མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ད་ལོ་ཕྲུ་གུ་ ༧༠༧ སློབ་འཇུག་བྱས་པའི་ཁྲོད་བོད་ནས་ཡོང་བ་ ༧ འདུག

བོད་ཀྱི་དུས་བབ།
༢༠༡༥/༡༠/༢༣
Share on FacebookShare on TwitterShare on EmailShare on Whatsapp

 

དེ་རིང་སྔ་དྲོའི་ཆུ་ཚོད་ ༩ པའི་ཐོག་དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་ ༥༥ འཁོར་བའི་དུས་དྲན་མཛད་སྒོ་ཚོགས་ཡོད་པ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དཔལ་རྒྱལ་བ་ཀརྨ་པ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་རྣམ་གཉིས་གཙོས་དམངས་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམས་པ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་བོད་ཁྱིམ་སློབ་གྲྭའི་སྦྱིན་བདག་རྣམ་པ། དེ་བཞིན་གཞུང་འབྲེལ་དང་གཞུང་མིན་པའི་ཚོགས་སྡེ་ཁག་གི་འགན་འཛིན་པ་རྣམ་པ། དྷ་སྟེང་བོད་ཁྱིམ་གྱི་དགེ་སློབ་ཟུར་བ་རྣམ་པ་དང་དྷ་ས་ཁུལ་གྱི་སེར་སྐྱ་མང་ཚོགས་སོགས་ཁྱོན་མི་མང་ ༢༠༠༠ མ་ཟིན་ཙམ་འཛོམས་འདུག

 

DSC_1764ཐོག་མར་བོད་ཁྱིམ་སློབ་ཕྲུག་རྣམས་རུ་བསྒྲིགས་ཏེ་སྐུ་མགྲོན་རྣམ་པར་ཕེབས་བསུ་ཞུས་པ་དང་། བོད་རྒྱལ་ཁབ་དང་མི་རིགས་ཀྱི་སླད་དུ་སྐུ་སྲོག་བློས་གཏོང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་སྐར་མ་གཅིག་རིང་ངག་བཅད་གུས་འདུད་ཞུས་དང་། དེ་ནས་ཧིན་བོད་ཀྱི་རྒྱལ་གླུ་རིམ་བཞིན་བཏང་རྗེས། བོད་ཁྱིམ་སྤྱི་ཁྱབ་དབུ་འཛིན་ཚེ་དབང་ཡེ་ཤེས་ལགས་ཀྱིས་ལས་བསྡོམས་སྙན་སྒྲོན་ཞུ་སྐབས། ཕྱི་ལོ་ ༡༩༦༠ ནས་ཕྱི་ལོ་ ༢༠༡༥ བར་གཏན་སློབ་ནང་སློབ་འཇུག་གྲངས་ ༥༢༢༢༦ ཆགས་ཡོད་པ་དང་། དེའི་ནང་བོད་ནས་གསར་དུ་འབྱོར་ཁོངས་སློབ་ཞུགས་ ༡༢༨༩༩ ཡོད་ཅིང་། འདི་ལོའི་ནང་གཏན་སློབ་བུ་ཕྲུག་ ༧༠༧ སློབ་འཇུག་ཞུས་པའི་ཁོངས་ནས་བོད་ནས་གསར་དུ་འབྱོར་བའི་སློབ་མ་ ༧ དང༌ཧི་མ་ལ་ཡའི་རི་བརྒྱུད་ནས་ཡིན་པའི་བུ་ཕྲུག་ ༢༥༩ དང་། དེ་མིན་ལྷག་འཕྲོས་རྣམས་བོད་རིགས་བུ་ཕྲུག་ཤ་སྟག་ཡིན་སྐོར་ངོ་སྤྲོད་གནང་སོང་།

 

ཁྱིམ་སྡེའི་འགན་ཁུར་ལྟ་རྟོགས་འོག་གི་མི་འབོར་སྐོར་ལ། བོད་ཁྱིམ་སློབ་ཁག་ ༡༡ ནང་གཏན་སློབ་ ༨༤༡༡ དང་ཉིན་སློབ་ཁག་ ༥ ནང་སློབ་མ་གྲངས་ ༥༦༤ ཡོད་ཅིང་། ཕྱི་རོགས་སྡེ་ཚན་ནང་བུ་ཕྲུག་ ༧༨༨ ཡོད་ལ། ལས་རིགས་དང་མཐོ་སློབ་ཁག་ཏུ་འགྲོ་བཞིན་པའི་སློབ་མ་ ༢༡༡༣ ཡོད་པ་དང་། རྒས་གསོ་ཁང་ཁག་ ༤ ནང་བགྲེས་སོང་ ༥༧༧ ཡོད་ལ། དེ་བཞིན་ཡན་ལག་ཆེ་ཆུང་ཁག་ནང་ལས་བྱེད་གྲངས་ ༡༤༦༦ བཅས་བོད་ཁྱིམ་ཁག་ནང་ཁྱོན་མི་འབོར་ ༡༣༩༡༩ ཡོད་པ་དང་། ཡང་ཤེས་ཡོན་དང་འབྲེལ་བའི་ཐད། ཉེ་ཆར་ཤེས་རིག་ལས་ཁུངས་ནས་དགེ་རྒན་གནས་ཚད་དང་སློབ་ཁྲིད་ཡར་རྒྱས་ཡོང་ཐབས་སུ་ཟབ་སྦྱོང་མི་ཉུང་བ་ཞིག་ཕུལ་ཡོད་ཅིང་། འདི་ལོར་བོད་ཁྱིམ་རང་ངོས་ནས་ཀྱང་ཟབ་སྦྱོང་ཁག་ ༡༠ གོ་སྒྲིག་ཞུས་པ་གཙོ་བོ་བོད་ཡིག་དང་བོད་ཡིག་སློབ་ཁྲིད་ཡར་རྒྱས་ཡོང་ཐབས་སུ་དམིགས་བསལ་ཤུགས་གནོན་བརྒྱབ་པ་ཡིན། ཞེས་ངོ་སྤྲོད་གནང་སོང་།

 

འདི་ལོའི་འཛིན་རིམ་བཅུ་པའི་རྒྱུགས་འབྲས་སྐོར་ལ། འཛུལ་ཞུགས་སློབ་མ་ ༥༩༩ ནང་ནས་ཡིག་རྒྱུགས་འཁྱོལ་བ་ ༥༨༥ དང་ཡིག་རྒྱུགས་གཏོང་མ་ཐུབ་པ་ ༢ དང་། ཡིག་རྒྱུགས་མ་འཁྱོལ་བ་ ༠ དང་བསྐྱར་རྒྱུགས་གཏོང་དགོས་པ་ ༡༢ དང་། ཡིག་རྒྱུགས་འཁྱོལ་བའི་བརྒྱ་ཆ་ ༡༠༠ ཡིན་ཞིང་། འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ནང་འཛུལ་ཞུགས་སློབ་མ་ ༦༦༡ ནང་ནས་ཡིག་རྒྱུགས་འཁྱོལ་བ་ ༦༡༨ དང་ཡིག་རྒྱུགས་མ་འཁྱོལ་བ་ ༡༢། བསྐྱར་རྒྱུགས་གཏོང་དགོས་པ་ ༣༡ དང་ཡིག་རྒྱུགས་འཁྱོལ་བའི་བརྒྱ་ཆ་ ༩༣་༥ ཡིན།

 

འཛིན་རིམ་ ༡༢ རྒྱལ་ཡོངས་ཡིག་རྒྱུགས་སྡེ་ཚན་སོ་སོའི་ནང་འབྱུང་རིག་སྡེ་ཚན་ནས་སུ་ཇ་བོད་ཁྱིམ་སློབ་མ་བསྟན་འཛིན་དགྲ་འདུལ་ལགས་ལ་རྒྱུགས་འབྲས་སྐར་གྲངས་ ༩༥་༨ ཐོབ་པ་དང་། ཚོང་རྩིས་སྡེ་ཚན་ནས་དྷ་སྟེང་བོད་ཁྱིམ་སློབ་མ་བསྟན་འཛིན་བདེ་ཆེན་ལགས་ལ་རྒྱུགས་འབྲས་སྐར་གྲངས་ ༩༡་༢ ཐོབ་ཅིང་། ཚན་རིག་སྡེ་ཚན་ནས་སེ་ལ་ཀུའི་བོད་ཁྱིམ་སློབ་མ་མཱི་ཆི་ཀོ་ཡ་མ་ས་ཀི་ལགས་ལ་རྒྱུགས་འབྲས་སྐར་གྲངས་  ༩༣ ཐོབ་ཡོད་སྟབས། ཁོང་ཚོར་ད་ལོའི་རྒྱུགས་འབྲས་རྩེར་སོན་གྱི་ཤེས་རིག་ལྷན་ཁང་གི་བྱ་དགའ་གནང་རྒྱུ་དང་། གཞན་ཡང་ཚན་རིག ༣  འབྱུང་རིག ༣  ཚོང་རིག ༢  བཅས་ཀྱི་སློབ་ཚན་སོ་སོའི་ཨང་རིམ་གསུམ་པའི་བར་ཤེས་རིག་ལྷན་ཁང་ནས་དགའ་ལྡན་ཕོ་བྲང་གི་གཟེངས་རྟགས་གནང་ལམ་ཡོད་པ་བཞིན། ད་ལོའི་ཤེས་ཡོན་བྱ་དགའ་ ༨ བོད་ཁྱིམ་སློབ་མ་ཚོར་ཐོབ་ཡོད་པ་མ་ཟད། ད་ལོའི་སྲིད་སྐྱོང་སློབ་ཡོན་དེ་ཡང་སུ་ཇའི་སློབ་མ་བསྟན་འཛིན་དགྲ་འདུལ་ལགས་ཀྱིས་འཛིན་རིམ་བཅུ་གཉིས་པའི་རྒྱལ་ཡོངས་ཡིག་ཚད་ཀྱི་བརྒྱ་ཆ་ ༩༥་༨ ལོན་པར་གནང་སོན་བྱུང་ཡོད་པ་རེད།

 

གཞན་ཡང་། བྱུང་སོང་གི་གནས་སྟངས་སྐོར་ལ། རྩིས་མགོར་དངུལ་ལྷག་སྒོར་ ༣༩༠༩༩༨༠༠༢་༧༡ ཡོད་པ་དང་། བྱུང་ཁག་ཁྱོན་སྒོར་ ༦༦༤༥༧༩༧༡༧་༢༡ དང་། སོང་ཁག་རྒྱུན་གྲོན་ཐོག་སྒོར་ ༥༥༦༧༨༢༠༧༥་༥༥ དང་། འཆར་གཞིའི་ཐོག་སྒོར་ ༡༠༣༦༩༢༡༧༤་༥༠། སོང་ཁག་ཁྱོན་སྒོར་ ༦༦༠༤༧༤༢༥༠་༡༥ དང་ལྷག་བསྡད་བསྡོམས་སྒོར་ ༣༩༥༡༠༣༤༦༩་༨༧ ཡོད་ལ། སྤྱིར་བཏང་རྩིས་དང་འབྲེལ་བའི་ཐོག་འདི་ལོའི་གྲོས་ཚོགས་སྐབས་ ༡༥ པའི་ཚོགས་དུས་ ༩ པའི་སྐབས་མང་ཚོགས་རྩིས་ཁྲ་ཚོགས་ཆུང་ནས་རྩིས་ཞིབ་སྙན་ཐོའི་སྐྱོན་གནད་སྙན་སྒྲོན་ཞུས་པའི་ཐད།  ཚོགས་གཙོ་བགྲེས་པོ་མཆོག་ནས་ཉེ་ཆར་གྲོས་ཚོགས་ཚོགས་དུས་ ༡༠ པའི་མཇུག་བསྡོམས་གསུང་བཤད་ཐོག་གསལ་ཁ་གཏོད་པ་བཞིན་རེ་ཟུང་བསྐྱར་ཞིབ་བྱེད་དགོས་པ་ལས་གཞན་ཚང་མ་གཙང་བཟོ་ཟིན་པ་ཡིན། ཞེས་སོགས་ངོ་སྤྲོད་གནང་སོང་།

 

བཀའ་ཤག་གི་སྲིད་ཚབ་ཆོས་རིགས་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས། ད་ལྟ་ང་ཚོ་དུས་རབས་ ༢༡ ནང་འགྲོ་བཞིན་ཡོད་སྟབས། ཤེས་ཡོན་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། རང་ཉིད་མི་གཅིག་ལ་ཆ་བཞག་ན་འཛམ་གླིང་འདིའི་སྒང་མི་ཚེ་སྐྱེལ་ནས་འགྲོ་དགོས་དུས་ཤེས་ཡོན་ཚད་དང་ལྡན་པ་ཞིག་མེད་ན་སོ་སོའི་མི་ཚེ་སྐྱེལ་སྟངས་ཡང་ཚད་དང་ལྡན་པ་ཞིག་མེད་པ་གསལ་བོ་ཞེ་དྲགས་རེད། དེ་བཞིན་རང་ཉིད་ཀྱི་ནང་མི་དང་སྤུན་མཆེད་སོགས་ལ་ཕན་ཐོགས་དགོས་ཀྱི་ཡོད་ན། ཤེས་ཡོན་ཐོག་ནས་ལེགས་ཆ་མང་པོ་ལེན་རྒྱུ་དང་གཅིག་ཕན་གཅིག་གྲོགས་བྱས་པའི་གྲུབ་འབྲས་དམིགས་བསལ་ཞིག་འཐོན་གྱི་ཡོད་པ་རེད། དེ་བཞིན་ང་ཚོ་མི་རིགས་ཀྱི་དཀའ་ངལ་དེ་རྒྱལ་སྤྱིའི་ཐོག་ནས་འཐབ་རྩོད་བྱས་ནས་སེལ་དགོས་ཀྱི་ཡོད་པ་གསལ་བོ་ཡིན་སྟབས། ང་ཚོ་རྒྱལ་སྤྱིའི་སྟེང་འགྲོ་ཐུབ་པའི་ཤེས་ཡོན་དང་ཡོན་ཏན་ཞིག་མེད་པ་ཡིན་ན་ཏག་ཏག་ཅིག་ཡོང་གི་ཡོད་མ་རེད་ལ། དེང་སང་སྤྱི་ཚོགས་ནང་ཤེས་ཡོན་གལ་ཆེན་པོ་ཞེ་དྲགས་ཏུ་བརྩི་ཡི་ཡོད་པ་དང་། ཤེས་ཡོན་གྱི་གྲུབ་འབྲས་དེ་ཡང་ལོ་རེ་ནས་ལོ་རེར་ཡག་ཏུ་འགྲོ་ཡི་ཡོད་པ་གསལ་བོ་ཞེ་དྲགས་རེད། ཅེས་གསུངས་སོང་།

 

ཁོང་གིས་མུ་མཐུད་ནས། ང་ཚོ་བོད་པ་ཞིག་ཡིན་པའི་ཆ་ནས་བོད་པའི་དཀའ་ངལ་དང་སྡུག་བསྔལ། གནས་སྟངས་སོགས་ག་དུས་ཡིན་ན་སེམས་ལ་བཞག་ནས་ལག་ལེན་བསྟར་དགོས་པ་དེ་གལ་ཆེན་པོ་ཞེ་དྲགས་རེད། དེ་བརྟེན་ང་ཚོའི་དཀའ་ངལ་དང་སྡུག་བསྔལ། རྒྱལ་ཁབ་ཀྱི་གནས་སྟངས་མཁྱེན་པའི་ཐོག་ནས་ཕྱག་ལས་གནང་བ་དང་ལས་འགུལ་སྤེལ་པ་སོགས་སྐབས་སུ་བབ་པའི་མཛད་གཙོ་རྣམ་པ་ཚང་མར་དམིགས་བསལ་གྱི་འགན་ཞིག་ཡོད་པ་རེད་བསམ་གྱི་འདུག ད་ལྟ་འཛམ་གླིང་གི་མི་ཚང་མས་བོད་ཅེས་པ་དེར་ཧ་ལས་དགོས་ཀྱི་འདུག ཆོས་དང་རིག་གཞུང་། ཆུ་དང་གཏེར་ཁ་སོགས་ཀྱི་བང་མཛོད་ཡིན་པ་དང་འཛམ་གླིང་ནང་བོད་ཅེས་པ་རྩ་ཆེན་པོ་ཞིག་ལ་བརྩིས་ཏེ་ངོས་འཛིན་གནང་གི་འདུག ཡིན་ཡང་ང་ཚོས་རང་ཉིད་ལ་དྲི་བ་འདྲི་དགོས་པ་ཞིག་ལ་ང་ཚོའི་ལུང་པ་ཡག་པོ་ཡོད་པ་ཞིག་ག་རེ་བྱས་ནས་བརླག་པ་རེད། ག་རེ་བྱས་ནས་མིའི་ལག་པར་ཤོར་བ་རེད། འཛམ་གླིང་ནང་ལ་བོད་ལས་ཆུང་བའི་རྒྱལ་ཁབ་མང་པོ་ཞིག་གིས་སོ་སོའི་རྒྱལ་ཁབ་ནང་བསྡད་དེ་རང་དབང་དང་ཁེ་ཕན་ཡོངས་སུ་རྫོགས་པ་ལོངས་སུ་སྤྱད་ནས་སྡོད་མཁན་མང་པོ་ཡོད་ཀྱང་། ང་ཚོའི་རྒྱལ་ཁབ་མིའི་ལག་པར་ཤོར་བ་དེ་ག་རེ་བྱས་ནས་རེད་ཅེ་ན། ང་ཚོས་སྐབས་སྐབས་ལ་དྲི་བ་འདྲི་དགོས་པ་གལ་ཆེན་པོ་རེད། ཡིན་ཡང་གསལ་བོ་ཞེ་དྲགས་རེད། ང་ཚོས་སོ་སོ་ང་མ་གཏོགས་ང་ཚོ་ཞེས་པའི་བསམ་བློ་ཞེ་དྲགས་མེད་སྟབས། ང་ཚོའི་ལུང་པ་ལས་སླ་བོ་ཞེ་པོ་བྱས་ནས་མིའི་ལག་པར་ཤོར་བ་རེད། ད་ནི་ང་ཚོས་ཁྲོམ་པའི་ནང་གི་སྦལ་བའི་བསམ་བློ་མི་གཏོང་བར། འཛམ་གླིང་ཐོག་ང་ཚོ་བོད་ཀྱི་གནད་དོན་དེ་རྒྱ་ཆེ་རུ་གཏང་བ་དང་བོད་ཀྱི་གནས་ སྟངས་སོགས་བདེན་པ་ར་སྤྲོད་བྱ་རྒྱུ་ད་ལྟའི་མི་རིགས་འདིའི་སྐབས་སུ་བབ་པའི་ལས་འགུལ་ཡིན་སྟབས། ཤེས་ཡོན་དེ་གལ་ཆེན་པོ་ཞེ་དྲགས་རེད། ཅེས་སོགས་གསུངས་སོང་།

 

དེའི་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས། ད་ཕན་བོད་ཁྱིམ་སློབ་ཁག་ནས་བོད་མི་ན་གཞོན་ཧ་ཅང་མང་པོ་ཕྱི་ནང་གི་ཤེས་ཡོན་སློབ་སྦྱོང་ལེགས་པར་ཐོན་ཏེ་རང་རེའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་སོགས་སྤྱི་ཚོགས་ཀྱི་ལས་རིགས་འདྲ་མིན་ནང་ཞུགས་ཏེ། བོད་མིའི་བདེ་དོན་རྩོད་ལེན་དང་། ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་སོགས་ཞབས་ཞུ་ཞུ་བཞིན་ཡོད། མ་འོངས་པར་བོད་ཁྱིམ་སློབ་གྲྭ་འདི་ལྟ་བུ་བོད་མི་གནས་ཡུལ་གཞིས་ཆགས་ཁག་ཏུ་གསར་འཛུགས་སམ་འགའ་ཞིག་གནས་སྤོ་ཐུབ་པ་བྱུང་ཚེ། བོད་མིའི་གཞིས་ཆགས་ཁག་གི་ན་གཞོན་རྣམས་ཁ་འཐོར་དུ་འགྲོ་མི་དགོས་པར་གཞིས་ཆགས་དེ་གའི་བོད་མིའི་སྤྱི་ཚོགས་ནང་མུ་མཐུད་གནས་ཏེ། ལས་གཞི་འདྲ་མིན་གསར་འཛུགས་དང་། དེའི་ཐོག་བོད་མིའི་ཆོས་དང་རིག་གཞུང་བཟང་པོའི་གོམས་གཤིས་དང་བཅས་པ་མི་ཉམས་རྒྱུན་འཛིན་ཐུབ་པ་སོགས་ཡོང་རྒྱུ་མ་ཟད། ད་ཡོད་གཞིས་ཆགས་ཁག་ཀྱང་སྲ་བརྟན་རྒྱུན་གནས་ཐུབ་རྒྱུའི་དགེ་མཚན་བཅས་ལ་བརྟེན། དེ་རིང་གོ་སྐབས་འདི་བརྒྱུད་དེ་ལྟར་འབྱུང་ཐབས་འབོད་སྐུལ་ཞུ་རྒྱུ་ཡིན་ལ། དེང་སྐབས་བོད་ཁྱིམ་སློབ་ཁག་དང་ཤེས་རིག་ཁྱབ་ཁོངས་ཀྱི་སློབ་གྲྭ་གཞན་ཁག་ནང་གང་ཅིའི་གནས་སྟངས་དབང་གིས་སློབ་ཕྲུག་གི་གྲངས་ཚད་ཇེ་ཉུང་དུ་ཕྱིན་ཡོད་པ་དང་། ད་དུང་འགྲོ་བཞིན་ཡོད་པས། སློབ་ཕྲུག་རྣམས་ནི་འབྱུང་འགྱུར་བོད་དང་བོད་མིའི་གནས་བབ་ཇི་འདྲ་ཞིག་ལ་འགྱུར་རྒྱུར་རག་ལས་པའི་གཞི་རྟེན་གཙོ་བོ་ཡིན་སྟབས། དེ་སྔོན་ཀྱང་འབོད་སྐུལ་ཞུས་ཟིན་པ་ལྟར། ཤེས་རིག་ལས་ཁུངས་ཀྱི་སྟངས་འཛིན་འོག་འབྲེལ་ཡོད་སློབ་གྲྭ་ཚང་མའི་མ་འོངས་བྱ་ ཕྱོགས་ཀྱི་ཕུགས་འཕེར་འཆར་གཞི་ཚད་ལྡན་གོང་རིམ་ལ་ཕུལ་ཏེ་གཏན་འབེབས་ལག་བསྟར་དགོས་རྒྱུ་གལ་ཆེར་མཐོང་སྟབས། ད་རེབ་སླར་ཡང་འབོད་སྐུལ་ཞུ་རྒྱུ་ཡིན། སློབ་ཕྲུག་རྣམས་ཀྱི་ངོས་ནས་ཀྱང་རང་རེའི་ཕ་ཡུལ་བོད་ལྗོངས་ནང་བོད་མི་རིགས་ཀྱི་ངོ་བོ་རྩ་བརླག་གཏོང་རྒྱུའི་སྲིད་བྱུས་འོག་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་དང་བཅས་པར་སློབ་སྦྱོང་གི་གོ་སྐབས་རྒྱ་ཁྱབ་གུ་ཡངས་མེད་པའི་དཀའ་ངལ་དང་། ཡང་རང་དབང་རང་བཙན་གྱི་རྒྱལ་ཁབ་ཡུལ་གྲུ་མང་པོའི་བུ་ཕྲུག་ཁྲོད་དུའང་སློབ་སྦྱོང་གི་གོ་སྐབས་མི་འཐོབ་པ་ཅི་སྙེད་ཡོད་པ། ཁྱེད་སློབ་ཕྲུག་རྣམས་ཀྱི་ཁྲོད་ནས་མང་དག་ཅིག་རང་གི་ཕ་ཡུལ་དང་། ཕ་མའི་གཙོས་ནང་མི་དང་ཁ་བྲལ་ཏེ་སློབ་སྦྱོང་ཆེད་ཡོང་བ། ལྷག་པར་བོད་ནང་གི་གཞོན་སྐྱེས་མང་པོས་བོད་མིའི་ཆོས་དང་རིག་གཞུང་སྐད་ཡིག་དང་བཅས་པའི་ཆེད། རང་གི་སྐུ་སྲོག་བློས་གཏོང་དང་ངོ་རྒོལ་ཡོ་ལང་བཅས་ཀྱི་ངང་ཚུལ་ལ་བསམ་ཞིབ་ནན་ཏན་གྱིས། རང་རེ་རང་དབང་ལུང་པར་གནས་པའི་སློབ་ཕྲུག་ཡོངས་ཀྱིས་དེང་དུས་ཤེས་ཡོན་འཛམ་ གླིང་ཐོག་དཔུང་བ་མཉམ་གཤིབ་ཐུབ་པ་དང་། ཁྱད་པར་བོད་མི་རང་ཉིད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་བཅས་པར་དོ་སྣང་ཆེན་པོས་ སྦྱོང་བརྩོན་དང་། རྒྱུན་འཛིན་ཐུབ་པ་བྱ་རྒྱུའི་དམིགས་བསལ་གྱི་ལས་འགན་ཆེན་པོ་ཞིག་ཁུར་དུ་བབ་ཡོད་པས། དུས་ཚོད་སྐར་ཆ་ཙམ་ཡང་ཆུད་ཟོས་སུ་མི་གཏོང་བར་འབད་བརྩོན་གནང་དགོས་པའི་ནན་ སྐུལ་བྱ་རྒྱུ་ཡིན། ཞེས་བརྗོད་སོང་།

 

DSC_1625སྐུ་མགྲོན་གཙོ་བོ་དཔལ་༧རྒྱལ་བ་ཀརྨ་པ་མཆོག་གིས། ང་ཚོ་བཙན་བྱོལ་ལ་བསླེབས་ནས་དུས་ཡུན་རིང་པོ་འགྲོ་ཡི་ཡོད་སྟབས་མཚམས་མཚམས་ལ་ང་ཚོ་བཙན་བྱོལ་ལ་ཡོང་དགོས་པའི་དམིགས་ཡུལ་དང་དགོས་པ་རྒྱུ་མཚན་ཟེར་ན་འདྲ། ག་རེ་ཡིན་པ་དེ་ཕལ་ཆེར་བརྗེད་འགྲོ་ཡི་ཡོད་པའི་ཚོར་སྣང་ཡོང་གི་འདུག དེར་བརྟེན་ང་ཚོས་ཡང་ནས་ཡང་དུ་སོ་སོར་དྲན་གསོ་གཏོང་དགོས་ཀྱི་འདུག ༧རྒྱལ་བ་ཐམས་ཅད་མཁྱེན་པ་མཆོག་དབུས་པའི་བོད་མི་མང་པོ་ཞིག་བཙན་བྱོལ་ལ་ཡོང་དགོས་པ་དང་སྐབས་དེ་དུས་ཀྱི་གནས་སྟངས་ག་འདྲ་ཆགས་པ། དེ་བཞིན་བཙན་བྱོལ་ལ་ཡོང་ནས་ང་ཚོས་ལས་འགན་དང་འགན་ཁྲིད་ག་རེ་ཡོད་པ་དེ་ཡང་ནས་ཡང་དུ་སོ་སོར་དྲན་གསོ་གཏོང་དགོས་པ་མ་བརྗེད་པར་བྱ་དགོས་པ་གལ་ཆེན་པོ་ཞེ་དྲགས་རེད་བསམ་གྱི་འདུག གཙོ་ཆེ་ཤོས་དེ་ང་ཚོར་དམིགས་ཡུལ་དང་རེ་བ་ཆེན་པོ་ཞིག་ཡོད་པ་དེ། སོ་སོའི་ཤེས་ཡོན་དང་ཀུན་སྤྱོད་ཡོག་པོ་ཆགས་པའི་ཐོག་ནས་མ་འོངས་པར་སོ་སོའི་ཕ་ཡུལ་ལ་ཕྱིར་ལོག་སྟེ་ཕ་ཡུལ་ལ་རྒྱལ་ཁབ་འཛུགས་ཐུབ་པའི་ལེགས་སྐྱེས་འབུལ་དགོས་པ་དང་། དེ་འཛིན་སྐྱོང་བྱ་ཐུབ་པའི་རེ་བ་ཞིག་ཡོད་པ་རེད། དེ་འདྲ་ཞིག་ཡོང་རྒྱུར་སློབ་སྦྱོང་ཡོད་པ་ཙམ་གྱིས་ཕན་གྱི་ཡོད་པ་མ་རེད། སློབ་སྦྱོང་དེ་ཚད་ལྡན་དང་སྤུས་ཀ་ཡོད་པ་ཞིག་དགོས་རྒྱུ་གལ་ཆེན་པོ་ཞེ་དྲགས་རེད། དེར་བརྟེན་ང་ཚོའི་དམིགས་ཡུལ་དང་འགན་འཁྲི་དེ་གཞན་དང་མ་འདྲ་བའི་ཆེན་པོ་ཞིག་དང་རླབས་ཆེན་ཞིག་ཡོད་དགོས་པ་དེ་ང་ཚོའི་གནས་སྟངས་འདིས་ཁ་གྲགས་ཡོང་གི་ཡོད་པ་རེད། དེ་འདྲ་ཡིན་པའི་རྒྱུ་མཚན་གྱིས་ཚང་མས་མུ་མཐུད་ནས་འབད་བརྩོན་གནང་རྒྱུ་དང་། སྔོན་ལ་གནང་བ་རེད་ལ་མ་འོངས་པར་ཡང་གནང་དགོས་པ་མ་ཟད། སྔར་ལས་ལྷག་པའི་འབད་བརྩོན་རྒྱུ་མི་ཆད་པ་ཞིག་གནང་རོགས་བྱོས་ཞེས་ཞུ་ཡི་ཡིན།

 

ད་མང་པོ་ཞིག་ངས་ཞུ་ཤེས་ཀྱི་མི་འདུག མ་གཞི་མཚམས་མཚམས་ལ་ངས་འདི་འདྲ་དྲན་གྱི་འདུག ང་ཚོར་མགོ་ཁྲིད་ཀྱི་མིང་ཡོད་པ་དང་ལྷག་པར་དུ་བླ་མ་བླ་ཆེན་ཟེར་བ་དེ་ནམ་རྒྱུན་མར་བཀའ་གཏོང་མཁན་ཡིན་པའི་བཟོ་འདྲ་བོ་ཞིག་མཐོང་གི་འདུག སོ་སོས་ཞེ་དྲགས་མ་འཇོན་པར་མི་ལ་འདི་བྱོས་དང་གན་བྱེད་དགོས་པ་རེད་ཟེར་དུས་ལན་པོ་ཞེ་དྲགས་རང་མི་འདུག མཚམས་མཚམས་སུ་ངོ་ཚ་བོ་འདྲ་ཡོང་གི་འདུག ཡིན་ཡང་ཏོག་ཙམ་མ་བཤད་ན་འགྲིག་གི་མེད་པ་དང་བླང་དོར་ལམ་སྟོན་གྱི་བཀའ་སློབ་གནང་རོགས་ཞེས་ཞུས་དུས། ཤེས་ཀྱི་མེད་ཀྱང་ཤེས་ཀྱི་ཡོད་མདོག་མདོག་གིས་མ་བཤད་རང་བཤད་འདྲ་ཞིག་རེད། ཡིན་ཡང་གཙོ་ཆེ་ཤོས་ང་ཚོ་རང་གཞན་ཚང་མས་འབད་བརྩོན་བྱ་དགོས་པ་ཞིག་དང་། སྐད་ཆ་བཤད་མཁན་གྱི་ངོས་ནས་འཐུས་ཤོར་དང་སྐྱོན་ཆ། ནོར་འཁྲུལ་མང་པོ་ཞིག་ཡོང་གི་ཡོད་པ་རེད། སོ་སོའི་ངོས་ནས་སྐྱོན་ཡོ་བསྲང་བྱེད་དགོས་པ་དེ་ང་རང་ངོས་ནས་ག་ཚོད་ཐུབ་ཐུབ་བྱེད་ཀྱི་ཡོད། ང་ཚོ་ཚང་མས་འབད་བརྩོན་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་པ་རེད། གང་ལྟར་མ་འོངས་པར་དུས་ཚོད་ཀྱི་འགྲོ་རིམ་བཞིན་ང་ཚོའི་གནས་སྟངས་ཛ་དྲག་ཏུ་འགྲོ་བ་དང་དཀའ་ལས་ཁག་ཏུ་འགྲོ་བ་ཞིག་ཏུ་མཐོང་གི་ཡོད། ༧རྒྱལ་བ་ཐམས་ཅད་མཁྱེན་པ་དགུང་གྲངས་ ༨༠ ཕེབས་ཡོད་པ་རེད། མ་འོངས་པའི་གནས་སྟངས་ག་འདྲ་ཞིག་ཆགས་ཡོང་གི་རེད། ཚོད་མ་ཐུག་པ་ཞིག་དང་བསམ་མ་ཐུབ་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་པ་རེད། དེར་བརྟེན་ང་ཚོས་ད་ལྟ་ནས་གྲ་སྒྲིག་དང་མ་འོངས་པ་མུ་མཐུད་ནས་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱ་ཐུབ་དགོས་པ་ཞིག་དང་། བོད་མི་རིགས་ཀྱི་ངོ་བོ་མ་བརླག་པ་ཞིག་ལ་འབད་བརྩོན་བྱ་དགོས་པ་དེ། ང་ཚོར་ད་ལྟ་ནས་གྲ་སྒྲིག་དགོས་པ་ཞིག་དང་འབད་བརྩོན་བྱ་དགོས་ཡོད་སྟབས། ཚང་མས་ཐུགས་ལ་འཛིན་རོགས་བྱོས་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

 

དེའི་རྗེས་དཔལ་༧རྒྱལ་བ་ཀརྨ་པ་མཆོག་གིས་བོད་ཁྱིམ་དུ་ཞབས་ལོ་ ༢༠ སོན་པའི་ལས་བྱེད་རྣམས་ལ་གཟེངས་བསྟོད་ཀྱི་གསོལ་རས་དང་། འདི་ལོའི་ཡིག་རྒྱུགས་གྲུབ་འབྲས་རྩེར་སོན་གྱི་སློབ་ཕྲུག་རྣམས་ལ་ཤེས་ཡོན་བྱ་དགའ་དང་། སློབ་ཕྲུག་རྩེ་ཕུད་གཉིས་ལ་ཤེས་རིག་ལས་ཁུངས་ཀྱི་བྱ་དགའ་བཅས་གནང་གྲུབ་རྗེས། སྔོན་འགྲོ་དང་དང་སློབ་ཆུང་སློབ་ཕྲུག་རྣམས་ནས་༧གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་བསྟོད་གླུ་ཕུལ་བ་དང་། འཛིན་རིམ་ ༡༡ སློབ་མ་རྣམས་ནས་རོལ་དབྱངས་ཀྱི་མཆོད་པའི་གསོལ་འདེབས་མཉམ་གཞིས་གཟིགས་འབུལ། དེ་བཞིན་སློབ་ཕྲུགས་རྣམས་ཀྱིས་ལུས་རྩལ་གཟིགས་འབུལ་བཅས་གནང་སོང་།

 

གསར་འགོད་པ། འཇིགས་མེད་རྒྱ་མཚོ་དང་པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

སྐར་མ ༢༥ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༡ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༡ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༢ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༣ སྔོན་ལ།
The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

༢༠༢༥/༠༥/༠༨

མཆན། 2

  1. ངག་དབང says:
    ལོ་ 10 སྔོན།

    མོན་པ་ ལ་དྭགས་པ་ གར་ཞ ཁུ་ནུ ཤར་པ་ རྟ་མང ཉི་ཤང་པ གློ་པ་ ཡོལ་མོ་ དོལ་བོ འབྲས་ལྗོངས་པ་སོགས་མང་ནི་རེད་ཆབ་སྲིད་ཀྱི་ཐོག་ནས་ཁོང་ཚོ་བོད་རིགས་མིན་ཟེར་གི་རེད

    Reply
  2. བེ་རི་ཀརྨ་རྒྱལ་མཚན། says:
    ལོ་ 10 སྔོན།

    འདི་ལོའི་ནང་གཏན་སློབ་བུ་ཕྲུག་ ༧༠༧ སློབ་འཇུག་ཞུས་པའི་ཁོངས་ནས་བོད་ནས་གསར་དུ་འབྱོར་བའི་སློབ་མ་ ༧ དང༌ཧི་མ་ལ་ཡའི་རི་བརྒྱུད་ནས་ཡིན་པའི་བུ་ཕྲུག་ ༢༥༩ དང་། དེ་མིན་ལྷག་འཕྲོས་རྣམས་བོད་རིགས་བུ་ཕྲུག་ཤ་སྟག་ཡིན་སྐོར་ངོ་སྤྲོད་གནང་སོང་། ༼འདི་ཡག་པོ་མགོ་ཚོས་མ་སོང་ བོད་ནས་གསར་དུ་ཕེབས་པའི་སློབ་ཕྲུག་༧ དང་ཧིི་མ་ལ་ཡའི་སློབ་ཕྲུག་རྣམས་བོད་རིགས་བུ་ཕྲུག་མིན་པ་འདྲ་རྒྱ་གར་དུ་གཞིས་ཆག་གི་བུ་ཕྲུག་མིན་ན་བོད་ཕྲུག་གཞན་བོད་གོ་མི་ཆོད་པ་རེད་བས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese