མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྲག་དྲོན་གྱིས་བུ་ལོན་འཇལ་གྱི་ཡོད་ན་ཁ་ཆེ་བ་ལྷད་མེད་ཅིག་མ་རེད།

བོད་ཀྱི་དུས་བབ།
༢༠༡༥/༠༩/༢༣
Share on FacebookShare on TwitterShare on EmailShare on Whatsapp

 

༧གོང་ས་མཆོག་གིས་ཁ་ཆེ་བ་གཅིག་པུ་མིན་པར་ཡེ་ཤུ་དང་ཧིན་རྡུ། སིག་དང་ཇེའུ་སི། ནང་པ་བཅས་ཀྱི་ནང་ལའང་དྲག་སྤྱོད་པ་ཡོད་པ་ཤེས་དགོས་སྐོར་གསུངས་འདུག

 

2015-09-21-London-N01-DSC01735ཟླ་འདིའི་ཚེས་ ༢༡ ཉིན་ཨ་རིའི་སྙན་གྲགས་ཅན་གྱི་བརྙན་འཕྲིན་ཁང་སི་ཨན་ཨན་ (CNN) གྱི་གསར་འགོད་པ་ལྕམ་ཨཱ་མན་པུར་ (Christiane Amanpour) ལགས་ཀྱིས། ༧གོང་ས་མཆོག་དབྱིན་ཡུལ་རྒྱལ་ས་ལོན་ཌོན་དུ་མཛད་འཆར་ཁག་སྐྱོང་བཞིན་ཡོད་པ་དང་བསྟུན་ཏེ། བཅར་འདྲི་ཞུས་པ་ཁག་དང་ཆོས་ལུགས་ཁག་གི་མཐུན་སྒྲིལ་ལྷན་ཚོགས་ཐོག་གི་གསུང་བཤད་བཅས་མཛད་འཕྲིན་ཁག་ཅིག་བོད་སྒྱུར་ཞུས་ཡོད།

 

གསར་འགོད་པ་དེས་༧གོང་ས་མཆོག་ལ་སྐུ་ཉིད་འདིར་ག་རེ་གནང་གི་ཡོད་དྲིས་པར་ཁོང་གིས། འགྲོ་བ་མིའི་རིགས་ཡོངས་ལ་གལ་འགངས་ཆེ་ཤོས་ཏེ། ཁོ་ཚོ་ག་པར་གནས་ཡོད་མེད་དང་ཕྱུག་པོ་དང་དབུལ་པོ། ཤེས་ཡོན་ཡོད་པ་དང་མེད་པ་བཅས་གང་ལྟར་མི་སུ་འདྲ་ཞིག་ཡིན་རུང་མི་ཚང་མར་མི་ཚེ་སྐྱིད་པོ་ཞིག་སྐྱེལ་རྒྱུའི་ཐོབ་ཐང་ཡོད་པ་རེད། མི་མང་པོ་ཞིག་གིས་ང་ཚོའི་མི་ཚེའི་བདེ་སྐྱིད་ཕྱིའི་དངོས་པོར་བརྟེན་ནས་ཡོང་གི་ཡོད་པར་བསམ་གྱི་ཡོད་ཀྱང་། བདེ་སྐྱིད་ཟེར་བ་དེ་ནང་སེམས་ནས་ཡོང་གི་ཡོད་སྟབས། ངོས་ཀྱིས་ནང་སེམས་གྱི་རིན་ཐང་དེ་ཆོས་ཕྱོགས་ནས་གསུངས་པ་ལྟར་མིན་པར། ཚན་རིག་གི་བརྟག་དཔྱད་དང་མི་གཤིས་ཀྱི་མྱོང་རོལ་གཞི་རྩར་བཞག་པའི་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་ཐབས་ལམ་ལ་བརྟེན་ནས་ཐོབ་ཀྱི་ཡོད་པ་ངོ་སྤྲོད་བྱེད་བཞིན་ཡོད། ཅེས་གསུངས་འདུག

 

༧གོང་ས་མཆོག་སྐུ་ཞིང་ལ་ཕེབས་པ་ཡིན་ན་སྐུའི་ཤུལ་འཛིན་སུས་གནང་གི་རེད་དྲིས་པར་ཁོང་གིས། ད་ལྟ་བོད་བརྒྱུད་ནང་བསྟན་གྱི་གྲྭ་བཙུན་གྲངས་ ༡༠༠༠༠ ཙམ་གྱིས་ནང་ཆོས་ལ་ཐོས་བསམ་སྒོམ་གསུམ་ཐོག་ནས་བསླབ་པ་སློབ་གཉེར་བྱེད་བཞིན་ཡོད་སྟབས། ཁོ་ཚོས་མི་ཉམས་རྒྱུན་འཛིན་བྱེད་ཐུབ་རྒྱུ་རེད་བསམ་གྱི་འདུག ད་བར་བཅོམ་ལྡན་འདས་ཀྱི་མཆོག་སྤྲུལ་མེད་ཀྱང་ཁོང་གི་བསྟན་རབས་ལོ་ངོ་ ༢༦༠༠ ཙམ་ལ་གནས་ཐུབ་པ་བྱུང་ཡོད་སྟབས། གལ་སྲིད་ངོས་ཏཱ་ལའི་བླ་མ་མཐའ་མ་དེ་ཡིན་པའི་དབང་དུ་བཏང་ཡང་། ངོས་འདས་གྲོངས་མ་སོང་གོང་བླ་མ་སྐྱེས་ཆེན་དམ་པ་ཚོའི་ཁྲོད་ནས་ཤུལ་འཛིན་པ་ཞིག་འདེམས་སྲིད་པ་ཞིག་རེད། ཅེས་གསུངས་འདུག

 

ཡང་འབར་མའི་རོ་ཧེན་གྷ་ཡ་སེ་ས་ཁུལ་གྱི་ཁ་ཆེ་བར་འབར་མིའི་ནང་པ་ཚོས་འཚེ་བ་སྤྱོད་བཞིན་པར་ཐུགས་ཚོར་ག་རེ་ཡོད་བཀའ་འདྲི་ཞུས་པར་ཁོང་གིས། དེར་བློ་ཕམ་ཞེ་དྲགས་བྱུང་། ངོས་ཀྱིས་འབར་མའི་ནང་པ་ཚོར་ཁ་ཆེ་བ་ཚོར་འཚེ་བ་སྤྱོད་རྒྱུ་མཚམས་འཇོག་དང་ཕན་ཚུན་བསམ་ཤེས་དགོས་པའི་འབོད་སྐུལ་ཞུས་པ་ཡིན། ཁོ་ཚོས་ཁ་ཆེ་བ་དེ་ཚོར་ཁོང་ཁྲོ་ཟ་བའམ་སྡང་སེམས་འཛིན་པའི་ཚོར་བ་སླེབ་སྐབས། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞལ་དྲན་པ་གསོ་དགོས། གལ་སྲིད་སངས་རྒྱས་བཅོམ་ལྡན་འདས་ཞལ་བཞུགས་ཡོད་ཚེ། ངོས་ཀྱིས་ཁོང་གིས་རོ་ཧེན་གྷ་ཡ་སེ་ས་ཁུལ་གྱི་ཁ་ཆེ་བ་ཚོར་མགོན་སྐྱབས་མཛད་ཀྱི་རེད་བསམ་གྱི་འདུག ཅེས་བཀའ་ལན་བསྩལ་འདུག

 

སྲིད་འཛིན་ཞི་ཅིན་ཕིན་ཨ་རི་དང་དབྱིན་ཡུལ་ལ་སྐོར་སྐྱོད་བྱ་འཆར་ཡོད་སྟབས། གལ་སྲིད་༧གོང་ས་མཆོག་ལ་ཁོང་ཐུག་རྒྱུའི་གོ་སྐབས་འཐོབ་པ་ཡིན་ན་ག་རེ་ཞུ་ས་རེད་དྲིས་པར། ངོས་ཀྱིས་དུས་རབས་བདུན་པ་ནས་དགུ་པ་བར་གྱི་ལོ་རྒྱུས་ཡིག་ཆར་བལྟས་པ་ཡིན་ན། ང་ཚོ་རང་བཙན་ཡོད་པའི་རྒྱལ་ཁབ་ཅིག་ཆགས་ཡོད་ཀྱང་། ད་ལྟ་ང་ཚོས་རང་བཙན་རྩོད་ཀྱི་མེད་ཞུ་ས་རེད། ང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཁོངས་བསྡད་ནས་བོད་འཕེལ་རྒྱས་ཡོང་རྒྱུར་ཕན་ཐོགས་ཡོང་བ་བྱ་རྒྱུ་དང་ཆབས་ཅིག ང་ཚོའི་ཐུན་མོང་མིན་པའི་སྐད་ཡིག་དང་རིག་གཞུང་། བོད་བརྒྱུད་ནང་བསྟན་མི་ཉམས་རྒྱུན་འཛིན་ཐུབ་པ་བྱེད་དགོས། ངོས་ཀྱིས་འདས་ལོའི་ནང་ཁོང་ཧྥ་རན་སིའི་རྒྱལ་ས་པེ་རེ་སི་ (Paris) དང་ལྡི་ལིར་ཕེབས་སྐབས། ཁོང་གིས་ནང་ཆོས་ཀྱིས་རྒྱ་ནག་གི་རིག་གཞུང་ལ་གལ་ཆེའི་ནུས་པ་འདོན་གྱི་ཡོད་པ་གསུངས་ཡོད་སྟབས། ངོས་ཀྱིས་ཁོང་ལ་ནང་ཆོས་ཀྱི་བཟང་པོའི་བསླབ་བྱ་བརྒྱུད་ཁོང་གིས་རྒྱ་ནག་རྒྱལ་ཡོངས་ནང་ཁྲིམས་འཆལ་སོང་བ་དང་། ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་གཏོང་བཞིན་ཡོད་པར་ཕན་ཐོགས་བསྐྲུན་སྲིད་པ་ཞིག་ཀྱང་ཆགས་ཡོད་པ་རེད་ཞུ་རྒྱུ་ཡིན། ཞེས་གསུངས་འདུག

 

གསར་འགོད་པའི་དྲི་བར་བཀའ་ལན་བསྩལ་རྗེས། དབྱིན་ཡུལ་གྱི་ནང་བསྟན་ཚོགས་པས་གོ་སྒྲིག་ཞུས་པའི་གྲོས་ཚོགས་གོང་མའི་ཚོགས་ཁང་ནང་ཚོགས་བཞིན་ཡོད་པའི་ཡེ་ཤུ་དང་ཁ་ཆེ། ནང་པ་དང་ཧིན་རྡུ། སིག་བཅས་ཀྱི་ཆོས་ལུགས་མཐུན་སྒྲིལ་གྱི་ལྷན་ཚོགས་ཐོག་ཆིབས་བསྒྱུར་བསྐྱངས་ཏེ་བཀའ་སློབ་གནང་སྐབས། འདིར་ངོས་ཀྱིས་ཆོས་ལུགས་མི་གཅིག་པའི་ཆོས་གྲོགས་ཕོ་མོ་རྣམས་དང་ལྷན་འཛོམས་བྱུང་བར་དགའ་ཚོར་ཆེན་པོ་བྱུང་། དེང་སང་ས་ཆ་མང་པོ་ཞིག་ནང་ཆོས་ལུགས་དང་རྒྱལ་ཞེན་གྱི་དབང་གིས་འཇིགས་སྐྲག་སྐྱེ་གཞིའི་འཁྲུག་རྩོད་བྱུང་བཞིན་ཡོད་སྟབས། ང་ཚོས་འཁྲུག་རྩོད་དེ་དག་གཞིལ་ཐུབ་པའི་ཐབས་ལམ་འཚོལ་དགོས་པ་རེད། འདི་ཚོ་ང་ཚོ་ཆོས་པ་ཚོས་གནང་དགོས་པ་ཞིག་ཆགས་ཡོད་སྟབས། ལྷན་ཚོགས་འདི་ལྟ་བུ་ནི་ང་ཚོ་ཕན་ཚུན་བར་གྱི་མཐུན་ལམ་དང་ཡིད་ཆེས་གོང་འཕེལ་གཏོང་སའི་གོ་སྐབས་ཤིག་ཆགས་ཡོད། དེང་སང་མི་མང་པོའི་སེམས་ནང་ཁ་ཆེ་བ་ཚོ་དྲག་སྤྱོད་པ་ཞིག་ཡིན་པའི་བག་ཆགས་བྱུང་བཞིན་ཡོད་ཀྱང་། ང་ཚོས་ཡེ་ཤུ་དང་ཧིན་རྡུ། སིག་དང་ཇེའུ་སི། ནང་པ་བཅས་ཀྱི་ནང་ལའང་དྲག་སྤྱོད་པ་ཡོད་པ་ཡིད་ལ་ངེས་པར་འཆར་ཐུབ་པ་བྱེད་དགོས། བོད་ཀྱི་ཁ་ཆེ་བ་ཚོ་ནི་ཞི་བདེ་དང་ལྡན་པའི་ཁ་ཆེའི་སྤྱི་ཚོགས་ཤིག་ཡིན་པ་མ་ཟད། ངོས་ཀྱིས་ཁོ་ཚོ་སྐྱབས་བཅོལ་ལུང་པའི་ནང་ཐུག་སྐབས། ཁོ་ཚོས་ལྷ་སའི་སྐད་གཙང་མ་གཙང་རྐྱང་རྒྱག་གི་ཡོད་པ་ངོས་ཀྱིས་དྲན་གསོས་ཀྱི་འདུག ཁ་ཆེའི་ཆོས་གྲོགས་ཚོས་གལ་སྲིད་ཁྱེད་ཀྱིས་ཁྲག་གི་བུ་ལོན་འཇལ་གྱི་ཡོད་ན། ཁྱེད་རང་ཁ་ཆེ་བ་ལྷད་མེད་ཅིག་མ་རེད། ཁ་ཆེ་བ་ཚོར་ཁ་ཆེའི་སྟོན་པས་སྲོག་ཆགས་ཚང་མར་གཅིག་མཚུངས་བརྩི་བཀུར་ཞུ་དགོས་པའི་བསླབ་བྱ་གནང་བ་དག་ལ་ཁས་ལེན་ཞུ་དགོས། ཁ་ཆེའི་བསྟན་སྲུང་དམག་ (Jihad) ཟེར་བ་དེ་གོ་འཛོལ་ཐེབས་པ་ཞིག་ཡིན་པ་མ་ཟད། འདིས་མི་གཞན་དང་འཁྲུག་རྩོད་རྒྱག་དགོས་པ་གང་ཡང་བརྗོད་ཀྱི་མེད་ཀྱང་། རང་ཉིད་ཀྱི་སེམས་འཁྲུག་པའི་དབང་གིས་ཡོང་གི་ཡོད་པར་གོ་དགོས་པ་བརྗོད་ཀྱི་འདུག ཅེས་བཀའ་སློབ་བསྩལ་འདུག

 

london1ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཊོན་དུ་རྟེན་གཞི་བྱས་པའི་ O2 རྩེད་རིགས་ཁང་དུ། ༧གོང་ས་མཆོག་གིས་དབྱིན་ཡུལ་དང་ཡུ་རོབ་ཁུལ་ནས་ཆེད་བཅར་ཞུས་པའི་བོད་རིགས་རྣམས་ལ་བཀའ་སློབ་བསྩལ་སྐབས། དེང་སྐབས་བོད་ཀྱི་ནང་ཆོས་གཙོ་བོར་གྱུར་པའི་སྲོལ་རྒྱུན་རིག་གཞུང་ཁག་རྒྱལ་སྤྱིའི་ཐོག་དར་སྤེལ་ཤུགས་ཆེ་འགྲོ་བཞིན་ཡོད་པ་མ་ཟད། འགྲོ་བ་མིའི་རིགས་ལ་ཕན་ཐོགས་རླབས་ཆེན་སྒྲུབ་བཞིན་པ་དེ་ནི་བོད་མི་རིགས་ཀྱི་སྤོབས་པ་བྱ་འོས་པ་ཞིག་ཡིན་ཡང་། ང་ཚོས་དུས་ནམ་ཡང་ཁེངས་དྲེགས་བྱེད་རྒྱུ་མེད། རྒྱ་ནག་གཞུང་ཕྱོགས་ནས་བོད་ནང་མུ་མཐུད་དྲག་གནོན་བྱེད་བཞིན་ཡོད་ཀྱང་། བོད་མི་རིགས་ཀྱི་ཞུམ་པ་མེད་པའི་སྙིང་སྟོབས་དང་ལྷག་བསམ་ལ་བརྟེན་ནས་རྒྱ་ནག་གིས་བསམ་པ་ཇི་བཞིན་དུས་ད་ལྟ་ཡང་བསྒྲུབ་ཐུབ་མེད་པ་མ་ཟད། མ་འོངས་པར་དེ་དག་རྒྱུན་གནས་ཐུབ་ཐབས་སུ་ང་ཚོ་བོད་རིགས་ཡོངས་ནས་ཤེས་ཡོན་གྱི་ཆུ་ཚད་གོང་མཐོར་གཏོང་དགོས་པ་དང་། དོལ་རྒྱལ་རྗེས་འབྲང་པ་རྣམས་ནས་དངོས་ཡོད་གནས་ཚུལ་མ་ཤེས་པའི་དབང་གིས་མུ་མཐུད་སྐད་འབོད་སོགས་བྱེད་བཞིན་ཡོད་སྟབས། བོད་མི་ཚོས་གནད་དོན་དེའི་ཐད་ལ་ཁོང་ཁྲོ་ལངས་པ་སོགས་ནམ་ཡང་བྱེད་རྒྱུ་མེད་པ་མ་ཟད། གོ་སྐབས་བྱུང་ན་དངོས་ཡོད་གནས་ཚུལ་ཁག་གསལ་བཤད་བྱེད་རྒྱུ་བྱུང་ན་ཡག་པོ་ཡོད་པ་རེད། ཁོང་ཚོར་སྙིང་རྗེ་བསྒོམ་རྒྱུ་གལ་ཆེན་པོ་ཆགས་ཡོད། ཅེས་སོགས་གསུངས་འདུག

 

ཡང་སྐབས་དེར་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་བཀའ་སློབ་གནང་དོན། བོད་རྒྱལ་ཁབ་ནི་འཛམ་གླིང་གི་སྣེ་གསུམ་པ་ལྟ་བུ་ཆགས་ཡོད་པ་མ་ཟད། ཨེ་ཤ་ཡའི་མི་མང་དུང་ཕྱུར་བཅུ་ལྷག་གི་འཚོ་གནས་བོད་ཀྱི་རྒྱུག་ཆུ་ཁག་ལ་ཐུག་གི་ཡོད་སྟབས། རྒྱལ་སྤྱིའི་ཐོག་ནས་བོད་ཀྱི་ཁོར་ཡུག་ལ་དོ་སྣང་གནང་རྒྱུ་གལ་ཆེན་པོ་ཆགས་ཡོད། བོད་དུ་ནང་ཆོས་དར་ཁྱབ་བྱུང་རྗེས་བོད་ཀྱི་རིག་གཞུང་དེ་བཞིན་འཚེ་བ་མེད་པའི་རིག་གཞུང་ཞིག་ཏུ་འགྱུར་ཡོད་པ་འདི་ནི་དེང་སྐབས་འཛམ་གླིང་གི་གཅེས་ནོར་ཞིག་ཏུ་གྱུར་ཡོད། རྒྱ་ནག་ནི་ནང་པའི་ཡུལ་ལུང་ཞིག་ཡིན་པ་མ་ཟད། རྒྱ་ནག་ནང་ནང་པ་ས་ཡ་ ༤༠༠ ཡོད་པའི་ཁྲོད་ནས་མང་པོ་ཞིག་གིས་བོད་བརྒྱུད་ནང་བསྟན་ལ་དོ་སྣང་བྱེད་བཞིན་ཡོད། སྔོན་མ་ངོས་དང་ཐུག་འཕྲད་བྱས་མྱོང་བ་མང་པོ་ཞིག་གིས་ངོས་རྒྱ་ནག་ཏུ་གདན་ཞུ་བྱེད་བཞིན་འདུག བོད་ནི་ཕྱི་དངོས་པོའི་ཐོག་ནས་རྗེས་ལུས་ཅན་ཞིག་ཡིན་པས་ཡར་རྒྱས་གཏོང་དགོས་ཀྱི་ཡོད་པར་བརྟེན། ཕྱིའི་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་རིགས་ཚོས་ཆོས་ཕྱོགས་ཙམ་མིན་པར་དངོས་པོའི་ཡར་རྒྱས་དགོས་འདོད་བྱེད་ཀྱི་ཡོད་སྟབས། བོད་རྒྱ་ནག་དང་ལྷན་དུ་གནས་ཚེ་བོད་རྒྱ་གཉིས་ཀར་ཕན་ཐོགས་ཡོད་པ་ཞིག་ཡིན། བོད་རིགས་གཞོན་སྐྱེས་ཚོས་རང་བཙན་གཙང་མའི་འཐབ་རྩོད་བྱེད་བཞིན་ཡོད་པ་ནི་ཁོང་རྣམ་པའི་ཐོབ་ཐང་ཡིན་ཡང་། ཁོ་ཚོས་འཐབ་རྩོད་བྱེད་སྐབས་དངོས་ཡོད་གནས་ཚུལ་ཤེས་དགོས་པ་རེད། ཅེས་གསུངས་འདུག

 

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༢༤ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese