མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་བརྒྱུད་སྤྱི་འཐུས་མི་དགོས།

བོད་ཀྱི་དུས་བབ།
༢༠༡༥/༠༩/༢༡
Share on FacebookShare on TwitterShare on EmailShare on Whatsapp

གཡུ་སྒང་དགེ་འདུན།

 

སྤྱིར་གཞུང་སྒེར་སོགས་སུ་དང་གང་གི་ཐད་ནས་ངན་རབ་སྡུག་རབ་རྐྱང་རྐྱང་བཤད་ནས་བསྡད་ན་ བཤད་རྒྱུ་མང་པོ་སྙེད་གི་རེད། དེ་ལ་དོན་སྙིང་མེད། ཡིན་ནའང་རང་ཉིད་ཀྱི་ངན་ཕྱོགས་མཐོང་བ་དེ་བཟང་ཕྱོགས་སུ་བསྒྱུར་ཐུབ་པའི་ནུས་པ་ མེད་ཀྱང་། རང་ཉིད་ཀྱི་བསམ་ཚུལ་ཡོད་པ་དེ་དྲང་པོར་བརྗོད་རྒྱུ་གལ་ཆེན་རེད། དེར་བརྟེན་ངས་འདིར་ཚིག་ཁ་ཤས་ཞུ་འདོད་བྱུང་། སྤྱིར་བཏང་ནས་ཆོས་བརྒྱུད་ཁག་གི་སྤྱི་འཐུས་ཚང་མ་མི་དགོས་པ་ཞིག་རེད། བླ་མ་དང་གྲྭ་བ། ཨ་ནེ། སྐྱེས་པ། བུད་མེད་སོགས་རྟེན་གྱི་དབྱེ་བ་མེད་པར་ཆོལ་ཁ་རེ་རེ་ནས་སྤྱི་འཐུས་བཅུ་རེ་དང། ཁྱོན་བསྡོམས་སུམ་བཅུ་ཐོན་པ་ཡིན་ན་དེའི་འགྲིག་པ་རེད། དེའི་སྒང་ལ་ཡོ་རོབ་དང་ཨ་རི་སོགས་སུ་དགོས་དབང་གིས་སྤྱི་འཐུས་ག་ཚོད་ཡོད་ན་དེ་ བསྡོམས་ནས་སྤྱི་འཐུས་མི་སུམ་ཅུ་སོ་གྲངས་དེ་སྐྱ་སེར་ཕོ་མོ་དབྱེ་བ་མེད་པར་བསམ་བློའི་ནུས་པ་གཅིག་ཏུ་སྒྲིལ་ནས་འདེམས་པ་ཡིན་ན། དེས་མི་མང་གི་ཚབ་མཚོན་ཐུབ་ལ། སྤྱི་མིའི་ཚབ་མཚོན་བྱེད་ཐུབ་ན་ཆོས་བརྒྱུད་ཁག་གི་ཚབ་ག་རེ་བྱས་ནས་མཚོན་མི་ ཐུབ་པ་རེད། དེ་ཐུབ་པ་ཞིག་རེད། སྐད་ཆ་རྩོག་པ་ཞིག་བཤད་ན། གྲྭ་བཙུན་ལ་སྤྱི་འཐུས་གཉིས་འདེམས་པའི་ཐོབ་ཐང་དང་སྐྱ་བོ་ལ་སྤྱི་འཐུས་གཅིག་ གི་ཐོབ་ཐང་ལས་མེད་པ་དེ་གནས་ལུགས་ལྟར་སོང་ན་ཏག་ཏག་ཅིག་བསྡད་ཡོད་པ་མ་རེད། ཡིན་ནའང་དེའི་ཆ་ནས་རྩོད་དགོས་པ་ཞིག་མ་རེད། ང་ཚོས་གནའ་ནས་ད་ལྟ་བར་དུ་མིག་དཔེ་ལྟ་ས་གཙོ་བོའི་གྲས་རྒྱ་གར་ལྟ་བུར་མཚོན་ན་ ཆོས་ལུགས་སོ་སོའི་སྤྱི་འཐུས་འདུག་གམ། དྲི་རྟགས་འདི་རང་བཞིན་གྱིས་སླེབས་ཀྱིན་འདུག མི་རིགས་འདི་ཆོས་དད་ཅན་ཞིག་ཡིན་པ་ང་ཚོ་ཚང་མས་མིག་མཐོང་ལག་ཟིན་རེད།

 

ཁོ་ཚོའི་འཐུས་ཚོགས་ཀྱིས་ཆོས་ལུགས་ཀྱི་ཚབ་མཚོན་མ་ཐུབ་ས་གང་ཡང་མེད་པ་རེད། གཞུང་གི་འཛིན་སྐྱོང་གི་ལས་དོན་ཐད་ལ་ཆོས་ལུགས་ཀྱི་རྩོད་རྙོག་ཉུང་ཉུང་རེད། ང་ཚོའི་སྤྱི་ཚོགས་འདིར་གྲོས་ཚོགས་དང་ཇོ་ནང་བ་གཉིས་ཀྱི་འཁྲབ་སྟོན་ལ་ཁྲབ་མཁན་ ངོ་མ་ཚ་ན་ཡང་ལྟ་མཁན་ངོ་ཚ་བས་འདིའི་རིགས་ཕྱིས་སུ་མི་འབྱུང་བའི་ཐག་གཅོད་ཡག་ པོ་ཞིག་བྱེད་དགོས་པར་འདོད། ཕྱིས་སུ་མི་འབྱུང་བ་ཞིག་དང་། ང་ཚོའི་སྤྱི་ཚོགས་འདིར་ཟིང་ཆ་དང་རྙོག་གླེང་ཉུང་རུ་གཏོང་འདོད་ན། ཆོས་བརྒྱུད་སྤྱི་འཐུས་མེད་པ་བཟོ་རྒྱུ་དེ་རེད། ཆོས་བརྒྱུད་སྤྱི་འཐུས་མེད་པ་ཙམ་གྱིས་ཆོས་བརྒྱུད་ཚང་མ་ཉམས་རྒུད་དུ་མི་འགྲོ་བ་ཧ་ཅང་གསལ་པོ་རེད།

 

བོད་ཀྱི་དུས་བབ་དྲ་ཐོག་ཏུ་”ཟམ་གདོང་ རིན་པོ་ཆེ་བཀའ་བློན་ཁྲི་པ་ཡིན་པའི་སྐབས་ཀྱི་གནས་སྟངས་དེར་ད་དུང་འགྱུར་བ་སོང་ཡོད་མ་རེད། རིན་པོ་ཆེའི་ཕྱག་བྲིས་ནང་ཇོ་ནང་པར་ཆོས་བརྒྱུད་སྤྱི་མཚུངས་ཀྱི་མཐུན་འགྱུར་ག་ རེ་དགོས་ནའང་དེ་སྔོན་སྦྱར་ཡོད། མ་འོངས་པར་སྦྱར་གྱི་ཡིན། སྤྱི་འཐུས་མ་རག་པའི་རྒྱུ་མཚན་གྱིས་ཇོ་ནང་པའི་ལུང་རྟོགས་བསྟན་པ་ལ་ཉམས་རྒུད་ འགྲོ་བ་གང་ཡང་མཐོང་གི་མེད་གསུངས་ཡོད་པ་རེད། ཅེས་གསུངས་ཡོད་འདུག” ཅེས་བཀོད་ཡོད་པ་ལྟར། ཟམ་གདོང་རིན་པོ་ཆེའི་གསུང་དེ་ཇོ་ནང་གཅིག་པུ་ལ་གསུང་བ་ཞིག་ཡིན་ནའང་ཆོས་ བརྒྱུད་གཞན་ཚོ་ཡང་སྤྱི་འཐུས་མེད་པའི་རྒྱུ་མཚན་གྱིས་ཆོས་བརྒྱུད་སོ་སོའི་ལུང་རྟོགས་ཀྱི་བསྟན་པ་ལ་ཉམས་རྒུད་དུ་མི་འགྲོ་བ་གཅིག་མཚུངས་རེད།

 

མཐའ་སྡོམ། འཛིན་སྐྱོང་བཀའ་ཤག་གིས་ཆོས་བརྒྱུད་སྤྱི་ཡོངས་ལ་ཕུལ་བའི་མཐུན་རྐྱེན་གནང་ཟིན་ པའི་རྗེས་ལ་ཆོས་བརྒྱུད་ཀྱི་མིང་ཐོག་ནས་སྤྱི་འཐུས་ཀྱི་རྐུབ་སྟེགས་ལ་ཚང་ག་མི་ བྱེད་པར་ཆོས་བརྒྱུད་སོ་སོའི་ཁོངས་སུ་འཆད་རྩོད་རྩོམ་གསུམ་དང་ཐོས་བསམ་སྒོམ་ གསུམ་ལ་འབད་བརྩོན་དང་ཆོས་པ་རྣམ་དག་ཅིག་གི་ལྟ་སྤྱོད་འཆང་བའི་ཆོས་བྱེད་མི་སྣ་ ངོ་མ་ཞིག་ཏུ་བཞུགས་རྒྱུའི་རེ་བ་ཡང་ཞུ་རྒྱུ།

འབྲེལ་ཡོད་གསར་འགྱུར།

Mobile App

འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག

ཆུ་ཚོད་ ༢ སྔོན་ལ།
Press Statement From The Office of His Holiness The Dalai Lama
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་ནས་བྱུང་མེད་པའི་གསལ་བསྒྲགས་གནང་།

ཆུ་ཚོད་ ༦ སྔོན་ལ།
Delhi High Court, Image Representational (Photo/Shutterstock)
Mobile App

རྒྱ་གར་གྱི་མཐོ་རིམ་ཁྲིམས་ཁང་གིས་བོད་མི་ཞིག་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲོད་དགོས་པའི་བཀའ་ཁྱབ་བཏང་།

༢༠༢༦/༠༢/༠༧
Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༦
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

༢༠༢༦/༠༢/༠༦
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥

མཆན། 8

  1. གཞིས་སྡོད་པ། says:
    ལོ་ 10 སྔོན།

    ཆོས་བརྒྱུད་སྤྱི་འཐུས་ཟེར་བ་སྔོན་མ་ནས་མེད་ན་བཟང་བསམ་ཡོད། རྒྱལ་ཁབ་གཅིག་གི་མི་སེར་ལ་མཚོན་ན། ཁོང་ཚོར་མི་གཅིག་འོས་གཅིག་ཟེར་བ་ལས། མི་གཅིག་འོས་གཉིས་ཟེར་བ་ཞིག་ཕལ་ཆེར་མེད་པ་རེད། ཆོས་ལུགས་པ་ཚོ་ཆོས་ལུགས་སྤྱི་འཐུས་ཀྱི་ནང་ནས་སྐལ་ཞིག་བླངས། ཆོལ་ཁའི་སྤྱི་འཐུས་ནང་ལ་ཡང་སྐེ་ཞིག་བསྲིངས། དེ་བརྒྱུད་ནས་རྙོག་དྲ་རྫོགས་མེད་གཅིག་བསླངས། དེ་བས་གདམ་ཀ་ནི། ཀ༽ཆོས་བརྒྱུད་སྤྱི་འཐུས་མེད་པར་བཟོ་རྒྱུ། ཁ༽ ཡང་ན་ཆོས་བརྒྱུད་སྤྱི་འཐུས་སྔར་སོར་བཞག་ནས། ཆོས་པ་ཚོར་ཆོས་བརྒྱུད་སྤྱི་འཐུས་ཁོངས་སུ་འོས་སུ་ལངས་པ་དང་འོས་ཤོག་འཕེན་པ་མ་གཏོགས། ཆོལ་ཁའི་སྤྱི་འཐུས་ཁོངས་སུ་འོས་སུ་ལངས་པ་དང་འོས་ཤོག་འཕེན་པའི་ཐོབ་ཐང་མེད་པར་བཟོ་དགོས། མདོར་བསྡུས་ན། ཆོལ་ཁ་འདྲ་མཉམ། ཕོ་མོ་འདྲ་མཉམ། སྐྱ་སེར་འདྲ་མཉམ་ཞིག་ཡོང་བ་བྱ་དགོས། སྤྱིར་ཆོས་ལུགས་པས་སྲིད་ཀྱི་ནང་དུ་སྐེ་བསྲིང་རྒྱུ་མང་ན་མི་བཟང་བ་ང་ཚོའི་ལོ་རྒྱུས་ཀྱིས་བསྟན་ཡོད་ལ། ལྷག་པར་དུ་ཆོས་ལུགས་པས་བགོ་སྐལ་གཉིས་ལེན་བྱེད་པ་འདི་ང་ཚོས་གཞན་ལ་ངོམ་སོ་བྱེད་བཞིན་པའི་ང་ཚོའི་མང་གཙོའི་ཞབས་འདྲེན་ཡིན། རྒྱལ་བ་དོན་གྱི་བདག་པོ་མཛད་རྗེས་འདི་འདྲ་ཆེ་ཡང་། མཚམས་འཇོག་ཚད་གཅིག་ལ་འཇོག་དགོས་དགོངས་ནས་ཁོང་གི་སྐུ་དབང་དང་དགའ་ལྡན་ཕོ་བྲང་གི་སྲིད་དབང་ཕྱིར་སྡུད་གནང་ཐུབ་ཀྱི་ཡོད་ན། ཆོས་པ་ཉི་ཚེ་པ་ཚོས་སེན་རྟེན་ཁྲག་མདོག་ཏུ་འགྱུར་རག་བར་དུ་ཅི་ཞིག་ལ་འཐམས་བསྡད་ཡོད།

    Reply
  2. རྡོ་སེངྒེ། says:
    ལོ་ 10 སྔོན།

    སྤྱིར་བླ་མ་དང་གྲ་བ་ཚོ་ནི་བོད་མི་རིགས་ཀྱི་རིག་གཞུང་སྲུང་སྐྱོབ་ཐད་ལ་བྱས་རྗེས་ལེགས་པོ་ཡོད་ནའང་། ཆོས་བརྒྱུད་སྤྱི་འཐུས་སུ་དགོས་པ་ཆེ་བ་མཐོང་མ་བྱུང་། མ་ཟད་ཆོས་བརྒྱུད་དབར་ལ་རྙོག་དྲ་བཟོ་བྱེད་ཅིག་ཏུ་འགྱུར་གིན་འདུག

    Reply
  3. གངས་རིའི་བུ་མོ། says:
    ལོ་ 10 སྔོན།

    ཆོས་བརྒྱུད་སྤྱི་འཐུས་ནི་དགོས་མཁོ་སྤུ་ཙམ་ཡང་མེད་པ་མཐོང། ཁོང་ཚོས་བོད་པའི་སྤྱི་ཚོགས་པ་ཕན་པ་ལས་གནོད་ཆེའོ།

    Reply
  4. བཀྲ་ཤིས་ཕུན་ཚོགས། says:
    ལོ་ 10 སྔོན།

    ངོ་མ་ཆོས་རྒྱུད་སྤྱི་འཐུས་ཡག་པོ་མི་འདུག དེ་མེད་པ་བཟོ་ཐུབ་ན་སྤྱི་ཚོགས་གི་བདེ་འཇག་ལ་ཕན་པ་ཆེན་པོ་འདུག།

    Reply
  5. ཡ་ལོ། says:
    ལོ་ 10 སྔོན།

    འདས་ཟིན་པའི་བོད་ཀྱི་ལོ་རྒྱུས་ལ་ཞིབ་མོར་གཟིགས་དང་། དེ་བཞིན་དེང་དུས་ཆབ་སྲིད་ཀྱི་སྒྲོམ་གཞི་ལ་ལྟོས་དང་། ངོ་མ་ཆོས་བརྒྱུད་སོ་སོའི་སྐུ་ཚབ་མེད་ལེགས་སོ།

    Reply
  6. tenzin tsetso says:
    ལོ་ 10 སྔོན།

    བདེན་པ་གསུངས་འདུག

    Reply
  7. རིག་གྲོལ་ལ་མ། says:
    ལོ་ 10 སྔོན།

    གཡུ་སྒང་གིས་གསུངས་པར་རྒྱུ་མཚན་དང་དོན་སྙིང་ལྡན་པ་ཞིག་རེད་འདུག་སྙམས། དེ་དང་དུས་མཚུངས་ང་རང་ཙམ་མ་ཡིན་པར་ད་ལྟའི་སྤྱི་ཚོགས་ནང་ཆོས་བརྒྱུད་སྤྱི་འཐུས་མ་དགོས་པའི་དགོངས་ཚུལ་ཤུགས་ཇི་ཆེར་རེད། བྱས་ཙང་། ད་ཡོད་ཆོས་བརྒྱུད་སྤྱི་འཐུས་རྣམ་པས་འགན་བཞེས་ཏེ། སྐབས་༡༦པའི་སྤྱི་འཐུས་ནས་བཟུང་ཆོས་བརྒྱུད་ཁག་གི་སྤྱི་འཐུས་མ་དགོས་པའི་བསམ་ཤོག་ཅིག་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་གཙོ་བའི་ཆོས་བརྒྱུད་ཀྱི་མཛད་གཙོ་དང་། ཆོས་པ་བཅས་ནས་བསྡུ་དགོས་འདུག་ལ། དེའི་ཐོག་ཕུགས་རྒྱང་རིང་པོར་དགོངས་ཏེ་བླ་ཆེན་རྣམ་པས་བཀའ་སློབ་ནན་སྐུལ་མཛད་དགོས་འདུག་སེམས། དེ་ནི་ད་རེས་ཀྱི་ཇོ་ནང་ལ་ཁ་གཏད་བཅར་བ་མིན་པར་བོད་བསྟན་སྲིད་དང་མི་རིགས་ཀྱི་ཕུགས་བསམ་སླད་ནུས་ཤུགས་གོང་སྤེལ་ཇི་ཆེར་གཏང་རྒྱུར་ཕན་རླབས་ཆེ་བར་དམིགས་པ་ཡིན་ཙང་། ཆོས་བརྒྱུད་ཁག་ཚང་མར་དགོངས་ཚུལ་ངན་པ་ཡོང་མི་སྲིད་པ་རེད་བསམས་ནས་ཞུས་པ་ཡིན་ན། ཆོས་བརྒྱུད་སྤྱི་འཐུས་རྣམ་པས་དམིགས་གསལ་འགན་བཞེས་ཀྱིས་འདི་འགྲེལ་འགྱུར་གཅིག་ལ་འབད་པའི་རེ་བ་ཡོད།

    Reply
  8. དོན་ཕན། says:
    ལོ་ 10 སྔོན།

    ཁྱེད་ཀྱིས་གང་བྲིས་པ་འདི་དངོས་ཡོད་བདེན་པ་རེད། ཆོས་པ་རྣམས་ཕྲན་རང་ཉིད་ཀྱི་ག་དུས་ཡིན་ན་རྩེ་མོ་ཁོ་ན་ལས་འཛིན་རྟེན་པའི་ཉིན་རེ་རྙོགས་གླེང་ནང་ལྷོང་རྒྱུ་དེ་མ་རེད་ཞག ཆོས་པ་རྣམ་པ་རང་སཽའི་འགན་འཁྲི་ཆོས་པའི་ལས་འགན་དང་བསླབ་པ་སློབ་གཉེར་སོགས་ལ་འབད་རྒྱུ་ལས་མི་སྐྱའི་འཁོར་བའི་ཆགས་སྡང་ཉོན་རྨོངས་གནང་མཉམ་བཞུགས་བྱ་རྒྱུ་དུས་ད་རན་པོ་མེད་པ་ཞིག་མཐོང་གིན་འདུག དེ་འདྲ་ཡིན་དུས་ངོས་མང་ཚོགས་ནས་ཆོལ་ཁ་སཽའི་ནང་སེར་མོ་བ་འོས་གཞི་ནང་ཕེབས་མཁན་རྣམས་ཐ་ཅིག་ཏུ་འོས་མ་བླུགས་རོགས་ཞུ་རྒྱུ་དང་། ཆོས་བརྒྱུད་སྤྱི་འཐུས་ཀྱི་ཐོབ་ཆ་འདི་ད་འོས་བཞིན་མཚམས་པ་ཞིག་མཐོང་གིས་མི་འདུག དེ་ལུགས་མང་ཚོགས་ནས་བསམ་ཞིབ་ནན་པོ་དགོས་འདུག་མཐོང་། དོན་དངོས་ཇི་ཡིན་སྐབས་༡༥ པའི་སྤྱི་འཐུས་ཁག་ཅིག་ནས་༡༦ པའི་སྤྱི་འཐུས་འོས་མི་ནང་བཞུགས་རྒྱུ་མིན་གནས་དང་དེའི་རྒྱུ་མཚན་ཇི་ཡིན་གསལ་བཀྲོལ་བར་ལམ་དྲ་རྒྱའི་ཐོག་སྟོན་གནང་འདུག་པ་ནས་ཐུགས་ཞིབ་ཅིག་གནང་ན་གསལ་བོ་གཟིགས་ཐུབ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese