མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་ཁབ་གསུམ་གྱི་ཆབ་སྲིད།

བོད་ཀྱི་དུས་བབ།
༢༠༡༥/༠༩/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་ཕྱི་སྲིད་དྲུང་ཆེ་ཇོན་ཁེད་རི་ཡིས་ཕྱི་སྲིད་བློན་ཆེན་གྱི་ལྷན་ཚོགས་ཐོག་ཨེ་ཤ་ཡའི་མཚོ་ཁུལ་གྱི་བདག་དབང་གནད་དོན་ལ་ཐེ་བྱུས་བྱེད་དགོས་སྐོར་བརྗོད་འདུག

 

us-trilateral-talks.jpg.image.784.410ཁ་སང་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ལྕམ་སུ་ཞི་མ་སོ་ཝ་ར་ཇཱ་དང་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཇོན་ཁེད་རི། ཉི་ཧོང་གི་ཕྱི་སྲིད་བློན་ཆེན་ཧྥ་མེ་ཀེ་ཤི་ཌ་ (Fumio Kishida) རྣམ་གསུམ་གྱིས་ལྷན་ཚོགས་ཤིག་བསྡུས་ཏེ། བྱང་ཀོ་རི་ཡའི་འཇིགས་སྐུལ་དང་། རྒྱ་ནག་གཞུང་གི་ལྷོ་རྒྱ་ནག་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོའི་བདག་དབང་རྩོད་ལེན་བྱེད་བཞིན་ཡོད་པར་གདོང་ལེན་བྱེད་ཕྱོགས་བཅས་ཀྱི་གནད་དོན་ཁག་ཅིག་ཐོག་གོ་བསྡུར་བྱས་ཡོད་འདུག

 

རྒྱ་གར་དུས་བབ་ཐོག་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཇོན་ཁེད་རི་ཡིས། ལྷན་ཚོགས་འདི་ཚོགས་དགོས་དོན་ནི་ཉེ་ལམ་ཨེ་ཤ་ཡའི་མངའ་ཁུལ་རྒྱལ་ཁབ་ཁག་ཏུ་ཕྱིའི་བཙན་འཛུལ་རྐྱེན་པས་གདོང་ལེན་བྱེད་དགོས་པ་གང་དག་ཅིག་ཐོན་བཞིན་ཡོད་སྟབས། མ་འོངས་པར་རྒྱལ་ཁབ་གསུམ་པོས་མཚོ་ཁུལ་གྱི་བདེ་འཇགས་ཐོག་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་དགྲ་བོར་ཁ་གཏད་གཅོག་ཐུབ་པ་བྱ་རྒྱུ་ཡིན། ཞེས་དང་། ཡང་ཉི་ཧོང་གི་ཕྱི་སྲིད་བློན་ཆེན་ཧྥ་མེ་ཀེ་ཤི་ཌ་ཡིས། ད་ལྟ་ཨེ་ཤ་ཡའི་མངའ་ཁུལ་རྒྱལ་ཁབ་ཁག་གི་བདེ་འཇགས་ལ་ཉེན་ཁ་འཕྲད་བཞིན་ཡོད་སྟབས། ཨ་རི་དང་ཉི་ཧོང་། ལྷོ་ཀོ་རི་ཡ་བཅས་ཀྱིས་དམག་དཔུང་གི་མཉམ་ལས་ནུས་པ་འདོན་རྒྱུའི་དུས་ལ་བབས་འདུག ཅེས་བརྗོད་འདུག

 

ཐུན་མོང་གི་གསར་འགོད་གསལ་བསྒྲགས་ནང་། ད་ལྟ་ང་ཚོས་འཛམ་གླིང་ཞི་བདེ་དང་དམངས་གཙོ་གོང་འཕེལ། རྒྱལ་སྤྱིའི་བདེ་འཇགས་བཅས་ཀྱི་ཐད་མཉམ་ལས་མཉམ་ཁུར་བྱས་ཏེ། མཚོ་ཁུལ་གྱི་བཅའ་ཡིག་ལ་རྡོག་རོལ་གཏོང་མཁན་གྱི་རྒྱལ་ཁབ་དང་ཚོགས་པ་སྒྲིག་འཛུགས་ཁག་གི་ཤུགས་རྐྱེན་འགོག་རྒྱུ་དང་། དེ་བཞིན་འཇིགས་སྐུལ་རིང་ལུགས་པ་དག་རྩ་མེད་བཟོ་རྒྱུར་རྩོད་ལེན་བྱ་རྒྱུ་ཡིན། ཞེས་བརྗོད་འདུག

 

ཨོ་བྷ་མས་ཨེ་ཤ་ཡ་དང་སྒོས་སུ་ཞི་བདེ་རྒྱ་མཚོའི་མངའ་ཁུལ་རྒྱལ་ཁབ་དག་ནི་ཨ་རིའི་ཆབ་སྲིད་ཀྱི་ཁ་ཕྱོགས་བསྒྱུར་རྒྱུའི་ལྟེ་དབུས་ཤིག་ཏུ་ངོས་འཛིན་བྱས་ཏེ། ཉི་ཧོང་དང་རྒྱ་གར། ལྷོ་ཀོ་རི་ཡ་དང་ཧྥི་ལེ་ཕིན་སོགས་དང་མཛའ་མཐུན་འབྲེལ་ལམ་བཙུགས་ནས་རྒྱ་ནག་གཞུང་གི་ཤུགས་རྐྱེན་དང་། རྒྱ་སྐྱེད་རིང་ལུགས་ཀྱི་བསམ་སྤྱོད་དག་ལ་ཚོད་འཛིན་བྱ་རྒྱུའི་བྱ་འགུལ་སྣ་ཚོགས་ཤིག་བརྩམས་དང་རྩོམ་མུས་ཡིན་སྟབས། ཉེ་ལམ་ལོ་ཤས་ནས་བཟུང་རྒྱ་ནག་གཞུང་གིས་ཕྱོགས་གཅིག་ནས་ཞི་བདེ་རྒྱ་མཚོའི་ཐོག་མཁའ་དབྱིངས་ཐིག་ཚད་གསར་བཟོ་དང་འབྲེལ། ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་རྩོད་ལེན་ཤུགས་ཆེ་བྱས་པ་དང་། ཕྱོགས་གཞན་ཞིག་ནས་ཉི་ཧོང་ཕུད་པའི་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཁག་དང་འབྲེལ་བ་ཟབ་ཏུ་བཏང་སྟེ། ཨེ་ཤ་ཡ་དང་ཨ་ཧྥི་རི་ཀ དཀྱིལ་ཤར་ཡུལ་གྲུ་བཅས་ཀྱི་གཙོས་དཔལ་འབྱོར་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་དང་མ་གྲོས་བསམ་པ་གཅིག་མཐུན་གྱི་མཉམ་ལས་བྱས་ནས་ཨ་རིར་ཁ་གཏད་གཅོག་མགོ་བཙུགས་ཡོད། ལྷག་པར་དུ་ཉེ་བའི་ལོ་ཤས་ནས་བཟུང་ཞི་ཅིན་ཕིན་གྱིས་རྒྱ་ནག་གི་རྨི་ལམ་ཞེས་པའི་འབོད་ཚིག་ཅིག་འུར་འདོན་བྱས་ཏེ། རྒྱལ་སྤྱིའི་ཐོག་དར་གོས་ལམ་བུ་དང་། ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གི་མཉམ་ལས་དངུལ་ཁང་ཞེས་པ་སོགས་གསར་གཏོད་བྱས་ཏེ། རྒྱལ་སྤྱིའི་སྣེ་ཁྲིད་རྒྱལ་ཁབ་ཅིག་ཏུ་འགྱུར་ཐབས་བྱེད་བཞིན་ཡོད་སྟབས། ཨ་རིས་རྒྱ་ནག་གི་དཔལ་འབྱོར་ཉམས་ཉེས་འགྲོ་བཞིན་ཡོད་པ་དང་བསྟུན་ཏེ། ད་རེས་རྒྱ་གར་དང་ཉི་ཧོང་གི་ཕྱི་སྲིད་བློན་ཆེན་གྱི་ལྷན་ཚོགས་ཤིག་བསྐོངས་ནས་རྒྱ་ནག་གཞུང་གི་གནོན་ཤུགས་འགོག་ཆེད་ཆབ་སྲིད་ཀྱི་ཁ་ཡང་གྲག་མགོ་བཙུགས་ཡོད།

 

ཁ་སང་ནཱ་རེན་ཌ་མུ་དྷེས་ཨོ་བྷ་མ་ཐུག་སྐབས། ང་ཚོས་ཨ་རི་དང་ཉི་ཧོང་མཉམ་དུ་ཨེ་ཤ་ཡའི་ཞི་བདེ་རྒྱ་མཚོ་དང་རྒྱ་གར་རྒྱ་མཚོའི་མངའ་ཁུལ་གྱི་བདག་དབང་གནད་དོན་ཐོག་ཆིག་སྒྲིལ་གྱི་ནུས་སྟོབས་སྤུངས་རྒྱུ་མ་ཟད། ཨ་རིས་སྣེ་ཁྲིད་པའི་ཞི་བདེ་རྒྱ་མཚོའི་མངའ་ཁུལ་རྒྱལ་ཁབ་ཁག་གི་དཔལ་འབྱོར་མཉམ་འདེགས་ཐོག་ཞུགས་རྒྱུར་རེ་བ་ཆེན་པོ་འཆང་བཞིན་ཡོད་སྐོར་བརྗོད་ཡོད་སྟབས། ཨོ་བྷ་མས། ང་ཚོ་མནའ་མཐུན་རྒྱལ་ཁབ་ཁག་གིས་ལྷོ་རྒྱ་ནག་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོའི་བདག་དབང་ལ་སྲུང་སྐྱོབ་བྱས་ཏེ། རྒྱ་སྐྱེད་རིང་ལུགས་པའི་བསམ་སྦྱོར་ལ་ཚོད་འཛིན་ཐུབ་པ་བྱེད་དགོས། ཞེས་བརྗོད་འདུག

 

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༦ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༦ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese