མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམར་ཤོག་རིང་ལུགས་མིན་པའི་འཆར་སྣང་།

བོད་ཀྱི་དུས་བབ།
༢༠༡༥/༡༡/༠༦
Share on FacebookShare on TwitterShare on EmailShare on Whatsapp

 

30SINO-CHAN01-tmagArticleཕྱི་ལོ་ ༡༩༧༩ ལོར་ང་ཚོ་པེ་ཅིན་དུ་ཡོད། སྐབས་དེར་ཅང་ཅེ་ཧྲིའི་ (Chiang Chieh-shih) བུ་ཅང་ཅེན་ཀོ་ (Chiang Ching-kuo) ཐེ་ཝན་རྒྱལ་དམངས་སྲིད་གཞུང་གི་གཙོ་འཛིན་དུ་བསྐོས་པའི་ལོ་གཉིས་པ་དེ་རེད། ཅང་ཅེ་ཧྲིས་ཐེ་ཝན་རྒྱལ་དམངས་སྲིད་གཞུང་(གོ་མིན་ཏང) བཙུགས་ཏེ་ ༡༩༤༩ ལོར་རྒྱ་ནག་དམར་ཤོག་རིང་ལུགས་པས་ཕམ་ཉེས་སུ་བཏང་བའི་ལོ་དེར་རྒྱ་ནག་དང་ཨ་རི་གཉིས་མནའ་འབྲེལ་ཆགས་པ་རེད། སྐབས་དེར་རྒྱ་ནག་གི་རྒྱལ་ས་ད་དུང་ནན་ཅིན་གྲོང་ཁྱེར་དུ་ཡོད་པ་དང་། བོད་ཀྱི་དབུ་ཁྲིད་ཏཱ་ལའི་བླ་མ་ལྷ་སར་བཞུགས་ཤིང་། ཧོང་ཀོང་སྲིད་འཛིན་ས་ཁུལ་འདི་དབྱིན་ཇིའི་མི་སེར་སྤེལ་ཡུལ་ཡིན་ལ། རྒྱ་ནག་ཅུང་ཡར་རྒྱས་འགྲོ་བཞིན་ཡོད།

 

སྐབས་དེར་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་དྲག་གནོན་སྲིད་ཇུས་ལག་བསྟར་བྱས་པའི་ལོ་ཞིག་ཀྱང་ཡིན་ཏེ། རྒྱལ་ནང་གི་ཁ་གཏད་ཤོག་ཁག་མང་ཆེ་བ་རྒྱ་ནག་གི་གཙུག་རྒྱན་ལྟ་བུར་གྱུར་ཅིང་། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་ཚོར་སུན་གཙེར་བརྙས་བཅོས་གཏོང་གི་ཡོད། འོན་ཀྱང་འདས་པའི་ལོ་ངོ་ ༣༠ རིང་ ༼དམར་ཤོག་རིང་ལུགས་པ་མང་ཆེ་ཤོས་ཨུ་རུ་སུ་མཉམ་འབྲེལ་རྒྱལ་ཁབ་གཙོས་པའི་ཕྱི་ཕྱོགས་སུ་ཁ་ཐོར་དུ་གྱར༽གི་དུས་ཟིང་ཁྲོད་དུ། རྒྱ་ནག་གཞུང་དེ་རིང་ང་ཚོར་རྒྱུས་མྱོང་ཡོད་པའི་ཁ་ཐོར་ཡ་བྲལ་དུ་གྱར་བའི་ལོ་རྒྱུས་ཀྱི་ཤུལ་ལམ་རིང་མོའི་སྟེང་སྐྱོད་བཞིན་ཡོད་ལ། སྐབས་དེ་ཤེད་དུ་གྲལ་རིམ་དང་ས་བདག གཡས་ཕྱོགས་གཡོན་ཕྱོགས་བར་གྱི་འགལ་འདུ། མཆོང་སྐྱོད་ཆེན་མོའི་བྱ་འགུལ། ཡང་ན་ཡ་ང་བའི་མུ་གེ་ཆེན་མོའི་བྱས་ཉེས་ཏེ། རིག་གནས་གསར་བརྗེ་ཆེན་མོ་སོགས་གང་ཡང་བྱུང་ཡོད་པ་མ་རེད། ཕྱི་ལོ་ ༡༩༡༡ ནས་ ༡༩༤༩ ལོའི་བར་ཐེ་ཝན་རྒྱལ་དམངས་སྲིད་གཞུང་གི་འོག་ཏུ། རྒྱ་ནག་གི་ཤེས་ཡོན་སློབ་གསོ་དང་སྤྱི་ཚོགས་དཔལ་འབྱོར་མུ་མཐུད་གོང་འཕེལ་འགྲོ་ བཞིན་ཡོད།

 

རྩོམ་པ་པོ་ཁྲིན་ཀན་ཀྲོང་ (Chan Koonchung) ལགས་ཀྱིས་ཉེ་ལམ་ <<ཅེན་ཧྥིན་གྱི་ལོ་གཉིས་པ་>> (The Second Year of Jianfeng) ཞེས་པའི་ལོ་རྒྱུས་བརྩམས་སྒྲུང་ཞིག་བྲིས་ཡོད་པ་དང་། དཔེ་དེབ་དེའི་ཁ་བྱང་ནང་གི་ཅེན་ཧྥིན་ཞེས་པ་དེ་རྩོམ་པ་པོ་ཁྲིན་ལགས་ཀྱིས་ཅང་ཅེན་ཀོའི་རུས་མིང་ལ་སྤྱད་ནས་བཏགས་པ་ཞིག་ཡིན་ཞིང་། ཐེངས་འདིའི་དྲི་བ་དྲིས་ལན་བརྒྱུད། སྐུ་ཞབས་ཁྲིན་ལགས་ཀྱིས་ཁོ་རང་གི་བརྩམས་ཆོས་ལས་འཕྲོས་པའི “གལ་ཏེ་རྒྱ་ནག་གིས་དམར་ཤོག་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཛིན་དང་དར་སྤེལ་མ་བཏང་བ་ཡིན་ན། དེ་རིང་གི་རྒྱ་ནག་འདི་ག་རེ་ཡིན་སྲིད་དམ” ཞེས་པའི་དྲི་གཞིའི་ཐོག་བགྲོ་གླེང་བྱས་པ་གཤམ་གསལ།

 

དྲི་བ། སྔོན་ཆད་དང་བསྡུར་ན་རྒྱ་ནག་དམར་ཤོག་རིང་ལུགས་ལ་འཕོ་འགྱུར་བྱུང་འདུག་གམ།

 

ལན། རྒྱ་ནག་དམར་ཤོག་ཚོགས་པས། དམར་ཤོག་ཚོགས་པ་ (C.C.P) ནི་ལོ་རྒྱུས་ཀྱིས་སྤྲད་པའི་བདམ་ང་ཞིག་ཡིན་སྟབས། ཚོགས་པ་འདི་མེད་ན། རྒྱ་ནག་གསར་བར་སྟོབས་ཤུགས་དང་འཕེལ་རྒྱས་གང་ཡང་འབྱུང་མི་ནུས། ཞེས་ཇི་ལྟར་བཤད་ཀྱང་། རྒྱ་ནག་དམར་ཤོག་ཚོགས་པ་མེད་རུང་། སྔོན་ཆད་ཐེ་ཝན་རྒྱལ་དམངས་སྲིད་གཞུང་གི་དུས་སྐབས་ནང་རྒྱ་ནག་ལ་སྟོབས་ཤུགས་དང་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད་པ་དེ་ངས་གསལ་བཤད་བྱེད་འདོད་བྱུང་། རྒྱ་ནག་གིས་ལོ་རྒྱུས་ནི་དམར་ཤོག་རིང་ལུགས་ཀྱི་དབྱེ་གཞི་ཞིག་གམ་དམར་ཤོག་རིང་ལུགས་ཀྱི་ལམ་སྲོལ་སྙོན་མེད་ཅིག་ཡིན་ལུགས་བཤད་ནས་ང་ཚོར་གོ་སྐོན་བློ་འགུག་བྱེད་ཐུབ་པ་མ་རེད། ཏིན་ཞོ་ཕིན་གྱིས་དཔལ་འབྱོར་སྒོ་འབྱེད་མ་བྱས་པའི་སྔོན་ཏེ། མའོ་ཙེ་ཏུང་སྲིད་དབང་སྐབས་ཀྱི་མི་ལོ་ ༣༠ རིང་གི་དམར་ཕྱོགས་རིང་ལུགས་ཀྱི་དབང་སྒྱུར་དུས་སྐབས་ནང་། རྒྱ་ནག་གཞུང་ལོག་ལམ་དུ་ཕྱིན་ཏེ་འགྲོ་བ་མིའི་རིགས་ལ་བློ་ངོར་མི་ཤོང་བའི་དཀའ་སྡུག་ཡ་ང་བ་སྤྲད་དེ་བཅོས་བསྒྱུར་གྱི་དུས་ཚོད་ཡོད་ཚད་ཆུད་ཟོས་སུ་བཏང་ཡོད་པ་རེད།

 

དྲི་བ། གལ་ཏེ་ ༡༩༤༩ ལོའི་དུས་ཟིང་ཁྲོད་དུ། ཐེ་ཝན་རྒྱལ་དམངས་སྲིད་གཞུང་ལ་རྒྱལ་ཁ་ཐོབ་ཡོད་ན། ད་ལྟའི་རྒྱ་ནག་ཇེ་ལེགས་སུ་ཕྱིན་ཡོད་སྲིད་དམ།

 

ལན། གལ་སྲིད་དེ་ལྟར་བྱུང་ཡོད་ཚེ། དེང་སྐབས་ཀྱི་རྒྱ་ནག་འདི་ཇེ་ལེགས་སུ་ཕྱིན་ཡོད་པ་ངེས་གཏན་རེད་ལ། བྱ་གཞག་རེ་ཟུང་ཐད་ནས་ནོར་འཁྲུལ་ཤོར་སྲིད་ཀྱང་། སྔོན་ཆད་དང་བསྡུར་ན་ལེགས་པོ་ཡིན་པ་མ་ཟད། འགྲོ་བ་མིའི་ལོ་རྒྱུས་ཁྲོད་དུ་རིག་གནས་གསར་བརྗེ་ཞེས་པའི་བྱས་ཉེས་དེ་འདྲ་ཞིག་ཀྱང་བྱུང་ཡོད་པ་མ་རེད།

 

སྔོན་ཆད་ཐེ་ཝན་རྒྱལ་དམངས་སྲིད་གཞུང་གིས་ཀྱང་སྲིད་དབང་གཅིག་སྡུད་ལྟ་བུའི་ནོར་འཁྲུལ་ཁ་ཤས་བཟོས་ཡོད་ཀྱང་། ངས་བསམ་ན་ཕྱི་ལོ་ ༡༩༧༩ ལོའི་རྗེས་སུ། ཐེ་ཝན་རྒྱལ་དམངས་སྲིད་གཞུང་གི་སྲིད་དབང་འོག་ཏུ། མི་ལོ་ ༣༧ རྗེས་ཀྱི་དེ་རིང་གི་རྒྱ་ནག་ནང་བཞིན་ཆབ་སྲིད་དཔལ་འབྱོར་ལ་འཕོ་འགྱུར་ཆེན་པོ་བྱུང་བ་མ་ཟད། ཆབ་སྲིད་སྤྱི་ཚོགས་ཐད་ཀྱི་ཁེ་དབང་འདྲ་མཉམ་གྱི་གནས་སྟངས་སྔར་ལས་ལྷག་པར་ཡར་རྒྱས་གོང་འཕེལ་ཕྱིན་ཡོད་པ་རེད་བསམ་གྱི་འདུག

 

དྲི་བ། རྒྱ་ནག་གི་བྱུང་རབས་ལོ་རྒྱུས་བརྩམས་པའི་ཐད་ནས་ཁྱེད་ལ་དཀའ་ཁག་འདྲ་འཕྲད་སོང་ངམ།

 

ལན། དང་ཐོག་ངས་ཧ་ཅང་དཀའ་ལས་ཁག་པོ་འདུག་བསམས་ཀྱང་། དུས་ཚོད་མང་པོ་བཏང་ནས་གྲ་སྒྲིག་ཚགས་ཚུད་བྱུང་རྗེས་ཅུང་སླ་བའི་ཚོར་སྣང་བྱུང་། ངས་སྔོན་ཆད་གོ་མིན་ཏང་གི་སྲིད་དབང་ཇི་ལྟར་ཚུགས་པའི་སྐོར་ལ་མནོ་བསམ་གཏོང་དགོས་པ་མ་ཟད། དེང་གི་ཐེ་ཝན་གྱི་མཐོ་རིམ་སྤྱི་ཚོགས་ལའང་མནོ་བསམ་གཏོང་དགོས་ཀྱི་འདུག ངས་ལོ་རྒྱུས་ཀྱི་གནད་ཡོད་མི་སྣ་རེ་འགའ་འདམ་སྒྲིག་བྱས་ནས་ཁོང་རྣམ་པའི་ལོ་རྒྱུས་ཀྱི་ལྟ་དགོངས་ལ་དཔྱད་པའི་གྲས་ཀྱི་གཅིག་ནི། དམངས་གཙོ་རིང་ལུགས་པ་དང་མཚན་ཉིད་རིག་པ་བ་ཀྲང་ཏུང་སིན་ (Zhang Dongsun) རེད། ཁོང་སྔོན་ཆད་རྒྱ་ནག་དམར་ཕྱོགས་རིང་ལུགས་དང་ཐེ་ཝན་རྒྱལ་དམངས་སྲིད་གཞུང་གཉིས་ཀྱི་བར་སྡོད་མི་སྣ་གལ་ཆེན་ཞིག་ཡིན་ཞིང་། ཕྱི་ལོ་ ༡༩༧༣ ལོར་པེ་ཅིན་གྱི་བཙོན་ཁང་ཞིག་ཏུ་སྐུ་བཀྲོངས་པ་རེད།

 

དྲི་བ། ཁྱོད་ཀྱིས་ལོ་རྒྱུས་ཀྱི་བདེན་དོན་ཅི་ཇིར་འཚོལ་ཞིབ་བྱས་པ་ཡིན།

 

ལན། སྤྱིར་བཏང་ངས་རྒྱ་ནག་གི་དངོས་འབྲེལ་ལོ་རྒྱུས་རྟོགས་བཟོ་བྱེད་པའི་དམིགས་ཡུལ་མེད་ཀྱང་། ཕྱོགས་གཅིག་ནས་དེང་གི་ཐེ་ཝན་མཚོ་འགག་གིས་ཀྱང་སྔོན་ཆད་རྒྱ་ནག་ནང་བཞིན་ནོར་འཁྲུལ་མང་པོ་ཞིག་བཟོས་མྱོང་བ་མ་ཟད། ༡༩༤༩ ལོའི་རྗེས་སུ་ཨ་རི་དང་རྒྱ་ནག་གཉིས་མནའ་འབྲེལ་དུ་གྱུར་ཏེ། རྒྱ་ནག་གི་མཚོ་འགྲམ་གྲོང་ཁྱེར་མང་པོ་ཞིག་ཏུ་དཔལ་འབྱོར་འཕེལ་རྒྱས་ཕྱིན་པ་དང་། དུས་སྐབས་དེར་འཛམ་གླིང་སྒང་འདིར་ཨ་རིའི་དཔལ་འབྱོར་ལ་འཕོ་འགྱུར་ཆེན་པོ་ཡོད་སྟབས། དུས་སྐབས་དེའི་རྒྱལ་ཁབ་གང་འདྲ་ཞིག་ཡིན་རུང་། ཨ་རིའི་རྒྱལ་ནང་དུ་ཚོང་ཟོག་ཕྱིར་གཏོང་བྱས་པར་བརྟེན་ནས་དཔལ་འབྱོར་གོང་འཕེལ་འགྲོ་བཞིན་ཡོད།

 

ཕྱི་ལོ་ ༡༩༤༩ རྗེས་སུ་ཐེ་ཝན་ནང་རྒྱལ་དམངས་སྲིད་གཞུང་གིས་བཅོས་བསྒྱར་བཏང་བ་ལྟར། སྔོན་ཆད་ཐེ་ཝན་རྒྱལ་དམངས་སྲིད་གཞུང་གིས་རྒྱ་ནག་ནང་འདི་ལྟར་བཅོས་བསྒྱུར་བྱས་ཡོད་པར་ཁོ་བོས་འདོད་ཅིང་། ཐེ་ཝན་གྱི་བཅོས་བསྒྱུར་ལ་དོན་འབྲས་ཆེན་པོ་བྱུང་དོན་གཙོ་བོ་ཞི་བ་དང་མཉམ་ལས་ལ་བརྟེན་པས་རེད་དེ། ཐེ་ཝན་ནང་སྲིད་གཞུང་ལ་བདག་པའི་ཚོང་གཉེར་ཁང་ཡོད་ཚད་ས་བདག་གྲལ་རིམ་པ་ཚོར་བགོས་ཏེ་ཁོ་ཚོ་མ་རྩའི་བདག་པོར་བསྒྱུར་ནས་རྒྱལ་ནང་གི་བཟོ་ལས་དཔལ་འབྱོར་ཡར་རྒྱས་གཏོང་ཐབས་སུ་སྐུལ་འདེད་བཏང་བ་དང་། སྐབས་དེ་ནས་བཟུང་ཐེ་ཝེན་ནང་བཟོ་ལས་དཔལ་འབྱོར་འཕེལ་རྒྱས་ཕྱིན་པ་རེད། གལ་ཏེ་རྒྱ་ནག་ནང་དེ་ལྟར་བཅོས་བསྒྱུར་བྱས་ཡོད་ཚེ། རྒྱ་ནག་གི་བཟོ་ལས་དཔལ་འབྱོར་ལ་འཕོ་འགྱུར་ཆེན་པོ་བྱུང་ཡོད་པ་སྙོན་དུ་མེད་ཀྱང་། དམར་ཤོག་ཚོགས་པས་ལྡོག་ཕྱོགས་ནས་བཅོས་བསྒྱུར་བྱས་པ་དང་། གྲལ་རིམ་ཁག་བར་འཐབ་རྩོད་བསླངས་ཏེ་ས་བདག་གྲལ་རིམ་པ་ཚོ་དམར་གསོད་བཏང་བ་རེད། དུས་སྐབས་དེར་ད་དུང་བྱང་ཀོ་རི་ཡ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཀྱི་གཙོ་འཛིན་ཁེམ་སུང་ (Kim Il-sung) བྱ་བ་དེ་ལ་དམིགས་རྒྱང་རིང་བར་བརྟེན། ཁོས་ལྷོ་ཀོ་རི་ཡ་དབང་དུ་བསྒྱུར་སྲིད་པར་དོགས་ཏེ། ལྷོ་བྱང་གཉིས་བར་དུས་ཟིང་གི་རྡུལ་འཚུབ་བསྟུད་མར་ལངས་པ་རེད།

 

དྲི་བ། རྒྱ་ནག་གི་རིག་གནས་ལེགས་བྱང་ལ་འཕེལ་འགྲིབ་ཇི་ལྟར་བྱུང་བ་རེད།

 

ལན། ༡༩༨༦ ལོར་ལའོ་ཞི་ (Lao She) ལགས་ནོ་བྷིལ་རྩོམ་རིག་གཟེངས་རྟགས་ཀྱི་དཔྱད་འདེམས་གྲས་སུ་ཚུད་དེ། ཁོང་ནོ་བྷིལ་རྩོམ་རིག་གཟེངས་རྟགས་ཀྱི་དཔྱད་འདེམས་གྲས་སུ་ཚུད་པའི་རྒྱ་ནག་གི་རྩོམ་མཁན་ཐོག་མར་གྱུར་ཅིང་། རིག་གནས་གསར་བརྗེ་སྐབས་ཏེ་ཕྱི་ལོ་ ༡༩༦༦ ལོར་ཁོས་རང་སྲོག་གཅོད་དགོས་བྱུང་བ་རེད། སྐབས་དེར་དགོན་པ་ལྷ་ཁང་དང་གནའ་རྫས། ཁྱད་པར་དུ་ལོ་རྒྱུས་ཀྱི་ཤུལ་བཞག་རིག་གནས་ཡོད་ཚད་དམར་སྲུང་དམག་གིས་དངོས་སུ་རྩ་གཏོར་མ་བཏང་ཡང་རྩིས་མེད་དུ་བཏང་བ་རེད། དེ་ལོ་རྒྱུས་ཀྱི་དོན་དངོས་རེད།

 

དྲི་བ། ཁྱེད་ཀྱིས་ལོ་རྒྱུས་བརྩམས་སྒྲུང་འདི་ལ་ཀློག་མཁན་རྣམས་ཀྱི་དགའ་བསུ་འཐོབ་པའི་རེ་འདུན་འཆང་ཡོད་དམ།

 

ལན། དེ་ལ་ངས་གསལ་བཤད་མང་པོ་བྱེད་དགོས་པ་མི་འདུག་སྟེ། གཙོ་བོ་ཀློག་མཁན་ཚོར་རྒྱ་ནག་གི་བྱུང་རབས་ལོ་རྒྱུས་ཐད་གོ་རྟོགས་ཅི་ཙམ་ཡོད་མེད་ལ་རག་ལས་ཡོད་པ་རེད།

 

གསར་འགོད་པ་ཁེར་སི་ཊན་ཊ་ཊི་ལའོ། (Kirsten Tatlow) པདྨ་རྒྱལ་གྱིས་བོད་སྒྱུར་བྱས།

 

མ་རྩོམ་འབྲེལ་ཐག http://sinosphere.blogs.nytimes.com/2015/11/01/chan-koonchung-china-communist-nationalista-communist-defeat-in-china/

འབྲེལ་ཡོད་གསར་འགྱུར།

Front Slider

༧རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཐུགས་དགོངས་དང་དེའི་གལ་གནད་སྐོར་ལ་གླེང་མོལ།

ཆུ་ཚོད་ ༢༢ སྔོན་ལ།
Mobile App

དྷ་ས་ཁུལ་གྱི་ཁང་རྙིང་དག་ལ་ཀ་བ་ཡོད་མེད་སོགས་ཞིབ་འཇུག་གནང་གལ་ཆེ་སྐོར་བརྗོད་སོང་།

༢༠༢༥/༠༧/༢༥
༧གོང་ས་མཆོག་ནས་ཟངས་དཀར་དུ་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་སྩལ།༢༠༢༥།༠༧།༢༥ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

བོད་ནང་དུས་ལོག་བྱུང་སྐབས་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་བྱས་པར་ཧ་ཅང་ཕན་ཐོགས་བྱུང་ཞེས་གསུངས།

༢༠༢༥/༠༧/༢༥
དྲ་འབུས་སིམ་འཛུལ་བྱས་པའི་བོད་ཀྱི་ཐེབས་རྩའི་དྲ་རྒྱ།
Mobile App

གོ་སྟོན་སྐབས་མཉེན་ཆས་རྫུན་མ་བཟོས་ཏེ་བཙན་བྱོལ་བོད་མིར་འཇབ་རྒོལ་བྱས་ཡོད།

༢༠༢༥/༠༧/༢༥
Newcastle Lord Mayor Ross Kerridge and Chinese Consul General Wang Yu.
Mobile App

རྒྱ་ནག་གཞུང་ཚབ་པས་གནས་མཁར་གསར་གྱི་བོད་མི་དང་ཐའེ་ཝན་གྱི་མི་མང་ལ་རོགས་རམ་གནང་རྒྱུ་མེད་པའི་ངན་སྐུལ་བྱས།

༢༠༢༥/༠༧/༢༥
Mobile App

བོད་མི་མང་སྤྱི་འཐུས་ཁག་ཅིག་ཞུ་གཏུག་བྱས་པའི་གནད་དོན་ཐོག་གསར་འགོད་གསལ་བསྒྲགས་བྱས་སོང་།

༢༠༢༥/༠༧/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese