མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀླུ་བྱམས་ཀྱིས་རྒྱལ་ཚོཊ་ལ་སྤྲད་པའི་ཡི་གེ་དེ་ཡོངས་ཁྱབ་གསལ་བསྒྲཊ་བྱ་དགོས།

བོད་ཀྱི་དུས་བབ།
༢༠༡༥/༡༠/༡༢
Share on FacebookShare on TwitterShare on EmailShare on Whatsapp

 

བློ་གྲོས་རབ་བརྟན།

 

མི་སྨྱོན་པ་ཆགས་ན། རང་གི་གནས་བབ་ལས་བརྒལ་ཏེ། འདྲ་མི་འདྲ་བཅོ་བརྒྱད་བྱེད། ཀླུ་མཁར་བྱམས་ཨ་རི་ལ་འབྱོར་བ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་སུ་བསྐྱོད་དེ། བོད་དོན་ཞུ་གཏུག་གི་ཡི་གེ་ཤོག་ལྷེ་ཞིག་འབྲེལ་ཡོད་ལས་སྣེ་ཞིག་ལ་སྤྲད་པའི་པར་ཞིག་མཐོང་། ཡི་གེ་དེར་ཅི་ཞིག་བྲིས་ཡོད་དམ། བོད་མི་མང་པོར་དོགས་པ་ཡོད་སྟབས། ཡོངས་ཁྱབ་གསལ་བསྒྲགས་བྱ་དགོས།

 

ཀླུ་བྱམས་མཉམ་འབྲེལ་རྒྱལ་ཚོགས་སུ་བསྐྱོད་དོན་ཅི་ཞིག་རེད། སྲིད་སྐྱོང་གི་འོས་བསྡུའི་ཆེད་དུ་ཨ་རི་ལ་ཡོང་བ་ཡིན་ངེས། དེ་ཡིན་ན། མཉམ་འབྲེལ་རྒྱལ་ཚོགས་སུ་སྲིད་སྐྱོང་གི་འོས་འཐོབ་ཆེད་བསྐྱོད་པ་རེད་དམ། མ་རེད། བོད་དོན་ཞུ་གཏུག་གི་ཆེད་རེད་ཟེར་ན། ཅི་ཞིག་གི་ཐད་ནས་བོད་དོན་ཞུ་གཏུག་བྱས་པ་རེད། བོད་མིའི་སྒྲིག་འཛུགས་དང་། ཚོགས་པ་ཁག ས་གནས་དོན་གཅོད་བཅས་ཡོད་བཞིན་དུ། ཀླུ་ལ་བོད་དོན་ཞུ་གཏུག་གི་ལས་འགན་ཞིག་གང་ནས་བབས་པ་རེད། ཚོད་ཚོད་ལ་ཡི་གེ་ཤོག་ལྷེ་ཞིག་ཁྱེར་ཏེ། བོད་མིའི་མིང་ཐོག་ནས་གང་བྲིས་བྲིས་དང་གང་བཤད་བཤད་རེད་དམ། ཡི་གེ་སྤྲོད་ས་དེ་ཡང་རྒྱལ་སྤྱིའི་ཚོགས་སྡེ་ཆེ་ཤོས་དེ་རེད་པ། རང་འགའི་ཚོགས་པ་ཆུང་ཆུང་དེ་འདྲ་མ་རེད།

 

ང་ཚོར་དོགས་པ་མང་པོ་ཡོང་གི་འདུག རྒྱལ་ཚོགས་སུ་སྤྲད་པའི་ཡི་གེ་དེའི་ནང་དོན་ཅི་ཞིག་རེད། སུ་ཞིག་གི་མིང་ཐོག་ནས་ཅི་ཞིག་ཡིན་ཞེས་སྤྲད་པ་རེད། ཀླུ་བྱམས་དེང་སང་ཐང་ཐང་མེད་པ་དང་གཅིག ཁོའི་མཐའ་འཁོར་ན། བོད་དང་བོད་མི་རིགས་ལ་སེམས་པ་གཏིང་ནས་མི་དགའ་པའི་མི་སྐོར་ཞིག་ཡོད་པ་གཉིས་ནས། བོད་མི་རིགས་འདིའི་འཐབ་རྩོད་ཀྱི་རྨང་གདན་རྩ་བ་ནས་མེད་པར་བཟོ་བའི་ཡི་གེ་དེ་འདྲ་སྤྲད་བཏང་ན། ང་ཚོའི་ཅི་ཞིག་བྱ་དགོས་པ་རེད། ངན་པ་ལག་སྦྲེལ་གྱིས་ཇུས་ངན་དེ་ལྟར་མི་ཡོང་བའི་ངེས་པ་གང་ནས་ཡོད།

 

འབྲེལ་ཡོད་བོད་མིའི་སྒྲིག་འཛུགས་ལ་མཚོན་ན། འདིའི་རིགས་ལ་དོ་སྣང་ངེས་པར་དུ་བྱེད་དགོས་ལ། ཀླུ་བྱམས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་སུ་ཡི་གེ་སྤྲོད་རྒྱུའི་གོ་བབ་ཡོད་མེད་དང་། སྟངས་འཛིན་ངེས་པར་དུ་བྱེད་དགོས་ངེས་རེད། ལྷག་པར་དུ་ཡི་གེའི་ནང་དོན་ཅི་ཡིན་ཤེས་དགོས་པ་གལ་ཆེན་རེད། མི་བསམ་མེད་ཅིག་རྒྱ་ཡན་ཏུ་བཏང་ན། ཕན་ལས་གནོད་ཆེ་བའི་གོད་ཆག་ལུང་པ་གང་འཁྱེར་ཡོང་གི་རེད།

 

དེ་བཞིན་དབུས་འོས་བསྡུ་ལས་ཁང་གིས་ཀྱང་གཏན་འབེབས་བྱས་པའི་འོས་བསྡུའི་སྒྲིག་གཞི་དང་འགལ་ཡོད་མེད། སྲིད་སྐྱོང་འོས་མི་ཞིག་གི་ས་ནས། བོད་མི་རིགས་ཀྱི་མིང་ཁུར་ཏེ་གང་དྲན་གང་བྱས་ཡིན་ནམ། འོས་བསྡུའི་ལས་འགུལ་ལས་བརྒལ་བའི་བོད་དོན་ཞུ་གཏུག་དེ་འདྲ་བྱེད་ཆོག་གམ།

 

མཉམ་འབྲེལ་རྒྱལ་ཚོགས་སུ་སྤྲད་པའི་ཡི་གེ་དེ་དབྱིན་ཡིག་ཡིན་ངེས་ལ། ཀླུ་བྱམས་ཀྱིས་དབྱིན་ཡིག་མི་ཤེས་པས། ཡི་གེ་མི་གཞན་ཞིག་གི་ལག་བརྒྱུད་ནས་འབྲི་དགོས་པ་བསྙོན་མེད་ཡིན་ན། ཡི་གེའི་ནང་དོན་ཐད་ནས་ཀླུ་བྱམས་ཁོ་རང་ཡང་ནག་ཁུང་ཆགས་ཡོད། ལས་ཀ་བྱེད་སྟངས་དེ་ལ་བལྟས་ན། ཀླུ་བྱམས་ནི་མི་ཆེ་གེ་མོ་ཞིག་གིས་མཉམ་འབྲེལ་རྒྱལ་ཚོགས་སུ་ཡིག་སྐྱེལ་ལ་མངགས་པ་རང་ཡིན་ན། ལས་དོན་དེའི་བརྒྱུད་རིམ་མི་མང་ལ་གསལ་ཁ་གཏོད་དགོས།

 

གལ་ཏེ་ཀླུ་བྱམས་ཀྱིས་རྒྱལ་ཚོགས་སུ་སྤྲང་པའི་ཡི་གེ་དེ་སྤྲོད་མཁན་དང་ནང་དོན་གྱི་ཆ་ནས། བོད་མི་རིགས་ཀྱི་མངོན་འདོད་དང་རྒྱབ་འགལ་ཡིན་ན། འབྱུང་འགྱུར་ཡི་གེ་དེས་བོད་མི་རིགས་ཀྱི་མདུན་ལམ་ལ་དོ་ཕོག་ཡོང་རྒྱུ་ངེས་པ་རེད།

འབྲེལ་ཡོད་གསར་འགྱུར།

Mobile App

འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག

སྐར་མ ༢༦ སྔོན་ལ།
Press Statement From The Office of His Holiness The Dalai Lama
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་ནས་བྱུང་མེད་པའི་གསལ་བསྒྲགས་གནང་།

ཆུ་ཚོད་ ༤ སྔོན་ལ།
Delhi High Court, Image Representational (Photo/Shutterstock)
Mobile App

རྒྱ་གར་གྱི་མཐོ་རིམ་ཁྲིམས་ཁང་གིས་བོད་མི་ཞིག་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲོད་དགོས་པའི་བཀའ་ཁྱབ་བཏང་།

ཆུ་ཚོད་ ༢༣ སྔོན་ལ།
Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༦
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

༢༠༢༦/༠༢/༠༦
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥

མཆན། 14

  1. ལྷག་པ says:
    ལོ་ 10 སྔོན།

    བོད་པའི་སྤྱི་ཚོགས་ནང་ལ་འདྲ་མཉམས་ཀྱི་གཏམ་བཤད་རང་དབང་མི་འདུག་གསུང་ཡོད་པའི་རེ་བ་ཡོད།

    Reply
  2. རྟོགས་སད་པ། says:
    ལོ་ 10 སྔོན།

    བོད་ཀྱི་བདེ་དོན་འཁུར་གྱིས་བཞེས་པའི་འགན་ཁྲི་དེ་བླ་མ་ཞྀག་དང་དགེ་བཤེས་ཤིག་ཡང་ན། སྤྱི་འཐུབ་བྱེ་བྲག་པ་ཞིག་ཁོ་ནས་རྩོད་དགོས་པ་ཞིག་མ་རེད། བོད་མི་འགན་ཁྲི་ཕྲག་ཏུ་བཞེས་མཁན་ཚང་མའི་ལས་འགན་རེད།
    དེར་ཁྱེད་རི་བོང་གནམ་འབིབ་ཀྱི་སྡུག་བསྔལ་བྱེད་དོན་མེད། བསམ་བློ་གུ་ཡངས་ཙམ་བཞེས་དང་ཚང་མར་ཁེ་ཕན་ཆེ། རྨོངས་ཐོམ་པ།

    Reply
  3. ཚེ་དཔག། says:
    ལོ་ 10 སྔོན།

    ཀླུ་བྱམས་ལ་འོས་ཐོབ་ན་བོད་མིའི་འདོད་དོན་དང་རྩ་དོན་རྩ་བརླགས་སུ་གཏོང་གི་རེད་བསམས་པའི་སེམས་ཕྲལ་འདུག།

    Reply
  4. བློ་གྲོས་རབ་བརྟན། says:
    ལོ་ 10 སྔོན།

    རྒྱལ་ཚོགས་ལ་ཡི་གེ་སྤྲད་ན་སྤྲོད་སྟངས་ཡོད་རེད། སྤྲོད་མི་ཆོག་ལབ་ནི་ཞིག་ཡོད་མ་རེད། ཀླུ་བྱམས་ལ་ཡིད་ཆེས་མེད་རྐྱེན་དོགས་པ་ཡོང་གི་ཡོད་རེད། ཡིད་ཆེས་མེད་པ་དེ་ཡང་ཀླུ་བྱམས་ཀྱི་འཁྲབ་སྟངས་ལས་བྱུང་བ་རེད། ཡི་གེ་ཕན་མེད་གནོད་སྐྱེལ་དེ་འདྲ་སྤྲད་མི་སྲིད་པ་མ་རེད། སྐྱེས་ཕོ་རབས་ཤིག་ཡིན་ན་ཡི་གེ་ངོ་མ་གསལ་བསྒྲགས་བྱ་ཐུབ་ན་དེས་འཐུས་པ་རེད། དེ་མ་བྱུང་བར་དུ་བོད་མི་མང་པོར་དོགས་པ་ཡོད་ཡོད་རེད། དོགས་པ་སེལ་ཐུབ་མིན་ཀླུ་དང་ཀླུ་ཡི་རྒྱབ་སྐྱོར་བ་ཚོར་རེག་ལས་པ་རེད།

    Reply
  5. བླ་མ says:
    ལོ་ 10 སྔོན།

    སྨྱོ་ལན་རྐྱང་རྐྱང་རྒྱབ་ཀྱི་ངོ་མ་ཁྱེད་ཚོ་སྨྱོ་འདུག ཀླད་པ་འབུ་སྲིན་གྱིས་བཟོས་ཟིན་པ་འདྲ།

    Reply
  6. དབྱངས་ཅན་དགྱེས་པའི་བློ་གྲོས། says:
    ལོ་ 10 སྔོན།

    འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ལས་ཁུངས་སུ་སྐྱེ་བོ་སྒེར་དང་ཚོགས་སྡེ། གཞུང་འབྲེལ་སུ་ཡིན་ཡང་དགོས་འདུན་དང་སྙན་ཞུའི་ཡིག་ཆ་ཕུལ་ན་འགྲིག་གི་རེད། ད་བར་དུ་བོད་དང་འབྲེལ་བའི་སྙན་ཞུ་གཞུང་དང་སྒེར་བ་སོགས་ཅི་རིགས་ཀྱིས་ཕུལ་བ་སྟོང་ཕྲག་ཁ་ཤས་ལས་ཀྱང་ལྷག་ཡོད་རྒྱུ་རེད། པ་ལི་སི་ཐན་པ་ཚོའི་གནད་དོན་ད་བར་དུ་རྒྱལ་ཚོགས་ཀྱི་གྲོས་རར་གནས་དོན་ནི་ཁོ་ཚོ་སྐྱེ་བོ་སྒེར་བ་རེ་རེར་མ་ཐར་ཡང་ལོ་རེར་འཛམ་གླིང་གི་འབྲེལ་ཡོད་སྡེ་ཚན་སོ་སོར་སྙན་ཞུ་བཅུ་གྲངས་རེ་སྤྲོད་ཀྱིན་པར་རེད་ཟེར། གནས་ཚུལ་ཡོངས་ཁུངས་འདི་ལ་གཟིགས། (http://www.jiis.org/.upload/palestinian%20state-eng.pdf) རྩྭ་མ་ཟོས་བར་ལྕི་བ་གཏོང་འདོད་བྱེད་པའི་ཡི་གེ་བ་ཁྱོད་ཚོ་ལྟ་བུ་ཚོས་རང་ཉིད་ཁྲོན་པའི་ནང་གི་སྦལ་བ་ཡིན་པ་མ་ཤེས་བར་གཞན་ལ་བསྙོན་འཛུགས་བཞིན་ཡོད་པ་རེད།
    ཀླུ་མཁར་བྱམས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ལ་ཞུ་གཏུགས་བྱེད་ཆོག་གི་མ་རེད་ཟེར་བ་དེ་གད་མོ་རྐུབ་ནས་ཤོར་དགོས་པའི་སྐད་ཆ་རེད། ད་དུང་སྙན་ཞུ་དེ་མི་མང་ཚང་མར་སྟོན་དགོས་ཟེར་བ་དེ་ནི་ལྐུག་རྟགས་དང་ཧམ་བཤད་གཉིས་ཆ་རེད། རྒྱལ་ཚོགས་དང་འགྲོ་མིའི་ཐོབ་ཐང་ཚོགས་པ་སོགས་རྒྱལ་ཁབ་སུ་ལ་ཡང་དེ་འདྲའི་ཁྲིམས་ཤིག་མེད་ས་ཞིག་ནས་ཇུས་གཏོགས་མེད་པའི་ཇུས་གཏོགས་རེད། གལ་སྲིད། ཁྱེད་རང་གི་འཇོན་ན་རྒྱལ་ཚོགས་དང་འགྲོ་མིའི་ཐོབ་ཐང་སོགས་འབྲེལ་ཡོད་ལས་ཁུངས་ཁག་ལ་སྙན་ཞུ་བརྒྱ་ཕྱག་འབུལ་ཐུབ་ན་ཡང་དེ་ང་ཚོས་བཀའ་དྲིན་ཞུ་ཡ་ཡིན། བློ་སེང་དང་སྤེན་ཚེ་སོགས་ཨ་རི་ཐེངས་ག་ཚོད་འགྲོ་ཚར་རེད། སོ་སོས་འགན་ཁུར་ནས་རྒྱལ་ཚོགས་ཞུ་གཏུགས་སྙན་ཞུ་འབུལ་བར་ཐེངས་གཅིག་ཀྱང་བསྐྱོད་སོང་ངམ།

    Reply
  7. བརྩོན་རྒྱམ། says:
    ལོ་ 10 སྔོན།

    འདིར་གང་གླེང་རྒྱུ་ཡིན་ཟེར་ན་གོང་ནས་དྲ་གྲོགས་ཚོས་བརྗོད་པ་བཞིན་དམོད་ཚིག་དང་སྨ་འབེབས་གཅིག་བུ་མ་ཡིན་པར་རྒྱུ་མཚན་དང་གནས་ལུགས་ཀྱི་ཐོག་ནས་གླེང་དགོས་པ་གཙོ་བོ་རེད།  ཀླུ་མཁར་བྱམས་ཀྱིས་རྒྱལ་ཚོགས་ལ་སྤྲད་པའི་ཡིག་ཆའི་སྐོར་དེ་དངོས་ཡོད་གནས་ཚུལ་དང་མཐུན་པ་ཞིག་མ་ཡིན་པ་གསལ་བོ་རེད།  རྒྱུ་མཚན་གང་ཡིན་ཞེ་ན་གོང་དུ་ཀླུ་བྱམས་ཀྱིས་སྐད་ཆ་དག་གིས་ཁོས་སྐད་ཆ་དག་འདོན་བྱེད་ངེས་རེད་གནས་ལུགས་དང་རྒྱུ་མཚན་མེད་པར་༸གོང་ས་མཆོག་གཙོས་བའི་དབུས་བོད་མའི་སྒྲིག་འཛུགས་ལ་ཟུར་ཟ་དང་སྨ་འབེབས་བྱས་པ་སོགས་གཅིག་གཅིག་གཉིས་གཉིས་བྱས་ནས་ཉན་གྱི་ཡོད་པ་ཞིག་རེད། དེ་འདྲ་ཡིན་དུས་ཀླུ་མཁར་བྱམས་ཀྱིས་རྒྱལ་ཚོགས་ལ་སྤྲད་པའི་ཡིག་ཆ་འདི་ཡང་དག་ཞིག་མ་ཡིན་པ་གསལ་བོ་རེད་ཞེས་བརྗོད་ན་མ་འོས་པ་ཞིག་རེད་འདོད་ཀྱིན་མེད།  དེ་འདྲ་ཡིན་དུས་ད་དུང་མྱི་འདིའི་རིགས་ལ་བོད་མི་ཚང་མའི་གཟབ་དགོས་པ་གལ་ཆེན་རེད་འདོད་ཡོད།

    Reply
  8. tenzintsetso says:
    ལོ་ 10 སྔོན།

    དམོད་ཚིག་ནི་རང་ཉིད་ཤི་ཚར་བའི་བག་ཆགས་དེ་ཡིན། སྒྱུད་ལུག་ཅན་དག་ཡིན། བློ་གྲོས་རབ་བརྟན་ཟེར་བ་ཡང་དེའི་ཁྲོད་ཀྱི་གཅིག་རེད། ཁ་ཙམ་རེད་ཁྱེད་རང་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒོ་འགྲམ་ལ་འགྲོ་ཐུབ་པའམ་ཡང་ནས་སོང་ནས་རེ་ཞུ་གང་ཡང་གནང་ཆོག་པ་རེད། སྒོག་པ་རང་གི་ཟོས་ན་ཁ་ཚ། གཞན་གྱིས་ཟས་ན་སྙིང་ལངས་ཞེས་པའི་དཔེ་མ་མཛད་ལགས།

    Reply
  9. གཅན བཟོད་རྒྱམ། says:
    ལོ་ 10 སྔོན།

    དེང་སང་ཆེད་རྩོམ་འབྲི་སྟངས་འདི་འདྲ་ཡོད་ས་རེད། རྩོམ་འགོ་བཙུག་མ་ཐག་ནས་མི་ལ་དམོད་ཚིག་དང་མཐོང་ཆུང་ཁྱད་བསོད་ནས་འགོ་བཙུག་ཡོང་གི་འདུག སྤྱི་སྲིད་སྐྱོང་འོས་མིེར་བཞེངས་མཁན་རྣམས་ལ་གུས་རྩི་ཡོད། སུ་ཐོབ་ནའང་ཆོག དེ་འོས་ཤོག་གིས་ཐག་གཅོད་ཀི་རེད། འོན་ཀྱང་དམངས་གཙོའི་ཁྲིམས་སགྲིག་དང་མཐུན་མི་མཐུན་ཐད་ནས་བཙན་བྱོལ་བོད་མི་ཚོས་གཟབ་གཟབ་དང་ཕྱོགས་རིས་མེད་པ་ཞིག་དང་དམངས་གཙོ་ཚད་ལྡན་ཞིག་ཡོང་བར་འབད་བརྩོན་གནང་ན་ལེགས།
    གཞན་ཞིག་ལ་གོང་གི་དཔྱད་བྲཇོད་པས་ཟེར་ན། སྲིད་སྐྱོང་འོས་མི་ཀླུ་མཁར་བྱམས་ཀྱིས་རྒྱལ་ཚོགས་སུ་ཡི་གེ་ཞིག་ཕུལ་བ་དེར་དོགས་པ་དང་བོད་མི་རིསག་ཀྱི་བདེ་སྡུག་ཞུ་པའི་འགན་དབང་ངམ་ཐོབ་ཐང་ཡོད་མེད་ཅིག་གཙོ་བོར་བཟུང་སྟེ་བཤད་འདུག གོང་དུ་དྲ་གྲོགས་རེ་གཉིས་ཀྱིས་བྲིས་ཡོད་པ་ལྟར་རེད། བོད་དོན་ཞུ་གཏུགས་བྱེད་པར་བོད་མིའི་སྒྲིག་འཛུགས་དང་སྤྱི་སྒར་གང་ཞིག་ལ་ཆོག་མཆན་ཞུ་དགོས་པའི་བསམ་ཚུལ་དེ་ཁྱོད་ལ་གང་ནས་སླེབས་སོང་། ད་བར་དུ་ཚོགས་སྒར་མི་རེ་ངོ་རེ་ནས་རྒྱལ་ཚོགས་གཙོས་རྒྱལ་ཁབ་གཞུང་སྒར་མང་པོར་ཞུ་འབོད་ཞུ་ཡིག་སྟོང་ཕྲག་ཕུལ་མྱོང་ཡོད་པ་རེད། དེ་དག་ལ་བོད་མིའི་སྒྲིག་འཛུགས་ནས་ཆོག་མཆན་ཞུས་འདུག་གམ། མ་གཞི་ནས་འཁྱོག་ལ་ཕྱང་བའི་བསམ་ཚུལ་ཞིག་བཟུང་སྟེ་སྤྱི་དོན་ཡིན་མདོག་གིས་སྨྲ་བ་མང་པོ་ཡོད་མཁན་མི་དེའི་རིགས་ཀྱིད་མཚམས་དང་ཚད་ཅིག་བཟུང་ཐུབ་ན། དེ་ཡང་བོད་སྤྱི་དོན་ལ་སྨན་པའི་ལས་དོན་ཞིག་རེད་སྙམ། བསམ་ཚུལ་ཡིན།

    Reply
  10. བདེན་སྐྱོང་། says:
    ལོ་ 10 སྔོན།

    བློ་གྲོ་རབ་བརྟན་ཟེར་མཁན་དེས་ཅི་ཞིག་བཤད་ཀྱིན་པ་རེད།

    འགྲོ་སྟངས་དང་འདུག་སྟངས་མ་ཤེས་ན་སྔོན་ལ་དེ་ཚོ་ཏོག་ཙམ་ཤེས་པར་བྱས་་་དེ་ནས་ཡི་གེ་འདྲ་འབྲི་རྒྱུ་ཨ་ེའདུག་ལྟ་ན་མི་ལེགས་སམ་ཨ་རོ་་་་

    རྒྱལ་ཚོགས་ལ་བོད་དོན་ཞུ་གཏུགས་བྱེད་དགོས་པར་ཚོགས་པ་ཞིག་དང་གཞུང་ཞིག་གི་སྐུ་ཚབ་ངེས་པར་དུ་དགོས་གལ་མེད། ཁྱེད་ཀྱིས་ཀྱང་བོད་དོན་ཞུ་གཏུགས་བྱས་ན་ཆོག་པ་རེད། མ་ཟད་ཀླུ་གར་བྱམས་བོད་ཀྱི་ཆབ་སྲིད་བཙོན་པའི་ཚོགས་པ་ཞིག་གི་ཚོགས་གཙོ་ཡིན་པ་བློ་གྲོས་མིང་ཅན་པས་ཤེས་མེད་ནེ་ཨེ་རེད།

    ཁག་མེད་་་ཅི་ཡང་ཤེས་ཀྱི་མེད་པ་འདྲ།

    Reply
  11. རྡོ་སེངྒེ། says:
    ལོ་ 10 སྔོན།

    སྐད་ཆ་རྐང་གཅིག་མ་བཤད་གོང་ནས་མི་གཞན་ལ་དམོད་མོ་གཏོང་ཡ་འགོ་བཙུགས།
    ཁྱེད་ཀྱི་བྱེད་སྟངས་འདི་གཅིག་པོ་སྟེང་ནས་ཕྱོགས་རིས་ཁེངས་པའི་མི་ཞིག་ཡིན་པ་གསལ་ཐང་ངེར་འདུག་ལ།
    མ་ཟད་གཞན་གྱི་ལག་རྡོ་ཆུང་ཆུང་ཞིག་ཡིན་པའང་ཧ་གོ་གི་འདུག

    མཉམ་འབྲེལ་རྒྱལ་ཚོགས་སུ་བོད་དོན་ཞུ་གཏུགས་བྱེད་པར་སྒྲིག་འཛུགས་དང་ཚོགས་པ་གང་རུང་གི་ཆོག་མཆན་ཐོབ་མི་དགོས། བོད་པ་ཚང་མར་རང་འགུལ་གྱིས་ཞུ་གཏུགས་བྱེད་པའི་ཐོབ་ཐང་ཡོད། ཐ་ན་མི་རིགས་གཞན་པ་ཚོས་ཀྱང་སྒྲིག་འཛུགས་ལ་སོགས་པ་ནས་ཆོག་མཆན་རེག་མི་དགོས་པར་ཐད་ཀར་བོད་པའི་ཆེད་དུ་ཞུ་གཏུགས་བྱས་ཆོག་གི་རེད།

    Reply
  12. ཁ་བའི་རླུང་རྟ། says:
    ལོ་ 10 སྔོན།

    ད་དཀྲུགས་མ་ཡོང་རོགས། བོད་མི་རིགས་ཀྱི་རྩ་དོན་ཐབས་རྩོད་གནང་ཡར་ངེས་པར་ཚོགས་པ་ཞིག་དང་དབུ་ལམ་རྩོད་མཁན་ཁོ་ནར་མ་གཏོགས་ལ་མི་དབང་པ་དེ་འདྲ་གཏན་ནས་མིན། ཀླུ་མཁའ་འབྱམས་ཀྱིས་ཁ་གདུང་དང་མི་ཁ་གདོང་དུ་བཟེད་གནའ་གནོན་དང་གནོད་ཤུགས་རྒྱབ་ཏུ་ཁུར་ནས་ལང་ཡོང་བ་དེར་ང་ཚོ་ངོས་ནས་དགའ་བསུ་ཞུ་དགོས། ང་ཚོ་དབུ་ལམ་འོག་ནས་འདས་པའི་མི་ལོ་གསུམ་ཅུ་ལྷག་བསྐྱལ་ཚར་སོང་ད་དུང་བོད་མི་ཡོངས་སུ་རྫོགས་པ་དགྲ་དམར་འོག་འགྲོ་འདོད་ཡོད་མདོགས་ཀྱི་རྣམ་པ་ཞིག་སྟེན་ནས་བསྡོད་ན་མིས་སྐྱག་པ་གཏང་སར་ཁྱིས་སྐོར་ར་རྒྱབ་ཟེར་བ་ལྟར་ལས་གཞན་ཅི་ཡང་མེད། གོང་ས་སྐྱབས་མགོན་ཆེན་པོ་ཆབ་སྲིད་ཀྱིི་དབུ་ཁྲིད་ལས་དགོངས་ཞུ་བྱས་ནས་ཆོས་ཁོ་ནའི་མཛད་པ་བསྐྱང་རྒྱུའི་དགོངས་གཞི་དེ་ངེས་པར་དུ་ཤེས་པ་བྱོས། དབུ་ལམ་ལ་འགྱུར་བ་གཏན་ནས་མེད་པའི་རྟག་བརྟན་ཐེར་ཟུག་ཅིག་ཡིན་དགོས་ན་དབུ་ལམ་དེ་བོད་མི་རིགས་ཀྱི་རྩ་དོན་ཐབས་རྩོད་གནང་སའི་ཐབས་ལམ་ཞིག་ཡིན་མིན་ལ་སོམས།

    Reply
  13. ལྡོང་སྲས། says:
    ལོ་ 10 སྔོན།

    ཀླུ་མཁར་བྱམས་ལ་དོགས་འདྲི་སུས་ཀྱང་བྱེད་ཆོག་གི་རེད། ཡིན་ནའང་། རྩོམ་ཡིག་བྲིས་ནས་དྲི་བ་འདོན་མཁན་གྱི་མིང་དང་ལས་གནས། འཚོ་རྟེན་སོགས་ངོ་སྤྲོད་བྱེད་དགོས། དེ་ལས་ལྡོག་ན། གཟུགས་མེད་ཀྱི་སྡེ་ལ་གཏོགས་པས། གཟུགས་མེད་ཅིག་ལ་ལན་འདེབས་པའི་འོས་འགན་མེད།

    ཀླུ་མཁར་བྱམས་ཀྱིས་དབྱིན་ཡིག་མི་ཤེས་ཟེར་བ་དེའང་བརྟག་དཔྱད་མེད་པའི་སྐད་ཆ་རེད། ཀླུ་མཁར་བྱམས་ནས་སྔར་སྦེ་རི་སློབ་གྲྭ་ནས་ལོ་གཉིས་རིང་དབྱིན་ཡིག་སྦྱོང་མྱོང་ཡོད་པའི་ཁར། ལོ་བཅུའི་ཡར་སྔོན་ལྡི་ལི་ནས་མུ་མཐུད་དུ་ལོ་གཉིས་རིང་སྦྱོང་མྱོང་ཡོད་པས། ཉུང མཐར་སྲིད་སྐྱོང་འོས་ཞུགས་པ་གཞན་དག་གི་བོད་ཡིག་ཤེས་ཚད་དང་ཀླུ་མཁར་བྱམས་ཀྱི་དབྱིན་ཡིག་ཤེས་ཚད་གཅིག་མཚུངས་ཡིན་ཞེས་བཤད་ཆོག

    Reply
  14. མཚོ་ངག་ says:
    ལོ་ 10 སྔོན།

    བོད་དོན་ཞུ་གཏུགས་བྱེད་རྒྱུ་དེ་གཞུང་དང་ཚོགས་པ་ཁོ་ནའི་ལས་འགན་མ་ཡིན་པ་མ་ཟད་ཞུ་གཏུགས་བྱེད་པར་གཞུང་དང་ཚོགས་ནས་ཆོག་འཆན་ཡང་ཞུ་དགོས་དོན་མེད་ལ་བོད་མི་ཚང་མ་ལ་བོད་དོན་ཞུ་གཏུགས་བྱེད་པའི་ཐོབ་ཐང་ཡོད་། ཀླུ་བྱམས་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ལ་ཞུ་ཡིག་འཕུལ་ཡོད་ན་དེ་ལ་ཐེ་ཚོམས་ཟ་དགོས་དོན་ཏེ་ཁོས་བོད་ནམ་ཡང་ཚོང་རྫས་བྱེད་མི་སྲིད།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese