མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྨན་པའི་ལྷན་ཚོགས་དགོས་ན་རྒྱུན་གྲོན་སྔོན་རྩིས་གྲ་སྒྲིག་བྱོས།

བོད་ཀྱི་དུས་བབ།
༢༠༡༥/༡༠/༢༦
Share on FacebookShare on TwitterShare on EmailShare on Whatsapp

 

བོད་ཀྱི་སྨན་པའི་ལྷན་ཚོགས་ཀྱི་ཤེས་ཡོན་ཟབ་འཁྲིད་དབུ་འཛུགས་མཛད་སྒོའི་སྟེང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས། འཛིན་སྐྱོང་བཀའ་ཤག་གིས་སྨན་པའི་ལྷན་ཚོགས་དགོས་མཁོ་ཡོད་སྐོར་གསུང་བཞིན་དུ་ལྷན་ཚོགས་རྒྱུན་གནས་ཡོང་ཐབས་ལ་རྒྱུན་གྲོན་གཏོང་འདོད་མེད་པ་དེ་འགྲིག་གི་མེད་སྐོར་གསུངས།

 

DSC_1840 copyདེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ སྟེང་དབུས་བོད་ཀྱི་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ། བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་གོ་སྒྲིག་འོག ཉིན་ ༦ རིང་བོད་ཀྱི་གསོ་རིག་སྨན་པའི་ཤེས་ཡོན་གོང་སྤེལ་གྱི་ཟབ་འཁྲིད་ཐེངས་ ༤པ་དེ་ཚོགས་སོང་ལ། དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་འཕྲོད་བསྟེན་དྲུང་ཆེ་སྤྲ་ཉིད་ཚེ་རྒྱལ་ལགས། བོད་ཀྱི་གསོ་རིག་ལྷན་ཚོགས་ཀྱི་ཚོགས་གཙོ་ངག་དབང་བཟོད་པ་ལགས་གསུམ་གྱི་གཙོས་བོད་པའི་སྨན་པ་དང་གསོ་རིག་ལྷན་ཚོགས་ཀྱི་ཚོགས་མི་ ༣༠ ཙམ་འཛོམས་འདུག

 

ཚོགས་ཐོག་ཏུ་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་ངག་དབང་བཟོད་པ་ལགས་གྲོས་ཚོགས་ཚོགས་དུས་ ༡༠ པའི་ཐོག་བོད་ཀྱི་གསོ་བ་རིག་པ་དང་ལྷན་ཚོགས་ཀྱི་ལས་དོན་ངོ་བོ། ཁྲིམས་ཡིག་བསྐྱར་བཅོས་སོགས་ཀྱི་ཐད་གྲོས་ཆོད་བཞག་པའི་ཡིག་ཆ་ཁག་གསལ་བསྒྲགས་ཞུས་རྗེས། འཕྲོད་བསྟེན་དྲུང་ཆེ་སྤྲ་ཉིད་ཚེ་རྒྱལ་ལགས་ཀྱིས། ང་རང་ཚོའི་རྩ་ཆེ་བའི་རིག་གཞུང་གི་ཁོངས་ནས་བོད་ཀྱི་གསོ་བ་རིག་པ་འདི་གལ་གནད་ཆེན་པོ་ཞིག་ཆགས་པ་དེ་མི་ཉམས་གོང་འཕེལ་གཏོང་མཁན་གཙོ་བོ་འདིར་བཞུགས་སློབ་གཉེར་གནང་མཁན་དང་ཕྱག་བསྟར་གནང་མཁན་སྨན་པ་ཚོ་རེད་ལ། དེ་བཞིན་སྤྱི་པའི་འགན་བཞེས་མཁན་གསོ་རིག་ལྷན་ཚོགས་ཡོད་པ་རེད། དེ་རིང་འདིར་ལྷན་ཚོགས་ཀྱིས་ཐུགས་འགན་བཞེས་པའི་ཐོག་ནས་ཉིན་ ༦ རིང་བོད་ཀྱི་གསོ་རིག་སྨན་པའི་ཤེས་ཡོན་གོང་སྤེལ་གྱི་ཟབ་འཁྲིད་ཀྱི་གཙོས་ཤེས་ཚད་སྤྱི་ཡོངས་ཀྱི་ཐུགས་འགན་དེ་ལྷན་ཚོགས་ཀྱིས་བཞེས་ཀྱི་ཡོད་པ་རེད། གསོ་རིག་ལྷན་ཚོགས་ལ་སྨན་པ་རྣམ་པ་ཚོ་མཁོ་ཡི་ཡོད་དང་། སྨན་པ་རྣམས་ལའང་གསོ་རིག་ལྷན་ཚོགས་མཁོ་ཡི་ཡོད་པ་རེད། གོང་དུ་གསོ་རིག་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་ཉེ་བའི་གྲོས་ཚོགས་ཚོགས་དུས་ ༡༠ པའི་ཐོག་བོད་ཀྱི་གསོ་བ་རིག་པ་དང་ལྷན་ཚོགས་ཀྱི་ལས་དོན་ངོ་བོ། ཁྲིམས་ཡིག་བསྐྱར་བཅོས་སོགས་ལ་གྲོས་བསྡུར་གྲོས་ཆོད་ཁག་སྙན་སྒྲོན་ཞུས་སོང་བ་ལྟར། དེ་ལ་རྣམ་པ་ཚོས་ཡིན་གཅིག་མིན་གཉིས་དོ་སྣང་གནང་རོགས་ཞུ་རྒྱུ་ཡིན། རྣམ་པ་ཚོ་ལྷན་ཚོགས་ཀྱི་ཚོགས་མི་ཡིན་པའི་ཆ་ནས། ལྷན་ཚོགས་ནས་འཆར་ལས་གནང་དགོས་པ་དང་། དེའི་ནང་གཏན་ལ་ཕབ་པའི་ཡིག་ཆ་ག་རེ་ལ་འགྱུར་བ་འགྲོ་གི་ཡོད་མེད། གཏན་ལ་ཕབ་པའི་ཁྲིམས་ལ་འགྱུར་བ་ག་རེ་ཕྱིན་ཡོད་མེད། དེ་བཞིན་བོད་ཀྱི་གསོ་རིག་གི་གནས་སྟངས་ལ་འགྱུར་བ་ག་རེ་འགྲོ་གི་ཡོད་མེད་སོགས་ལ་དོ་སྣང་གནང་རོགས། ཞེས་བརྗོད་སོང་།

 

དེའི་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས། ད་ལམ་ང་ཚོས་འདིར་ཚོགས་ཆུང་འཛུགས་དགོས་པའི་གནད་འགག་གཙོ་བོ་དེ་ག་རེ་ལ་ཐུག་ཡོད་པ་རེད་ཟེར་ན། ཐོག་མར་འདི་འདྲའི་སྒྲིག་གཞི་ཞིག་དགོས་ཀྱི་འདུག་ཟེར་བའི་བསམ་འཆར་དེ་སྨན་རྩིས་ཁང་རང་ནས་ཡོང་བ་རེད། དེ་ལ་འཛིན་སྐྱོང་བཀའ་ཤག་གིས་བདག་པོ་བརྒྱབ་པའི་རྗེས་ལ། གྲོས་ཚོགས་ནས་སྒྲིག་གཞི་འདི་འདྲ་ཞིག་གཏན་འབེབས་བྱས་པ་རེད། ཡིན་ན་ཡང་བར་ལམ་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་འཛིན་སྟངས་ཡིན་ན་རེད། བསམ་བློ་གཏོང་སྟངས་ཡིན་ན་འདྲ། སྨན་པའི་གསོ་རིག་ལྷན་ཚོགས་ཀྱི་ཁྱབ་ཁོངས་ཀྱི་སྒྲིག་འཛུགས་དེ་ཚོས་ལྷན་ཚོགས་འདི་ལ་ལྟ་སྟངས་མི་འདྲ་བའི་རྣམ་པ་ཤུགས་ཆེན་པོ་ཞིག་ཡོང་གི་འདུག དེར་བརྟེན་གྲོས་ཚོགས་ནང་བགྲོ་གླེང་གནང་བ་གཞིར་བཞག་དང་། གྲོས་ཆོད་ཀྱི་ནང་དོན་གཞིར་བཟུང་གིས་ཚོགས་གཙོ་སྤྲེལ་པོས་ཚོགས་ཆུང་བཙུགས་པའི་སྐབས་སུ་ལམ་སྟོན་གནང་རྒྱུ་དང་པོ་དེ། ལྷན་ཚོགས་འདི་དགོས་ཀྱི་ཡོད་མེད་ཐག་གཅོད་དགོས་ཀྱི་འདུག དགོས་ཀྱི་མེད་ན་མེད་པར་ཐག་བཅད་ན་འགྲིག་གི་རེད། དགོས་ཀྱི་ཡོད་ན། ལྷན་ཚོགས་འདི་རྒྱུན་གནས་ཐུབ་ཐབས་སུ་རོགས་སྐྱོར་ག་རེ་དགོས་ཀྱི་ཡོད་པ་དང་། སུས་ག་རེ་ག་རེ་བྱེད་དགོས་ཀྱི་ཡོད་པར་བསམ་བློ་གཏོང་དགོས་ཀྱི་འདུག དེ་རྒྱུན་གནས་ཐུབ་པ་གཅིག་པུས་མི་ཆོག་པར་དེ་ནུས་པ་དང་ལྡན་པ་ཞིག་ག་འདྲ་བྱས་ནས་བཟོ་དགོས་པའི་ཐད་ལའང་བསམ་བློ་གཏོང་དགོས། ཅེས་གྲོས་ཚོགས་ནང་བོད་ཀྱི་གསོ་རིག་ལྷན་ཚོགས་ཀྱི་སྐོར་ལ་བཀའ་བསྡུར་གལ་ཆེན་གནང་བ་རེད།

 

འཛིན་སྐྱོང་བཀའ་ཤག་དང་འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་ཡིན་ན་རེད། ལྷན་ཚོགས་འདི་དགོས་ཀྱི་འདུག གལ་ཆེན་པོ་འདུག་ཟེར། སྨན་རྩིས་ཁང་གིས་ཀྱང་གལ་ཆེན་པོ་འདུག་ཟེར། དེ་བཞིན་འབྲེལ་ཡོད་ཚང་མས་གལ་ཆེན་པོ་འདུག་ཟེར་གྱི་ཡོད་པ་རེད། ཉེ་ཆར་གྲོས་ཚོགས་ནང་གྲོས་ཆོད་འཇོག་པའི་སྐབས་དེར། གྲོས་ཆོད་ཀྱི་ནང་དོན་ལ་གཟིགས་པ་ཡིན་ན། ཁྱེད་རང་ཚོར་གྲོས་ཆོད་དོན་ཚན་ ༤ བཞག་ཡོད་པ་རེད་དེ། དོན་ཚན་ ༢ དང་ ༣། ༤ དེ་ལྷན་ཚོགས་འདི་རྒྱུན་གནས་ཐུབ་པ་དང་ནུས་པ་བཟོ་བའི་ཆེད་དུ་རེད། དེའི་སྐབས་སུ་འཛིན་སྐྱོང་བཀའ་ཤག་ནས་ང་ཚོས་དེ་བྱེད་ཐུབ་ཀྱི་མ་རེད་མདོག་མདོག་དང་། རྒྱུན་གྲོན་འགྲོ་སོང་གཏོང་ཐུབ་པ་མ་རེད་ཅེས་གསལ་བོ་བྱས་ནས་བཤད་ཡོང་གི་འདུག་གཱ དེར་བརྟེན། ད་དངོས་གནས་དྲང་གནས་ཆོད་སེམས་ཤིག་ཡོད་ན་མེད་ན། ལྷན་ཚོགས་འདི་དགོས་ཀྱི་འདུག་ཟེར་བ་གཅིག་ལབ། ཡང་རྒྱུན་གནས་ཐུབ་པར་མཐུན་འགྱུར་རོགས་རམ་ཐུབ་ཀྱི་མ་རེད་ཟེར་ནས་ངས་དེའི་སྐབས་སུ་ཞུས་ཡོད། ཡིན་གཅིག་མིན་གཉིས་འཛིན་སྐྱོང་བཀའ་ཤག་དང་འཕྲོད་བསྟེན་ལས་ཁུངས་གཅིག་པུ་མ་ཡིན་པར། གཞན་གང་ཅིའི་ཐད་ཐབས་ཤེས་བྱེད་དགོས་འབྱུང་ནའང་། གང་ལྟར་ནུས་པ་ལྡན་པ་ཞིག་ཡོང་ཆེད་བྱེད་དགོས་པ་རེད་ཅེས་ངས་ཞུ་དགོས་པ་དེ་ཞུས་ཡོད། རེ་བ་ལ་གྲོས་ཚོགས་ཀྱི་ཚོར་བ་ཆ་ཚང་ཞིག་གྲོས་ཚོགས་ནང་བཏོན་ནས་གྲོས་ཆོད་གཏན་འབེབས་བྱས་ཡོད་པ་རེད། འཛིན་སྐྱོང་གི་ངོས་ནས་ཡིན་ནའང་ཕྱི་ཟླ་ ༡༡ དང་ ༡༢ ནས་ལོ་རྗེས་མའི་དངུལ་རྩིས་བཟོ་མགོ་བཙུགས་ཡོང་གི་ཡོད་དུས། དེ་ཚོའི་ནང་ལ་ག་འདྲ་ཞིག་ཡོང་དགོས་ཀྱི་ཡོད་ནའང་། ཐབས་ཤེས་ཡོད་དགུ་བཙལ་ནས་འདོན་དགོས་པ་དེ་གལ་ཆེན་པ་རེད་བསམ་གྱི་འདུག ཅེས་བརྗོད་སོང་།

 

སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཆོད་དོན་ཚན་ ༤ བཞག་པ་ནི།

༡ ༽ ཚོགས་ཆུང་ནས་བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་དང་འབྲེལ་ བའི་ཞིབ་འཇུག་ཞུ་སྒོ་རུ་བསྐྱར་ཞིབ་ཚགས་འཁུར་བསྐྱེད་གང་ལེགས་གནང་འདུག་པར་ ལེགས་སོའི་བསྔགས་བརྗོད་དང་། དེ་བཞིན་འཕྲོད་བསྟེན་ལས་ཁུངས་དང་འབྲེལ་ཡོད་སྡེ་ཚན་ཁག་ནས་ཀྱང་ཞིབ་འཇུག་ཚོགས་ ཚུང་ལ་མཐུན་འགྱུར་ཇི་དགོས་གནང་བར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ།

༢ ༽ ཚོགས་ཆུང་གི་སྙན་ཐོའི་རྒྱབ་གཉེར་དོན་ཚན་ ༣ པའི་ནང་གསལ་འཛིན་སྐྱོང་བཀའ་ཤག་ནས་འབྲེལ་ཡོད་འཕྲོད་བསྟེན་ལས་ཁུངས་བརྒྱུད་ བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་རྒྱུན་གྲོན་ཐད་ལྷན་ ཚོགས་ཀྱི་འཛིན་སྐྱོང་རྨང་གཞི་རང་རྐང་ཐོག་སྲ་བརྟན་དུ་ལང་ཐུབ་པ་ཞིག་མ་བྱུང་ བར་ཆ་ཚང་གསོལ་བསྩལ་གནང་ཐབས་དགོས་རྒྱུ།

༣ ༽ བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་མིའི་ཐད་འབྲེལ་ ཡོད་སྡེ་ཚན་ཁག་གིས་གཞུང་འབྲེལ་ཐོག་ནས་གཏོང་ཐབས་གནང་དགོས།

༤ ༽ གསོ་བ་རིག་པ་རྒྱ་གར་གཞུང་ཁྲིམས་ནས་ངོས་བཞེས་གནང་བར་རྒྱ་གར་གཞུང་ལ་ཐུགས་རྗེ་ ཆེ་ཞེས་ཞུ་རྒྱུ་དང་། “བོད་ཀྱི་གསོ་བ་རིག་པ་” འདི་བཞིན་བོད་ཀྱི་ཐུན་མོང་མ་ཡིན་པའི་རྩ་ཆེའི་རིག་གཞུང་ཞིག་ཡིན་པར་བརྟེན། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཀྱིས་གཙོས་རང་རེའི་འབྲེལ་ ཡོད་སྡེ་ཚན་ཁག་ཚང་མས་འདི་དག་མི་ཉམས་རྒྱུན་འཛིན་དང་དར་སྤེལ་སླད་འགན་ཁུར་ཆེར་ བསྐྱེད་ཀྱིས་འཐུས་ཤོར་མ་སོང་བ་གནང་དགོས་པ་བཅས་རེད།

 

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

བསམ་ཚུལ།

ཁྱེད་བཞུད་ཤུལ་ན།

ཆུ་ཚོད་ ༧ སྔོན་ལ།
དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༧།༣ དུས་བབ་གསར་ཁང་གི་པར།
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་།

༢༠༢༦/༠༧/༠༣
བློ་བཟང་དཔལ་ལྡན་གྱིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་།  པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས། ༢༠༢༦།༧།༣
Mobile App

རང་བཙན་བློ་དགའ་ཡིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་། 

༢༠༢༦/༠༧/༠༣
(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

༢༠༢༦/༠༧/༠༢
China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

༢༠༢༦/༠༧/༠༢
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༡

མཆན། 3

  1. སྨན་པ་བློ་བསྟན་ says:
    ལོ་ 11 སྔོན།

    སྨན་པའི་ལྷན་ཚོགས་ནས་ཕྱི་རྒྱལ་ལ་ཡོད་པའི་བོད་སྨན་པ་རྣམས་ལ་ཕན་ཐོག་གང་བྱེད་ཐུབ་བམ་

    Reply
  2. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    ལོ་ 11 སྔོན།

    ཧཧཧཧཧ་་་་ཡག་པོ་ཞིབ་བཤེར་གྱིས་ཨ།

    Reply
  3. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    ལོ་ 11 སྔོན།

    བཀའ་ཤག་ནས་མཐུན་འགྱུར་གནང་མ་ཐུབ་པ་དང་ཨེ་ཡིན་ནམ། སྤྱི་ཚོགས་ནང་དགོས་གལ་ཆེ་བ་ཡོད་ན་རོགས་རམ་ངེས་པར་དུ་དགོས་རེད་མ་གཏོགས་དོན་མེད་ལ་བཀའ་ཤག་ནས་མཐུན་འགྱུར་གནང་ས་མང་པོ་འདུག་གདའ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese