོའི་ཁེ་ཕན་སྒྲུབ་རྒྱུ་ལྟ་ཞོག ཁོ་ཚོས་ཤོག་དངུལ་གྱི་ཕྱུག་བདག་ཚོ་དང་གོ་དབང་གི་ཕྱུག་བདག་ཚོར་འབྲེལ་འདྲིས་བྱེད་པའི་གླགས་ཁོ་ན་འཚོལ་གྱི་ཡོད་པ་རེད།

 

ང་ཚོའི་སྔར་རྗེས་ཀྱི་དཔྱད་ཞིབ་ཡིག་ཆ་ཁག་ནང་། རྒྱལ་ནང་གི་ལྐོག་ཟ་རུལ་སུངས་གཙང་བཤེར་བྱེད་པའི་ལས་འགུལ་དེ་ནི་རྒྱལ་ཁབ་ཅིག་ལ་སྲིད་གཞུང་ཚུགས་པའི་ལོ་རྒྱུས་ཁྲོད་ཀྱི་ལས་དོན་ཆེས་སྡུག་ཤོས་སུ་མཐོང་གི་འདུག་ཀྱང་། གནས་སྟངས་དེ་ཕྱི་ལོ་ ༢༠༡༤ ལོ་ནས་བཟུང་ཅུང་ཙམ་ཇེ་ལེགས་སུ་ཕྱིན་ཏེ། དེང་སྐབས་ས་གནས་འཛིན་སྐྱོང་ཐད་ལ་གཟེངས་རྟགས་ཀྱང་སྤྲོད་ཀྱི་ཡོད་སྟབས། ས་གནས་མི་མང་བརྒྱ་ཆའི་ ༤༢.༢ ལྷག་གིས་ད་དུང་སྲིད་གཞུང་གི་དཔོན་རིགས་ཚོར་ཡིད་རྟོན་བཅོལ་གྱི་ཡོད་པ་རེད།

 

གང་ལྟར་ཁོ་རང་ཚོའི་བསམ་པར། དབུས་གཞུང་གིས་རྒྱལ་ནང་གི་ལྐོག་ཟ་རུལ་སུངས་གཙང་བཤེར་བྱེད་ཐབས་སུ་འབོད་བརྩོན་བྱེད་ཀྱི་འདུག་སྙམ་གྱི་ཡོད་པ་མ་ཟད། མི་མང་བརྒྱ་ཆའི་ ༤༨.༤ ལྷག་གིས། ལྐོག་ཟ་རུལ་སུངས་གཙང་བཤེར་བྱེད་པའི་ལས་འགུལ་ལ་བརྟེན་ནས། ད་ནི་རྒྱལ་ནང་གི་ལྐོག་རྔན་སྤྲོད་ལེན་གྱི་གནད་དོན་མེད་པ་ཆགས་ཀྱི་ཡོད་པར་བསམ།

 

དབུས་གཞུང་གི་དཔོན་རིགས་ཚོར་བཅངས་པའི་རེ་འདུན་དེ་ལ་བརྟེན་ནས། གཞི་རིམ་མང་ཚོགས་ཀྱིས་མུ་མཐུད་དུ་ས་གནས་སྲིད་གཞུང་གིས་མི་མང་གི་མངོན་འདོད་རྡོག་རོལ་དུ་གཏོང་བ་དང་། དབུས་སྲིད་གཞུང་གིས་མི་མང་གི་ཁེ་ཕན་ཁོ་ན་སྒྲུབ་ཀྱི་འདུག་པར་མཐོང་གི་ཡོད། དེ་འདྲ་ཡིན་སྟབས་རྒྱ་ནག་གཞུང་གིས་ནམ་ཞར་ས་གནས་མི་མང་གི་ངོ་རྒོལ་ལས་འགུལ་ལ་དམ་དྲག་བྱེད་ཀྱི་ཡོད་པ་རེད།

 

དྲི་བ། ཁྲོ་སྡང་གི་དབང་དུ་གྱུར་བའི་ངལ་རྩོལ་གྲལ་རིམ་གྱིས་དམར་ཤོག་ཚོགས་པར་འཇིག་ཉེན་ཅི་འདྲ་སློང་གི་ཡོད་དམ། གནད་དོན་འདིའི་ཐད་ནས་འབྱོར་འབྲིང་གྲལ་རིམ་ལ་ཕོག་ཐུགས་ཐེབས་ཀྱི་ཡོད་དམ། དོན་དངོས་སུ་གྲལ་རིམ་འདི་གསུམ་གྱི་དབར་ཕན་ཚུན་ཡི་མ་རང་བའི་འགལ་རྐྱེན་ཅི་ལྟར་འབྱུང་གི་ཡོད་པ་རེད།

 

དྲིས་ལན། དེ་ནི་བལྟས་ཚོད་ཀྱིས་རྒྱལ་ནང་གི་བཟོ་ལས་ཐོན་སྐྱེད་ཀྱི་བྱེད་ལས་ཇེ་མང་དུ་སོང་བ་དང་། དཔལ་འབྱོར་འདུ་འགོད་ཀྱི་འགྲོས་ཇེ་དལ་དུ་ཕྱིན་པའི་རྐྱེན་གྱིས་ཡིན་པ་འདྲ། ཡིན་ནའང་། ང་ཚོས་ཕྱི་ལོ་ ༡༩༩༠ ལོའི་རྒྱ་ནག་གི་བཟོ་ལས་ཐོན་སྐྱེད་སྡེ་ཁག་ཉམས་རྒུད་དུ་གྱུར་བའི་རྒྱུ་རྐྱེན་ལ་ཚོད་དཔག་བྱས་པ་ལས་ཀྱང་། གནད་དོན་འདིའི་ཁྲོད་དུ་དམར་ཤོག་ཚོགས་པའི་སྲིད་དབང་ཇེ་བརྟན་དུ་འགྲོ་གི་ཡོད། དེ་བས་ཕྱི་དངོས་པའི་དཔལ་ཡོན་གྱི་དཀའ་སྡུག་ལ་བརྟེན་ནས་ས་གནས་མི་མང་གི་ངོ་རྒོལ་ལས་འགུལ་གྱི་ཡུན་ཅི་ཙམ་རིང་བ་དེ་སྲིད་དུ། རྒྱ་ནག་སྲིད་གཞུང་ངལ་རྩོལ་གྲལ་རིམ་གྱི་ཡི་མ་རང་བའི་རྣམ་འགྱུར་ལ་ཞེད་ཀྱི་ཡོད་པ་མ་རེད།

 

གུང་ཁྲན་ཏང་གི་འཇིག་ཉེན་གཙོ་བོ་དེ་འབྱོར་འབྲིང་གྲལ་རིམ་དང་མཐོ་རིམ་སྤྱི་ཚོགས་གཉིས་ཡིན་ངེས། འོན་ཀྱང་གནས་སྟངས་ཇེ་སྡུག་ཏུ་འགྲོ་བའམ་དམར་ཤོག་ཚོགས་པས་མངོན་གསལ་འཛེམ་མེད་ལ་དབང་སྒྱུར་སྲིད་ཇུས་ལག་ལེན་དུ་མ་བསྟར་བ་ཡིན་ན། གྲལ་རིམ་འདི་གཉི་གས་དེང་གི་སྲིད་ཇུས་ལམ་ལུགས་འོག་ཏུ་རང་ཉིད་ལ་བདག་པའི་བདེ་སྐྱིད་དེ་ཉེན་ཁར་གཏད་འདོད་ཡོད་པ་མ་རེད་ལ། གནད་དོན་འདི་གཉིས་འབྱུང་ཡང་སྲིད་ཀྱི་མ་རེད། གསལ་བོར་བཤད་ན་སློབ་གསོའི་གོ་སྐབས་ལེགས་པོ་རག་པ་དང་ཕྱི་ནང་གི་འབྱོར་ཕྱུག་གང་འཚམ་ཐོབ་པའི་གྲལ་རིམ་ཁག་རྒྱ་ནག་གཞུང་གི་བྱེད་ལས་ལ་ཡིད་ཚིམ་ནས་བསྡད་ཡོད་པ་རེད། འོན་ཀྱང་ཁོར་ཡུག་གི་གནས་སྟངས་ཇེ་ཞན་དང་མ་རྐང་ཁྲོམ་ར་ཉམས་རྒུད། རྒྱལ་དམངས་གཉི་ག་ནུས་མེད་ཉམ་ཐག་ཏུ་འགྱུར་བཞིན་པའི་དཀའ་སྡུག་འདི་དག་སེལ་ཐབས་དགོས་པའི་ཐད་ནས། འབྱོར་འབྲིང་གྲལ་རིམ་དང་མཐོ་རིམ་སྤྱི་ཚོགས་གཉིས་ལའང་ཤན་ཤུགས་ཐེབས་ཀྱི་ཡོད་ལ། དེར་མ་ཟད་དམར་ཤོག་ཚོགས་པས་ཀྱང་གཟབ་ནན་གྱིས་སྒོ་ནས་དཔལ་རིགས་གཉིས་འཛོམས་ཀྱི་གཞིས་ཀ་འདི་གཉིས་ཀྱི་ཁེ་ཐོབ་ལ་རྡོག་རྫིས་མི་གཏོང་ཐུ་མེད་ཆགས་ཡོད་པ་རེད།

 

ཕྱི་ལོ་ ༢༠༠༣ ལོ་ནས་ད་ལྟའི་བར་ང་ཚོས་དཔྱད་ཞིབ་བྱས་པར་གཞིག་ན། རྒྱ་ནག་གི་མི་སེར་རྣམས་ཀྱིས། སྲིད་གཞུང་གིས་རྒྱལ་ནང་གི་ཁོར་ཡུག་འཕྲོད་བསྟེན་དང་འཛིན་སྐྱོང་གི་བྱེད་ནུས་དེ་ཙམ་ཐོན་གྱི་མེད་པར་འདོད་ཅིང་། སྡོད་ཁང་ཉོ་འཚོང་ཁྲོམ་རར་ཉམ་ཉེས་ཐེབས་པ་དང་དུས་མཚུངས་སུ། སྲིད་གཞུང་གིས་མ་རྐང་ཁྲོམ་ར་ནི་འབྱོར་འབྲིང་གྲལ་རིམ་པས་སྐྱེད་འབབ་གཉེར་སའི་འདུ་ར་ (འོན་ཀྱང་འདིར་སྲིད་གཞུང་ལ་བདག་པའི་ཁེ་ལས་སྡེ་ཁག་གི་མ་དངུལ་བསྡུ་འབབ་ཇེ་མཐོར་བཏང་སྟེ་འབྱོར་འབྲིང་གྲལ་རིམ་གྱི་ཁེ་གཉེར་ལ་རམ་འདེགས་ཐོབ་ཀྱི་ཡོད་པ་ནི་སྨོས་མེད་རེད) ལྟ་བུ་ཞིག་ཏུ་གླེང་སློང་བྱེད་ཀྱི་ཡོད་པ་དང་། གློ་བུར་དུ་ཁེ་ལས་ཉོ་འཚོང་གི་འགྲོ་རྒྱུག་ཉམ་ཉེས་སུ་འགྲོ་གི་ཡོད་པར་སྣང་།

 

དམར་ཤོག་ཚོགས་པའི་འགག་རྩའི་གནད་དོན་ནི། ཁོ་ཚོས་རང་ཉིད་ཀྱི་མཐོ་རིམ་སྤྱི་ཚོགས་ཁག་དང་འབྱོར་འབྲིང་གྲལ་རིམ་པར་དངུལ་ལོར་གྱི་ཁེ་སྤོགས་བསྐྲུན་ཐུབ་མིན་ལ་ཐུག་ཡོད་པ་དང་། དམར་ཤོག་ཚོགས་པས་དུས་ཇི་སྲིད་བར་མཐོ་རིམ་སྤྱི་ཚོགས་དང་འབྱོར་འབྲིང་གྲལ་རིམ་གྱི་ཁེ་བཟང་བསྒྲུབ་པ་དེ་སྲིད་དུ། གྲལ་རིམ་འདི་གཉི་གས་དམར་ཤོག་ཚོགས་པར་ཡི་མི་རང་བའི་རྣམ་འགྱུར་སྟོན་མི་སྲིད་ཅིང་། གལ་ཏེ་དེ་ལྟར་བསྒྲུབ་མ་ཐུབ་པ་ཡིན་ན། གྲལ་རིམ་འདི་གཉིས་ཀྱིས་རང་མོས་བདམ་ང་ཞིག་འཚོལ་ངེས་རེད། འོན་ཀྱང་འགལ་རྐྱེན་དེའི་དབང་གིས་ཁོ་ཚོར་ཡང་རང་མོས་འདམ་ག་ཞིག་འཐོབ་རྒྱུ་ཁག་པོ་ཆགས་ཡོད།

 

དྲི་བ། ཕྱི་ལོ་ ༡༩༨༩ ལོར་ཧ་ལམ་དུས་ཡུན་ཐུང་ཐུང་ཞིག་གི་རིང་ལ་རྒྱ་ནག་གཞུང་གི་དབང་སྒྱུར་སྲིད་ཇུས་ཀྱི་བྱེད་ནུས་ཡོངས་སུ་ཤོར་སྟབས། ཁོ་ཚོས་དྲག་པོའི་སྦྱོར་བར་བརྟེན་ནས་དབང་སྒྱུར་སྲིད་ཇུས་ཀྱི་བྱེད་ནུས་བསྐྱར་གསོ་དགོས་པར་ཐུག་ཡོད། ཅེས་རྒྱ་ནག་མི་མང་གིས་རྩོད་གླེང་བྱེད་ཆོག་གི་རེད་ལ། དུས་སྐབས་དེར་ད་དུང་རྒྱལ་ནང་གི་དཔལ་འབྱོར་གནས་སྟངས་ཀྱང་ཧ་ཅང་ཉམས་ཆག་ཏུ་སོང་ཡོད་པ་མ་ཟད། ཕྱི་ལོ་ ༡༩༩༠ ལོ་ནས་ད་ལྟའི་བར་དཔལ་འབྱོར་འདུ་འགོད་ཀྱི་འགྲོས་ཤིན་ཏུ་དལ་བུར་ཕྱིན་ཡོད་པ་རེད། དམར་ཤོག་ཚོགས་པས་རང་གི་དབང་སྒྱུར་སྲིད་ཇུས་ཀྱི་བྱེད་ནུས་ལ་བརྟེན་ནས་རྒྱལ་ནང་གི་དུས་ཟིང་ལ་ཡ་ལན་སློག་པའི་ཐད་ནས། དམར་ཤོག་ཚོགས་པའི་དབང་སྒྱུར་སྲིད་ཇུས་ལ་འགྱུར་བ་ཅི་འདྲ་ཐེབས་ཡོད་པ་དང་། མི་མང་དྲག་ཆས་ཉེན་རྟོག་དམག་ལྟ་བུའི་རྒྱལ་སྲུང་དམག་དཔུང་རྒྱ་བསྐྱེད་པ་དང་དེང་རབས་ཅན་དུ་བསྒྱུར་ཐབས་སུ། རྒྱ་ནག་གཞུང་གིས་བྱེད་སྒོ་ཅི་ལྟ་བུ་ཞིག་ལག་བསྟར་སྲིད་དམ།

 

དྲིས་ལན། ངས་བལྟས་ན་རྒྱ་ནག་གཞུང་གིས། དམར་ཤོག་ཚོགས་པའི་དབང་སྒྱུར་འོག་གི་རྒྱལ་སྲུང་དམག་དཔུང་ལ་མི་མང་འདུ་འཛོམས་ལ་སྟངས་འཛིན་བྱེད་ཐབས་ཀྱི་སྦྱོར་བརྡར་ཚད་མཐོན་པོ་སྤྲད་དེ། ཕྱི་ལོ་ ༡༩༨༩ ལོའི་དམངས་གཙོའི་ལས་འགུལ་ལྟ་བུའི་མི་མང་གི་རྔམ་སྟོན་ཁྲོམ་སྐོར་སྔོན་འགོག་བྱེད་ཐབས་འཚོལ་གྱི་ཡོད་པ་དང་། དོན་དག་འདིས་ང་ཚོར་རྒྱལ་ནང་གི་མཐོ་རིམ་སྤྱི་ཚོགས་ཁག་ཆིག་སྒྲིལ་གྱི་གནད་དོན་ཞིག་གསལ་བཤད་བྱེད་ཀྱི་ཡོད།

 

མཐོ་རིམ་སྤྱི་ཚོགས་ཁག་ཇི་སྲིད་བར་ཆིག་སྒྲིལ་བྱུང་བ་དང་དཀག་རྙོག་བརྒྱུད་བསྒྲགས་ཐུབ་པ་དེ་སྲིད་དུ། རྒྱལ་ནང་གི་དུས་ཟིང་ཡང་ཞི་འཇགས་སུ་གཏོང་ཐུབ་ཀྱི་ཡོད་པ་རེད། ཕྱི་ལོ་ ༡༩༨༩ ལོའི་དཀའ་རྙོག་ལ་བརྟེན་ནས། རྒྱ་ནག་གི་མཐོ་རིམ་སྤྱི་ཚོགས་ཁག་ཁ་བྲལ་དུ་སོང་ནས་མང་པོ་ཞིག་སྤྱི་དམངས་སུ་གྱུར་ཏེ། དུས་ཡུན་ངེས་ཅན་ཞིག་རིང་དབུས་གཞུང་གི་གསལ་ཁ་བཏོད་པའི་བཀའ་བཀོད་གང་ཡང་མེད་ལ། ཐ་ན་རྩོད་རྙོག་གི་བཀའ་བཀོད་གསལ་བཤད་བྱ་བར་ཡང་སྟོང་ཆ་ཆེན་པོ་ཞིག་ཤོར་ཡོད་པ་རེད། མཇུག་མཐར་ཕྱི་ལོ་ ༡༩༨༩ ལོའི་དམངས་གཙོའི་ལས་འགུལ་དེ་ནི་མི་སེར་དཀྱུས་མ་ཚོའི་མངོན་འདོད་བསྒྲུབ་ཐབས་ཤིག་མ་ཡིན་པར། ལྡོག་སྟེ་གྲལ་རིམ་ཁག་ནང་མཐོ་རིམ་སྤྱི་ཚོགས་ཀྱི་སྟོབས་ཤུགས་དང་གོ་དབང་ཁྱབ་བརྡལ་དུ་གཏོང་ཐབས་ཀྱི་ངོ་བོ་ཞིག་ཏུ་གྱུར་བ་རེད།

 

མ་རྩོམ་འབྲེལ་ཐག http://sinosphere.blogs.nytimes.com/2015/09/11/anthony-saich-china-communist-party/?_r=2

འབྲེལ་ཡོད་གསར་འགྱུར།

བོད་དོན་ལས་འགུལ་འཇམ་དབྱངས་བསྟན་འཛིན་ལགས་དྷ་མ་ས་ལ་འབྱོར། ༢༠༢༥།༠༥།༢༥ དུས་བབ་ཀྱི་པར།
Mobile App

རྒྱ་གར་ཧི་མ་ཅལ་མངའ་སྡེའི་ནང་བོད་དོན་དྲིལ་བསྒྲགས་གནང་བཞིན་འདུག

ཆུ་ཚོད་ ༡༢ སྔོན་ལ།
Mobile App

བཙན་འོག་གི་གྲོས་མཐུན་དོན་ཚན་ ༡༧ ནུས་མེད་ཆགས་པ་རྒྱལ་སྤྱིའི་ཐོག་ཁ་གསལ་བཟོ་དགོས།

༢༠༢༥/༠༥/༢༣
དབྱིན་ཇིའི་རྒྱལ་ཁབ་སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་ལངས་ཕྱོགས་གསལ་བོ་བཟོས་འདུག བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༢༣
Mobile App

སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་ཐད་ལངས་ཕྱོགས་བརྟན་པོ་བཟོས་འདུག

༢༠༢༥/༠༥/༢༣
ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་། དྲ་ལམ་གྱི་པར།
Mobile App

ཧཱ་ཝར་ཌི་གཙུག་ལག་སློབ་གྲྭར་རྒྱལ་སྤྱིའི་སློབ་མ་བཀག་སྡོམ་གནང་འཆར་ཡོད་འདུག

༢༠༢༥/༠༥/༢༣
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་དུ་འདེམས་ཐོན་བྱུང་།

༢༠༢༥/༠༥/༢༣
བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༢

མཆན། 2

  1. ན་བུན། says:
    ལོ་ 10 སྔོན།

    རེད་ཡ། རྒྱ་ནག་གི་སྲིད་བློན་སྔོན་མས”དམངས་གཙོ་ཟེར་བ་དེ་མི་མང་གིས་སྲིད་གཞུང་ལ་ངོ་རྒོལ་གནང་ཆོག་པའི་ཁེ་དབང་ཞིག་ཡིན་དུས། དེ་རྒྱལ་ཁབ་ཅིག་ལ་དགོས་རྒྱུ་ཞིག་རེད་མི་འདུག”ཅེས་གསལ་བོར་བཤད་མྱོང་ནི་རེད།

    Reply
  2. སྲོང་བཙན། says:
    ལོ་ 10 སྔོན།

    འདི་ལྟར་བལྟས་ཡོང་ན་རྒྱ་ནག་མང་གཙོ་ཅན་དུ་འགྱུར་རྒྱུ་ནི་ཧ་ཅང་དཀའ་བ་འདུག དེས་ན་རང་རེའི་རྨི་ལམ་དེའང་འགྲུབ་དཀའ་བ་ཞིག་ལས་ལོ་བཅུ་ཕྲག་འགའ་ནང་དུ་ཡོང་མི་སྲིད་པ་ཞིག་རེད་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese