མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྷ་ས་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་མགོ་བཙུཊ།

བོད་ཀྱི་དུས་བབ།
༢༠༡༥/༡༡/༠༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ནས་བཟུང་ཕྱི་ཚེས་ ༨ ཉིན་བར་དྷ་ས་བོད་ཀྱི་ཟློས་གར་ཁང་དང་དྷ་ས་མཉམ་སྤྲོ་ཁང་དུ་རྒྱ་གར་ནང་ལོགས་དང་རྒྱལ་སྤྱིའི་གློག་བརྙན་གསར་པ་ ༣༠ ལྷག་གཟིགས་འབུལ་ཞུ་བཞིན་ཡོད་འདུག

 

333ཁ་སང་ཕྱི་དྲོའི་ཆུ་ཚོད་ ༦ པ་ཙམ་ལ་དྷ་ས་བོད་ཀྱི་ཟློས་གར་ཚོགས་ཁང་དུ། འདི་ལོའི་དྷ་ས་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་(DIFF)སྒོ་འབྱེད་ཀྱི་མཛད་སྒོ་ཚོགས་སོང་བ་དང་། མཛད་སྒོའི་ཐོག་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་དབུས་བཀའ་བློན། དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་སྤྱི་འཐུས་ཁག་ཅིག གཞན་ཡང་། དྷ་ས་ཁུལ་གྱི་སེར་སྐྱ་མི་མང་དང་ཕྱི་རྒྱལ་བ་བཅས་མི་གྲངས་ ༥༠༠ ཡས་མས་འཛོམས་འདུག་པ་དང་། མཛད་སྒོའི་ཐོག་རྒྱ་གར་གྱི་གློག་བརྙན་ཕྱེ་མ་ལེབ་(Titli)ཞེས་པ་ཞིག་གཟིགས་འབུལ་ཞུས་པ་དང་འབྲེལ། གློག་བརྙན་དེའི་ཕབ་སྐྲུན་པ་ཁཱ་ནུ་བྷིལ་(Kanu Dehl)ལགས་དང་གློག་བརྙན་དེའི་འཁྲབ་སྟོན་པ་ཞིག་གིས་གློག་བརྙན་སྐོར་འགྲེལ་བཤད་དང་། ལྟད་མོ་བའི་དྲི་བར་ལན་འདེབས་བཅས་གནང་སོང་།

 

མཛད་སྒོའི་ཐོག་དྷ་ས་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་འགན་འཛིན་བསྟན་འཛིན་བསོད་ནམས་ལགས་ཀྱི་བཟའ་ཟླ་ལྕམ་རི་ཐོ་སཱ་རིན་(Ritu Sarin)ལགས་ཀྱིས་གློག་བརྟན་དུས་སྟོན་གྱི་དགོས་དམིགས་སོགས་ངོ་སྤྲོད་གནང་སྐབས། འདས་པའི་ལོ་ ༤ ཡི་གོང་དུ་གློག་བརྙན་ཁང་མེད་པའི་བཞུགས་སྒར་དྷ་རམ་ས་ལར། རྒྱ་གར་དང་རྒྱལ་སྤྱིའི་གློག་བརྙན་ཡག་ཤོས་རྣམས་གཟིགས་འབུལ་ཞུ་ཐུབ་པར་དམིགས་ཏེ། དྷ་ས་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གསར་དུ་མགོ་བཙུགས་པ་དང་། འཛམ་གླིང་རང་བཞིན་གྱི་སྐད་ཡིག་ཐོག་ཡོད་པའི་དྷ་ས་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱིས་རིག་གནས་དང་ཆོས་ལུགས་མི་འདྲ་བ་མང་པོ་འདུས་པའི་དྷ་སའི་སྤྱི་ཚོགས་འདི་མཉམ་དུ་འཛོམས་ཏེ། ཤེས་ཡོན་ཡར་རྒྱས་དང་འཛམ་གླིང་སྤྱི་ཡོངས་ཀྱི་གནས་སྟངས་ཤེས་རྟོགས་ཡོང་བའི་རིག་གནས་ཀྱི་སྡིངས་ཆ་ཞིག་བསྐྲུན་ཐུབ་པའི་རེ་བ་བཅངས་ཡོད་པ་དང་། དེ་དང་ཆབས་ཅིག ཧི་མ་ཅལ་གྱི་གློག་བརྙན་བཟོ་བསྐྲུན་གྱི་ལས་རིགས་ལ་སྐུལ་འདེད་དང་རྒྱབ་སྐྱོར་བྱེད་པའི་ཆེད་དུ་ཡིན་སྐོར་དང་། འདི་ལོའི་གློག་བརྙན་དུས་སྟོན་ཐོག་རྒྱ་གར་ནང་ལོགས་ཀྱི་གློག་བརྙན་ ༡༣ དང་རྒྱལ་སྤྱིའི་ཐོག་ནས་གློག་བརྙན་ ༢༣ ཡོད་པ་དང་། དེའི་ནང་དངོས་བྱུང་གློག་བརྙན་ ༡༠ དང་། བྱིས་པའི་གློག་བརྙན་ ༥ ཡོད་སྐོར་སོགས་བརྗོད་སོང་།

 

ཐེངས་འདིའི་གློག་བརྙན་དུས་སྟོན་ཐོག་ཧྥ་རན་སིར་གནས་སྡོད་རྒྱ་རིགས་ཧུའུ་ཝེ་གྱིས་ཕབ་སྐྲུན་བྱས་པའི་བོད་སྐོར་གྱི་གློག་བརྙན་(མཆོད་མེ)་དང་། ཉི་ཧོང་བ་ཁོ་རོ་ཨེ་ཁེ་ཡཱ་ལགས་ཀྱིས་ཕབ་སྐྲུན་བྱས་པའི་(རླུང་རྟ)། ཕྱི་རྒྱལ་བ་ཨན་ཌི་ཝི་ཧིན་ཊོན་དང་ཇོ་ནི་བྷར་ཁེ་གཉིས་ཀྱིས་ཕབ་སྐྲུན་བྱས་པའི་(བཀྲ་ཤིས་དང་གྲྭ་པ)། སུད་སི་ནས་ཡིན་པའི་ཌོའུ་ཌོའུ་ཧུན་ཛི་ཁར་(Dodo Hunziker)གྱིས་ཕབ་སྐྲུན་བྱས་པའི་(བོད་ཀྱི་དམག་མི།)བཅས་འབར་མ་དང་འབྲུག རྒྱ་གར། རྒྱ་ནག་སོགས་ཀྱི་གློག་བརྙན་གསར་པ་ ༣༣ ཙམ་གཟིགས་འབུལ་ཞུ་འཆར་ཡོད་པ་དང་། དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ ནས་བཟུང་ཟླ་འདིའི་ཕྱི་ཚེས་ ༨ ཉིན་བར་བོད་ཀྱི་ཟློས་གར་ཁང་དང་། དྷ་ས་མཉམ་སྤྲོ་ཁང་(Club House)གཉིས་ཀྱི་ནང་གཟིགས་འབུལ་ཞུ་བཞིན་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༩ པ་འཚོག་བཞིན་པ། ༢༠༢༥།༠༩།༢༩། དུས་བབ་ཀྱི་པར།
Mobile App

གཞོན་སྐྱེས་རྣམས་ཀྱིས་བོད་པ་གཅིག་ཡིན་བསམ་པའི་འདུ་ཤེས་ཀྱི་ཐོག་ནས་ནུས་པ་གཅིག་ཏུ་སྒྲིལ་བའི་འགན་འཁུར་དགོས་པའི་བཀའ་སློབ་བསྩལ།

ཆུ་ཚོད་ ༢ སྔོན་ལ།
Tibetan Children at China’s Colonial Boarding School in Nagchu area, Tibet
Mobile App

མི་རིགས་མཐུན་སྒྲིལ་གྱི་མིང་ཐོག་ནས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རིག་གཞུང་ལ་སྔར་ལས་བཙན་གནོན་བྱ་རྒྱུ་རེད།

ཆུ་ཚོད་ ༣ སྔོན་ལ།
China's former agriculture minister Tang Renjian (centre) received a suspended death sentence for bribery at a court in Jilin province on Sunday, Sep 28, 2025. (Photo: Changchun Intermediate People's Court)
Mobile App

རྒྱ་ནག་གི་ཞིང་ལས་བློན་ཆེན་ཟུར་བ་ཐང་རེན་ཅན་ལ་སྲོག་ཁྲིམས་བཅད།

ཆུ་ཚོད་ ༥ སྔོན་ལ།
Mobile App

རྒྱལ་སྤྱིའི་ནང་པའི་གླེང་སྟེགས་ཐོག་བོད་ཀྱི་བླ་ཆེན་དང་མཁན་པོ་ཁག་ཅིག་ཕེབས་ཐུབ་མི་འདུག

༢༠༢༥/༠༩/༢༨
Front Slider

In Conversation with Manuel Bauer — Photographer of His Holiness the Dalai Lama

༢༠༢༥/༠༩/༢༧
དགའ་ལྡན་ཁྲི་ཟུར་སྐྱབས་རྗེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་དགོངས་པ་རྫོགས།
Mobile App

དགའ་ལྡན་ཁྲི་ཟུར་༸རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་དགོངས་པ་རྫོགས།

༢༠༢༥/༠༩/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese