མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བལ་ཡུལ་གྱི་བུད་མེད་སྲིད་འཛིན།

བོད་ཀྱི་དུས་བབ།
༢༠༡༥/༡༠/༢༩
Share on FacebookShare on TwitterShare on EmailShare on Whatsapp

 

བལ་ཡུལ་གྲོས་ཚོགས་ནང་སྲིད་འཛིན་འོས་བསྡུ་བྱས་ཏེ་ལྕམ་ཝིདྷིཡ་དྷེ་ཝི་བྷན་ཌརི་མཆོག་ལ་རྒྱལ་ཁ་ཐོབ་སྟེ་བུད་མེད་སྲིད་འཛིན་ཐོག་མ་ཆགས་ཡོད་འདུག

 

Nepalese-newly-ele_3485999bཁ་སང་བལ་ཡུལ་གྲོས་ཚོགས་འཐུས་མིས་གྲོས་ཚོགས་ནང་སྲིད་འཛིན་འོས་བསྡུ་བྱས་པ་བརྒྱུད། བལ་ཡུལ་ཀོང་རེ་སི་ཚོགས་པའི་སྲིད་འཛིན་འོས་མི་དང་གྲོས་ཚོགས་འཐུས་མི་སྐུ་ཞབས་ཀུལ་བྷ་ཧ་དྷུར་གྷུ་རང་ (Kul Bahadur Gurung) མཆོག་ལ་འོས་ ༢༡༤ དང་། མཱ་ཁཱེ་སི་ལེ་ཉིན་དམར་ཤོག་ཚོགས་པའི་སྲིད་འཛིན་འོས་མི་དང་ཚོགས་པའི་ཚོགས་གཞོན་ལྕམ་ཝིདྷིཡ་དྷེ་ཝི་བྷན་ཌརི་ (Bidhya Bhandari) མཆོག་ལ་འོས་ ༣༢༧ ཐོབ་སྟེ། བལ་ཡུལ་གྱི་སྲིད་འཛིན་གཉིས་པ་དང་བུད་མེད་སྲིད་འཛིན་དང་པོར་བསྐོ་བཞག་བྱུང་ཡོད་འདུག

 

རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་ལྕམ་ཝིདྷིཡ་དྷེ་ཝི་བྷན་ཌརི་མཆོག་གིས། ང་ད་ཐེངས་སྲིད་འཛིན་ལ་བདམས་པ་དེས། རྩ་ཁྲིམས་ནང་གསལ་བའི་ཕོ་མོ་འདྲ་མཉམ་གྱི་གྲོས་མཐུན་སྒྲུབ་བཞིན་ཡོད་པ་གསལ་ཁ་གཏོད་ཡོད་སྟབས། ངས་མ་འོངས་པར་རྒྱལ་ཁབ་དང་མི་རིགས་ཆེད་རང་འཁྲིའི་འོས་འགན་བསྒྲུབས་ཏེ། ཉག་ཕྲའི་རྒྱལ་ཁབ་འདི་འཕེལ་རྒྱས་གཏོང་ཐུབ་པ་བྱ་རྒྱུ་ཡིན། ཞེས་བརྗོད་འདུག

 

ལྕམ་ཝིདྷིཡ་དྷེ་ཝི་བྷན་ཌརི་མཆོག་ཆུང་དུས་ནས་ཆབ་སྲིད་ནང་བཞུགས་ཏེ། བལ་ཡུལ་རྒྱལ་པོའི་རིང་ལུགས་གཏོར་ཕམ་གཏོང་ཆེད་ལས་འགུལ་འདྲ་མིན་རྩོམ་མཁན་ཞིག་ཡིན་པ་དང་། བརྒྱུད་ཅུ་གྱ་གྲངས་ནང་ཁོ་མོ་བལ་ཡུལ་མཱ་ཁཱེ་སི་ལེ་ཉིན་དམར་ཤོག་ཚོགས་པའི་ཁོངས་འཛུལ་ནས། ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་མཱ་ཌན་བྷན་དྷ་རེ་ (Madan Bhandari) དང་གཉེན་སྒྲིག་བྱས་ཏེ་ལས་གནས་ནས་དགོངས་པ་ཞུས་ཡོད་ཀྱང་། ༡༩༩༣ ལོར་བཟའ་ཟླར་རླངས་འཁོར་དོན་རྐྱེན་བྱུང་སྟེ་འདས་གྲོངས་སོང་ཡོད་སྟབས། བལ་ཡུལ་མང་ཚོགས་ཀྱིས་གདུང་སེམས་མཉམ་སྐྱེད་མཚོན་ཆེད་ཁོ་མོ་གྲོས་ཚོགས་འཐུས་མིར་བདམས་ཡོད་འདུག

 

༢༠༠༦ ལོར་ཁོ་མོས་སྣེ་ཁྲིད་དེ་སྐབས་དེའི་བལ་ཡུལ་རྒྱལ་པོ་གྷ་ཡེ་ཎན་དྷ་ར་(Gyanendra) ཡི་སྲིད་དབང་མགོ་རྟིང་སློག་ཐབས་འདྲ་མིན་བྱས་ཡོད་སྟབས། བལ་ཡུལ་དམར་ཤོག་གཞུང་གིས་ ༢༠༠༩ ནས་ ༢༠༡༡ ལོའི་བར་ཁོ་མོ་བལ་ཡུལ་བདེ་སྲུང་བློན་ཆེན་ལ་བསྐོས་པ་དང་། ༢༠༡༢ ལོ་ནས་སྲིད་འཛིན་ལ་བདམས་ཐོན་མ་བྱུང་བར་ཁོ་མོས་མཱ་ཁཱེ་སི་ལེ་ཉིན་དམར་ཤོག་ཚོགས་པའི་གྲོས་ཚོགས་འཐུས་མི་དང་ཚོགས་གཞོན་གྱི་འགན་ཁུར་ཡོད་འདུག

 

འདི་ལོར་གྲོས་ཚོགས་ནང་རྩ་ཁྲིམས་གཏན་འབེབས་བྱེད་སྐབས་གྲོས་ཚོགས་འཐུས་མིའི་གསུམ་ཆ་གཅིག་བུད་མེད་དང་སྲིད་འཛིན་བགྲེས་གཞོན་རྣམ་གཉིས་ནས་གང་རུང་གཅིག་བུད་མེད་ཡིན་དགོས་པའི་གྲོས་འཆར་འདོན་མཁན་དང་། བལ་ཡུལ་རྒྱལ་ཡོངས་ཀྱི་བུད་མེད་ཐོབ་ཐང་རྩོད་ལེན་བྱེད་མཁན་གཙོ་བོ་ཞིག་ཀྱང་ཡིན་འདུག

 

དེ་རིང་དབྱིན་ཡུལ་གྱི་ལྟ་སྲུང་དང་བྷི་བྷི་སི་གསར་ལམ་ཐོག་གནས་ཚུལ་སྤེལ་བའི་ནང་། ༢༠༠༨ ལོར་བལ་ཡུལ་ནང་ཟིང་འཁྲུག་ཞོད་འཇགས་བྱུང་སྟེ། གཞུང་འཛིན་རིམ་པ་གཉིས་ཀྱིས་བལ་ཡུལ་གྱི་རྩ་ཁྲིམས་བཟོ་རྒྱུ་གཏན་འབེབས་བྱས་ནས་ཟིན་བྲིས་འབྲི་མགོ་བཙུགས་ཡོད་ཀྱང་། ད་བར་གཞུང་འཛིན་ཚོགས་པ་བར་ལྟ་བ་མ་མཐུན་པའི་དབང་གིས་གཏན་འབེབས་ཐུབ་མེད་སྟསབས། འདི་ལོའི་ཟླ་དྲུག་པའི་ནང་ཆབ་སྲིད་ཚོགས་པ་བར་གྲོས་འཆམ་བྱུང་སྟེ། གྲོས་ཚོགས་ནང་རྩ་ཁྲིམས་གཏན་འབེབས་ཀྱིས་གྲོས་ཚོགས་ཚོགས་གཙོར་ལྕམ་ཎཱ་གྷར་མཆོག་དང་སྲིད་བློན་ལ་སྐུ་ཞབས་པཱར་སཱ་ཋ་ཨོ་ལི་ (Khadga Prasad Oli) མཆོག སྲིད་འཛིན་ལ་ལྕམ་ཝིདྷིཡ་དྷེ་ཝི་བྷན་ཌརི་མཆོག་བཅས་བསྐོས་ཏེ། རྒྱལ་སྤྱིའི་ཐོག་བལ་ཡུལ་དམངས་གཙོའི་ལམ་ལུགས་ཐོག་བསྐྱོད་ཀྱི་ཡོད་པ་ར་འཕྲོད་ བྱས་ཡོད་ཀྱང་། ད་ལྟ་བལ་ཡུལ་གྱི་ས་ཁུལ་ཁག་ཅིག་གིས་རྩ་ཁྲིམས་ལ་ངོས་ལེན་བྱ་རྒྱུ་མིན་པའི་ངོ་རྒོལ་བྱེད་བཞིན་ཡོད་སྟབས། མ་འོངས་པར་གཞུང་འཛིན་ཚོགས་པ་དང་མཐོ་རིམ་མགོ་ཁྲིད་ཚོས་ཕན་ཚུན་གྲོས་མོལ་བྱས་ ནས་མཐུན་འགྲིག་བྱེད་མ་ཐུབ་ན་རྒྱལ་ཁབ་འཐོར་སྲིད་པ་ཞིག་ཡིན་སྐོར་བཀོད་འདུག

 

རྒྱ་གར་ཧིན་དྷུ་སི་ཐན་དུས་བབ་དང་རྒྱལ་སྤྱིའི་རང་དབང་གསར་ལམ་གྱིས། ད་ལྟའི་བལ་ཡུལ་སྲིད་འཛིན་ལྕམ་ཝིདྷིཡ་དྷེ་ཝི་བྷན་ཌརི་མཆོག་དང་སྲིད་བློན་པཱར་སཱ་ཋ་ཨོ་ལི་མཆོག་ནི་བློས་ཐུབ་གྲོགས་པོ་ཡིན་པ་མ་ཟད། བལ་ཡུལ་གྱི་རྩ་ཁྲིམས་ལ་རྒྱབ་གཏོད་བྱས་ནས་མངའ་སྡེ་ལོགས་སུ་རྩོད་ལེན་བྱེད་མཁན་གྱི་མཱ་ཌི་སི་གྲངས་ཉུང་མི་རིགས་ (Ethnic Madhesi) ལ་ཁ་གཏད་གཅོག་དགོས་པ་དང་། རྒྱ་ནག་དང་འབྲེལ་བ་ཡག་ཏུ་གཏོང་རྒྱུའི་ལངས་ཕྱོགས་འཛིན་མཁན་གཅིག་མཚུངས་ཡིན་སྟབས། མ་འོངས་པར་རྒྱ་གར་དང་བལ་ཡུལ་གྱི་འབྲེལ་ལམ་སྡུག་ཏུ་འགྲོ་རྒྱུ་ཡིན་སྐོར་བརྗོད་འདུག

 

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

སྐར་མ ༢༩ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

སྐར་མ ༥༣ སྔོན་ལ།
TTT
Mobile App

ཚེ་རིང་བདེ་སྐྱིད་ལགས་འདི་ལོའི་ཨ་རིའི་ཁུན་སི་གྲོང་ཁྱེར་གྱི་སྟོབས་ཤུགས་ཆེ་བའི་མི་སྣ་ ༡༠༠ ནང་མིང་འདོན་བྱས། 

ཆུ་ཚོད་ ༢ སྔོན་ལ།
Mobile App

བལ་ཡུལ་གཞུང་གསར་པས་རྒྱ་ནག་ཚུད་པའི་སུལའང་བལ་ཡུལ་གྱི་ས་ཁོངས་བེད་སྤྱོད་གཏོང་གི་འཇུག་གི་མིན་ཟེར། 

ཆུ་ཚོད་ ༢ སྔོན་ལ།
TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༢༢ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༢༢ སྔོན་ལ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese