མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚོར་བ་ཡོད་པའི་རིག་གཞུང་དང་ཚོར་བ་ཡོད་པའི་བོད་ཞེན་བཟོ་དགོས།

བོད་ཀྱི་དུས་བབ།
༢༠༡༥/༡༠/༢༡
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་སྲིད་བྱུས་ཉམས་ཞིབ་ཁང་གཅིག་པུའི་ནུས་པས་འདང་གི་མེད་སྟབས་ཕྱི་ཕྱོགས་ཀྱི་ཆེད་མཁས་པ་དང་ནུས་པ་མཉམ་སྤུངས་བྱས་ཏེ། རྒྱལ་སྤྱིའི་ཐོག་གདེང་ཚོད་ལྡན་པའི་ཐོག་ནས་བོད་འགྲེལ་བཤད་རྒྱག་རྒྱུའི་དམིགས་ཚད་བཟུང་ཡོད་ཟེར།

DSC_8677 དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༠༠ སྟེང་དྷ་ས་དབུས་སྣེ་ལེན་ཁང་གི་ཚོགས་ཁང་དུ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག ༼བོད་དང་བོད་མི། འབྱུང་རེ་དང་། གདོང་ལེན།༽ ཞེས་པའི་བརྗོད་གཞིའི་ཐོག་ཉིན་གཉིས་རིང་གི་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཞིག་མགོ་འཛུགས་གནང་སོང་། དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་རྣམ་གཉིས་གཙོས། གཏམ་བཤད་གནང་མཁན་རྒྱ་གར་མཐོ་སློབ་ཁག་ནང་འབུམ་རམས་པ་གནང་བཞིན་པའི་ཉམས་ཞིབ་པ་ ༡༣ ཙམ་ཕེབས་འདུག

མཛད་སྒོ་དབུ་འཛུགས་ཐོག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་ཚོགས་འདུའི་དགོས་དམིགས་ངོ་སྤྲོད་གནང་དོན། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་འདི་ཡག་པོ་ཡོང་རྒྱུ་དང་ཉམས་ཞིབ་མཐར་ཕྱིན་པ་བྱེད་ཐུབ་རྒྱུ། ང་ཚོའི་ཉམས་ཞིབ་པའི་ནུས་པ་འདང་རྒྱུ་ཏོག་ཙམ་དཀའ་ལས་ཁག་པོ་ཡིན་སྟབས། ཉམས་ཞིབ་ཁང་འདི་ཉམས་ཞིབ་གནང་མཁན་གཅིག་པུ་མིན་པ་བྱས་ཏེ། ཕྱི་ལོགས་ཀྱི་ཡོན་ཏན་དང་ནུས་པ་སྤུངས་ས་ཞིག་དང་། བོད་པས་བོད་ཀྱི་ཐོག་ཉམས་ཞིབ་གཏིང་ཟབ་བྱས་ནས་གདེང་ཚོད་ཡོད་པའི་ཐོག་ནས། རྒྱལ་སྤྱིའི་སྡིངས་ཆའི་ཐོག་འགྲེལ་བཤད་མཐར་ཕྱིན་རྒྱག་ཐུབ་པའི་དམིགས་ཚད་བཟུང་ཡོད།

རྒྱ་གཞུང་གིས་བོད་ནང་གྲོང་ཁྱེར་མང་པོ་ཞིག་གསར་འཛུགས་བྱ་རྒྱུའི་འཆར་གཞི་འདུག ཆབ་མདོ་དང་ཀོང་པོ་ཉིང་ཁྲི་གྲོང་ཁྱེར་ལ་འགྱུར་བཞིན་ཡོད་པ་རེད། གྲོང་ཁྱེར་དེ་ཚོའི་མི་འབོར་ཧོབ་དེ་ཁ་ལ་སྐྱེ་ཡི་མེད་སྟབས་ག་ནས་ཡོང་བ་རེད། ང་ཚོའི་སེམས་ཁྲལ་བྱེད་ས་འདྲ་པོ་དེ་གྲོང་ཁྱེར་ནང་གི་མི་འབོར་ཐོད་པ་དེ་ཚོ་རྒྱ་ནག་ནས་དབོར་བ་མིན་འགྲོ་བསམ་གྱི་འདུག དཔེར་ན། ཉེ་ལམ་བལ་ཡུལ་ནང་ས་ཡོམ་བྱུང་སྟེ། འགྲམ་གྲོང་རྡལ་མེད་པ་ཆགས་ཡོད་སྟབས། རྒྱ་གཞུང་གིས་སྔར་ཡོད་པའི་བོད་པ་དེ་ཚོ་གཞིས་ཀ་རྩེའི་གཡས་གཡོན་ལ་གནས་སྤོ་བྱས་ཏེ། གྲོང་རྡལ་དེའི་ནང་རྒྱ་རིགས་གནས་སྤོ་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་གིས་རྒྱ་ནག་གི་དཔལ་འབྱོར་མུ་མཐུད་ཡག་པོ་གནས་ཆེད། རྒྱ་ནག་གི་མི་འབོར་ཕྱེད་ཀ་གྲོང་ཁྱེར་ནང་གནས་ཐུབ་པ་བཟོ་རྒྱུ་དེ་ཡིན་སྟབས། ད་ལྟ་བོད་ནང་གྲོང་ཁྱེར་འཛུགས་སྐྲུན་བྱེད་བཞིན་པ་དེ་སྲིད་བྱུས་དེའི་ཆ་ཤས་མིན་འགྲོ་བསམ་པ་འདུག བོད་ནང་རྒྱ་རིགས་ཕོན་ཆེ་གནས་སྤོ་བྱས་པ་ཡིན་ན། བོད་མི་རིགས་ཀྱི་ངོ་བོ་དང་རིག་གཞུང་ཡུན་གནས་ཐུབ་རྒྱུ་ཁག་པོ་ཡིན་སྟབས། ད་ལན་དེའི་ཐོག་ཉམས་ཞིབ་བྱེད་མཁན་བྱུང་བ་དེས་ང་ཚོར་སྔོན་བརྡ་འདྲ་པོ་ཞིག་འབྱུང་གི་རེད། ཅེས་བརྗོད་སོང་།

དེའི་རྗེས་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ ༢༠༢༠ ལོའི་རྗེས་ལ་བོད་གང་འདྲ་ཆགས་མིན་སྐོར་གསུངས་དོན། ངས་དེ་སྔོན་ ༢༠༢༠ ལོར་ཕྱི་རྒྱལ་ལ་སྡོད་མཁན་དང་རྒྱ་བལ་འབྲུག་གསུམ་ནང་སྡོད་མཁན་གྱི་བོད་པ་བརྒྱ་ཆ་ལྔ་བཅུ་ལྔ་བཅུ་ཆགས་ཀྱི་རེད་ཟེར་བ་དེ། དབྱིན་ཡིག་ཐོག་ཞུས་པ་ཡིན་ན་ (Secondary issue) གནད་དོན་གཉིས་པ་དེ་རེད། རྣམ་པ་ཚོ་ཞིབ་འཇུག་གནང་མཁན་ཡིན་དུས་གལ་ཆེ་ཤོས་ག་རེ་རེད་ཟེར་ན། ༡༩༤༩ ནས་ ༥༠ ལོའི་བར་ལ་རྒྱ་མིའི་དམག་མི་བོད་ལ་བསླེབས་པ་རེད། ༢༠༢༠ ལོར་རྒྱ་མིའི་དམག་མི་བོད་ལ་བསླེབས་ནས་ལོ་ ༧༠ འཁོར་གྱི་ཡོད་པ་རེད། ལོ་ ༧༠ ཟེར་སྐབས་ག་རེ་ཟེར་གྱི་ཡོད་པ་རེད་ཞུས་ན། བོད་ནང་དང་རྒྱ་བལ་འབྲུག་གསུམ། ཕྱི་རྒྱལ་ལ་ཡོད་པའི་བོད་མི་ཚོའི་མགོ་ཁྲིད་མཁན་ཡིན་ནའང་རེད། མང་ཆེ་བ་ལོ་ ༦༠ དང་ ༦༥ ནས་རྒན་ཡོལ་ལ་འགྲོ་ཡི་ཡོད་སྟབས། ལོ་ ༧༠ མན་ཆད་མ་གཏོགས་ཡན་ཆད་ཡོང་གི་མེད་པར་བརྟེན། བོད་ལ་ཡོད་པའི་བོད་མིའི་མགོ་ཁྲིད་དང་། རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བོད་མིའི་མགོ་ཁྲིད། དེ་བཞིན་ཕྱི་རྒྱལ་དུ་ཡོད་པའི་བོད་མིའི་མགོ་ཁྲིད་ཚོས་བོད་ཅེས་སྐད་ཆ་བཤད་སྐབས། རྒྱ་མི་བསླེབས་རྗེས་ཀྱི་བོད་མ་གཏོགས། བོད་རང་བཙན་ཡོད་སྐབས་ཀྱི་བོད་གང་འདྲ་ཡིན་མིན་སུ་གང་ལའང་ཉམས་མྱོང་ཡོད་པ་མ་ རེད། ང་ཚོ་ཚང་མས་བོད་རང་བཙན་དང་མིང་དོན་མཚུངས་པའི་རང་སྐྱོང་ཟེར་གྱི་ཡོད་ནའང་རེད། དེ་མིན་འགྲོ་བ་མིའི་ཐོབ་ཐང་ཐོག་ནས་བོད་ཟེར་གྱི་ཡོད་ནའང་རེད། བོད་ཟེར་བ་འདི་དབྱིན་ཡིག་ཐོག་ཞུས་ན་འཆར་སྣང་གི་བོད་ (Imaginary Tibet) རེད་མ་གཏོགས། ༡༩༤༩ སྔོན་གྱི་བོད་མཐོང་མེད་སྟབས། ང་ཚོ་ཚང་མས་བོད་རང་བཙན་དགོས་ལབ་པ་མ་གཏོགས། སོ་སོར་རྒྱབ་ལྗོངས་གང་ཡང་མེད། ང་ཚོས་སྲོལ་རྒྱུན་གྱི་འགྲོ་སྟངས་འགྲོ་ལུགས་ལབ་པ་ཡིན་ཡང་། ལོ་ ༧༠ སྔོན་གྱི་སྲོལ་རྒྱུན་འགྲོ་སྟངས་མེད་སྟབས། ང་ཚོས་བོད་པའི་རིག་གཞུང་དང་བོད། གོམས་གཤིས་ག་རེ་བཤད་པ་ཡིན་ཡང་སོ་སོས་འཆར་སྣང་ཐོག་ནས་བཤད་པ་མ་གཏོགས་མྱོང་ཚོར་མེད་སྟབས། ང་ཚོའི་མི་རབས་རྒན་པ་སྤོ་རྨོ་དང་ཕ་མ་ཚོས་བོད་ཟེར་སྐབས། ཁོ་ཚོས་བོད་མཐོང་བ་དང་བསྡད་པ། མྱོང་བ་སོགས་བྱས་ཡོད་སྟབས། སེམས་ནང་ཚོར་བ་ཤུགས་ཆེ་བ་ཡོད་པ་རེད། ང་ཚོས་བོད་མཐོང་མེད་སྟབས་མྱོང་ཚོར་མེད་པར་བརྟེན། ང་ཚོའི་ལས་འགན་ནི་ཚོར་བ་ཡོད་པའི་རིག་གཞུང་དང་ཚོར་བ་ཡོད་པའི་བོད་གང་འདྲ་བཟོ་དགོས་པ་རེད་ཟེར་བ་དེ་ཆགས་ཡོད། ཅེས་གསུངས་སོང་།

མཇུག་ཏུ་གསར་འགོད་པས་བྷེང་ལོར་ཁ་རེ་སི་གཙུག་ལག་སློབ་ཆེན་གྱི་འབུམ་རམས་པའི་སློབ་མ་བསྟན་འཛིན་ནམ་མཁའ་ལགས་སུ་གཏམ་བཤད་ཀྱི་ནང་དོན་སྐོར་དྲིས་པར་ཁོ་མོས། ང་ཚོའི་ཕ་མ་ཚོ་བོད་ནས་རྒྱ་གར་ནང་བསླེབས་ཏེ། མི་རབས་གཉིས་པ་མང་ཆེ་བ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཕེབས་ཡོད་སྟབས། ཁོ་ཚོས་ཚུར་དངུལ་བཏང་བ་དེ་ཚོས། དང་པོ། བོད་མིའི་ཤེས་ཡོན་དང་ལག་ཤེས། གཉིས་པ། ཚོང་རྒྱག་སྐབས་དཔལ་འབྱོར་ཐོག་ཕན་ཐོགས་གང་འདྲ་ཡོང་གི་ཡོད་མེད། གསུམ་པ། སྤྱི་ཚོགས་འཛུགས་སྐྲུན་ཐད་ཕན་བདེ་གང་འདྲ་སྐྲུན་གྱི་ཡོད་མེད་བཅས་ཀྱི་ཐོག་ཡིན་སྟབས། ངས་བོད་མི་ ༤༠༠ ཙམ་ལ་སྐད་ཆ་དྲིས་ནས་ཉམས་ཞིབ་བྱས་པ་བརྒྱུད། ཤེས་ཡོན་ཐོག་མང་ཤོས་ཕན་ཐོགས་ཀྱི་ཡོད་སྟབས། ངས་བོད་མིའི་སྒྲིག་འཛུགས་ངོས་ནས་འདིར་ཚོགས་པ་ཞིག་ཚུགས་ཏེ། ཕྱི་ཕྱོགས་ལ་འབྲེལ་བ་བྱས་ན་ཕན་ཐོགས་ཆེན་པོ་ཡོང་ས་རེད་བསམ་གྱི་འདུག ཅེས་བརྗོད་བྱུང་།

20151021_100430ཝ་ཎ་ཧིན་དྷུ་གཙུག་ལག་སློབ་གཉེར་ཁང་གི་འབུམ་རམས་པའི་སློབ་མ་གཉན་ཐར་ལགས་སུ་གཏམ་བཤད་ནང་ དོན་སྐོར་དྲིས་པར་ཁོང་གིས། ངས་བོད་ཀྱི་རྒྱལ་ཞེན་དང་། མི་རིགས་ཀྱི་ངོ་བོ། སྲིད་དོན་བཅས་ཀྱི་ཐོག་གཏམ་བཤད་བྱེད་ཀྱི་ཡོད། སྤྱིར་བཏང་བརྗོད་གཞི་འདི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་བདམས་པ་ཞིག་རེད། རྒྱལ་ཞེན་ངོས་འཛིན་བྱེད་པར་རྒྱལ་ཁབ་ངོས་འཛིན་བྱེད་དགོས་པ་གལ་ཆེན་པོ་ཞེ་དྲགས་ཡིན་སྟབས། དེ་མེད་པ་ཡིན་ན་རྒྱལ་ཞེན་ཟེར་བ་འདི་ཡོང་རྒྱུ་ཁག་པོ་རེད། རྒྱལ་ཁབ་ལ་ཞེན་ཁོག་བྱེད་སྟངས་དེ་ག་དུས་ཡིན་ཡང་ང་ཚོ་བོད་པ་ཙམ་མིན་པ་བྱས་ཏེ། འཛམ་བུ་གླིང་གི་ལོ་རྒྱུས་ཐོག་སོ་སོའི་རྒྱལ་ཁབ་ལ་ཞེན་ཁོག་བྱེད་མ་ཤེས་པ་དང་ ཐལ་དྲགས་པ། མ་འདང་པ་ལ་སོགས་པའི་དབང་གིས་ག་དུས་ཡིན་ཡང་ལམ་འགྲོ་རྒྱུག་གི་མེད་སྟབས། གནད་དོན་དང་པོ་དེ་རྒྱལ་ཁབ་ངོས་འཛིན་བྱེད་དགོས་པ་རེད། རྒྱལ་ཁབ་ཟེར་བ་འདི་དུས་རབས་མ་འདྲ་བའི་ནང་ཚད་གཞི་མི་འདྲ་བ་ཡོང་གི་ཡོད་སྟབས། དབྱིན་སྐད་དང་རྒྱ་དཀར་ནག་གཉིས་ཀྱི་སྐད་ཐོག་ནས་བོད་ཀྱི་རྒྱལ་ཁབ་ཟེར་བ་འདི་ཞིབ་བསྡུར་བྱས་ཏེ། དེང་སང་རྒྱལ་སྤྱིའི་ཐོག་རྒྱལ་ཁབ་ཟེར་བ་འདིར་ཆ་རྐྱེན་གང་འདྲ་ཚང་དགོས་མིན་ ཁྲིམས་བཟོ་རྒྱུ་ཙམ་མིན་པར་གཏན་ཚིག་དང་འཚོ་གནས། རིག་གཞུང་དང་འབྲེལ་བ་ཡོད་པ་བཟོ་རྒྱུ་འོས་ཤིང་འཚམ་པ་ངོས་འཛིན་ཡང་དག་པ་ཞིག་བྱ་ཆེད་རྒྱལ་ཞེན་ཟེར་བ་དེ་དགོས་ཀྱི་དགོས་པ་རེད། མི་རིགས་ཀྱི་ངོ་བོ་ཟེར་བ་འདི་ངེས་པར་དུ་ཕ་མའི་བརྒྱུད་པ་ཡིན་དགོས་པ་ངོས་འཛིན་བྱེད་ཀྱི་ཡོད་པ་དེ་འདྲ་མིན་པར་ཉམས་ཞིབ་པའི་ཁྱབ་ཁོངས་ནང་མི་རིགས་ཟེར་བ་འདི་གང་འདྲ་ཞིག་ལ་ངོས་འཛིན་བྱེད་དགོས་ཀྱི་ཡོད་མེད་དང་། སྲིད་དོན་ཟེར་བ་འདི་རྒྱལ་ཞེན་དང་མི་རིགས་ཀྱི་ངོ་བོ་མཉམ་བསྲེས་ཐོག་ནས་ཡོང་གི་ཡོད་པ་རེད། ཅེས་བརྗོད་བྱུང་།

ཐེངས་འདིའི་ཚོགས་འདུའི་སྐབས། ནུབ་ཕྱོགས་སུ་གནས་སྤོས་བོད་མིའི་ཆེད་གཏོང་དངུལ་འབོར་གྱི་རྒྱ་གར་ནང་སྐྱབས་བཅོལ་བོད་མིའི་ནུས་ཤུགས་དར་རྒྱས་ཐོག་ཤུགས་རྐྱེན་སྐོར་དང་། བོད་ནང་གི་ད་ལྟའི་གནས་སྟངས་དང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐོག་རྒྱ་ནག་གི་སྲིད་བྱུས་སྐོར། ཡུ་རོབ་མཐུན་ཚོགས་དང་། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཐོག་ལྟ་ཚུལ་དང་། དེས་བོད་ཀྱི་གནད་དོན་ཐོག་ཤུགས་རྐྱེན་སྐོར། རྒྱ་ནག་དང་ནུབ་ཕྱོགས་རྒྱལ་ཁབ་བར་ལས་ཚད་འགྲན་རྩོད་སྐོར། རྒྱ་དམར་གྱིས་བོད་མཐོ་སྒང་དམག་སར་འགྱུར་བ་དང་།  རྒྱ་ནག་དམར་ཤོག་ཚོགས་པའི་ཁྲིམས་མཐུན་གྱི་རང་བཞིན། བོད་ནང་དཔལ་འབྱོར་དབང་བསྒྱུར། བོད་ནང་རྨང་གཞིའི་འཛུགས་སྐྲུན་ཡར་རྒྱས་དང་། གྲོང་ཁྱེར་འཛུགས་སྐྲུན། བོད་ནང་གི་འཛུགས་སྐྲུན་དང་འཁྱོག་བཤད་ལོག་འགྲེལ། སྲང་ལམ་གྱི་གཞས། ཕྱི་རྒྱལ་གྱི་དབང་བསྒྱུར་ལ་འགོག་རྒོལ། དེང་རབས་དང་གདོང་ཐུག་བྱེད་པ། རྒྱ་གར་ནང་བཙན་བྱོལ་བོད་མིའི་རིག་གཞུང་འཚོལ་བ། བཙན་བྱོལ་བོད་མིའི་སྤྱི་ཚོགས། འབྱུང་རེ་དང་དཀའ་ངལ་སྐོསོགས་བརྗོད་གཞི་ཁག་ ༢༤ ཡི་ཐོག་ཉམས་ཞིབ་པ་ཚོས་གཏམ་བཤད་གནང་རྒྱུ་ཡིན་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་སྤེན་པ་ཚེ་རིང་གིས་གོམ་བགྲོད་ལས་འགུལ་དབུ་འབྱེད་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༡༠།༣༠
Mobile App

གཞུང་ཁོངས་མིན་པའི་ཚོགས་པ་ལྔས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་མགོ་བཙུགས་སོང་། 

༢༠༢༦/༡༠/༣༠
ཞུ་ཡིག་ངོ་བཤུས། པར་དྲ་ལམ་ནས་བླངས།
Mobile App

 རྒྱ་ནག་གི་སློབ་ཆེན་ ༡༤ ཡི་ཞུ་ཡིག་དེ་བདེན་པ་རེད་དམ།

༢༠༢༦/༡༠/༢༩
This photo was captured by our volunteer photographer, Lee Lay Na, on 20 September 2025 at the Long Life Offering Ceremony, co-organised by the Tibetan Buddhist Centre and six Buddhist organisations from Southeast Asia and South Korea.
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་ཨ་རིའི་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ།

༢༠༢༦/༡༠/༢༩
ཀི་ལི་ཡན་མེམ་བྷ་པེ་དང་རྒྱ་ནག་གི་མགོ་ཁྲིད་མའོ། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གིས་ཀི་ལི་ཡན་མེམ་བྷ་པེ་ལ་སྐྱོན་བརྗོད་དང་ཚོང་དོན་གན་རྒྱ་མཚམས་འཇོག་བྱས། 

༢༠༢༦/༡༠/༢༨
TTT
Mobile App

རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་བསྐྱར་ཞིབ་དགོས་པའི་ལས་འགུལ་སྤེལ། 

༢༠༢༦/༡༠/༢༨
China’s top Communist Party leaders have gathered in Beijing for the Fifth Plenum—a closed-door meeting that could reveal important clues about the country’s political future.
Mobile App

ཞི་ཅིན་ཕིན་གྱིས་སྲིད་དབང་སྒེར་གཅོད་མུ་མཐུད་བྱེད་པའི་སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས།

༢༠༢༦/༡༠/༢༧

མཆན། 1

  1. ཤག་སྒང་པ་སངས་ཚེ་རིང་། says:
    ལོ་ 11 སྔོན།

    ན་གཞོན་འདི་དག་ལ་རེ་བ་རེ་མངོན་གྱིན་འདུག་པས་བསྟོད་དོ།། བཀྲིས་བདེ་ལེགས། སྲིད་སྐྱོང་གིས་མགོ་འདོན་གནང་བའི་དབུས་བོད་མིའི་སྒྲིག་འཛུགས་ལ་མངོན་པར་བསྟོད་དོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese