མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐེ་རྒྱ་གཉིས་ཀྱི་འབྲེལ་མོལ་ལ་དཔྱད་པ།

བོད་ཀྱི་དུས་བབ།
༢༠༡༥/༡༡/༠༦
Share on FacebookShare on TwitterShare on EmailShare on Whatsapp

________པེ་ཅིན་གཞུང་གིས་ཐེ་ཝན་གྱི་མ་འོངས་སྲིད་འཛིན་ལ་གནོན་ཤུགས་སྤྲོད་སྲིད།

 

ཨ་རིའི་ (Wall Street Journal) གསར་ཁང་གི་དཔྱད་བརྗོད། པདྨ་རྒྱལ་གྱིས་བསྒྱུར།

 

ཕྱི་ལོ་ ༡༩༤༩ ལོའི་དུས་ཟིང་རྗེས་སུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཐེ་ཝན་མཚོ་འགག་ལ་འཇིག་ཉེན་རབ་དང་རིམ་པར་བསླངས་པ་དང་། ཉེ་ལམ་ནས་ཕྱོགས་གཉིས་ཀྱི་འབྲེལ་ལམ་བསྐྱར་མཐུད་ཡོང་བར་ཁ་གཡར་ནས་སླར་ཡང་འཇིགས་སྐུལ་གཏོང་གི་ཡོད། འདས་པའི་ལོ་ངོ་བཅུ་ཕྲག་རིང་པེ་ཅིན་གཞུང་གིས་ཕྱོགས་གཉིས་བར་འབྲེལ་མོལ་ཡོང་ཐབས་དང་ལེན་མ་བྱས་ཀྱང་། དམར་ཤོག་ཚོགས་པའི་གཙོ་འཛིན་ཞི་ཅིན་ཕིན་གྱིས་ཐེ་ཝན་མཚོ་འགག་དང་འབྲེལ་ལམ་སླར་གསོ་མ་བྱུང་སྔོན་ལ་གློ་བུར་དུ་མ་ཡེན་ཇོ་དང་ལྷན་དུ་འབྲེལ་མོལ་བྱེད་རྒྱུ་ཅིའི་ཕྱིར་ཁས་བླངས་པ་རེད་དམ།

 

བལྟས་ཚོད་ཀྱིས་པེ་ཅིན་གཞུང་གིས་དངོས་ཤུགས་བརྒྱུད་གསུམ་ནས་ཕྱི་ལོ་ ༢༠༡༦ ལོའི་ཟླ་ ༡ ནང་ཚུགས་རྒྱུའི་ཐེ་ཝན་མཚོ་འགག་གི་དངོས་གཞིའི་སྲིད་འཛིན་འོས་བསྡུ་དང་སྒྲིག་འཛུགས་ལ་གནོན་ཤུགས་སྤྲོད་འདོད་ཡོད་པ་འདྲ། ད་རེབ་ཀྱི་སྲིད་འཛིན་འོས་བསྡུའི་འགྲན་རྩོད་ཁྲོད། རྒྱ་ནག་སྐམ་ས་ཆེན་མོར་དུངས་པའི་གོ་མིན་ཏང་གི་སྐུ་ཞབས་མ་ལགས་ཕམ་ཉེས་འབྱུང་བ་དང་ཐེ་ཝན་དམངས་གཙོ་ཡར་སྐུལ་ཚོགས་པར་རྒྱལ་ཁ་འཐོབ་རྒྱུ་ཡིན་པ་ཧ་ཅང་མངོན་གསལ་ཡིན་སྟབས། རྒྱ་ནག་སྐམ་ས་ཆེན་མོ་དང་ཐེ་ཝན་མཚོ་འགག་གཉིས་བར་འབྲེལ་ལམ་འཛུགས་རྒྱུ་དེ་ཡང་གཙོ་བོ་གོ་མིན་ཏང་གི་ཁེ་བཟང་(འདིར་འོས་ཤོག་གི་ཁེ་བཟང་ལ་གོ་དགོས) ལ་དམིགས་པ་ཞིག་རེད།

 

ཡིན་ན་ཡང་འབྲེལ་མོལ་འདི་ཆེས་གློ་བུར་བ་ཞིག་ཡིན་སྟབས། ཐེ་ཝན་མི་མང་གིས་སྐུ་ཞབས་མ་ལགས་ཀྱི་དམིགས་དོན་ལ་དོགས་ཟོན་བྱས་ནས་གོ་མིན་ཏང་ལ་འོས་ཤོག་གི་ཁེ་བཟང་རག་རྒྱུ་ལས་ལྡོག་སྟེ་དོ་ཕོག་ཆེན་པོ་ཐེབས་ངེས་རེད། དེའི་བདེན་དཔང་གཅིག་ནི། འདས་པའི་ལོ་ངོ་ ༧ རིང་སྐུ་ཞབས་མ་ཡེན་ཇོ་སྲིད་སྟེགས་སྟེང་བུད་ནས་ཐེ་ཝན་མཚོ་གླིང་གི་རང་སྲིད་རང་སྐྱོང་གི་བདག་དབང་རྒྱ་ནག་ལ་གཡོ་བཙོང་བྱས་ཡོད་པ་དང་། གནས་བབ་འདི་བརྒྱ་ཆ་ ༣༠ ལྷག་མངོན་གསལ་དོད་པོ་ཆགས་ཡོད།

 

པེ་ཅིན་གཞུང་གིས་ཐེངས་སྔོན་མར་ཡང་ཐེ་ཝན་མཚོ་གླིང་གི་སྲིད་འཛིན་འོས་བསྡུའི་ཐད་ལ་གནོན་ཤུགས་སྤྲད་ཡོད་ཀྱང་། སྐབས་དེར་ཕྱིའི་རྣམ་པ་ཙམ་ལས་དོན་འབྲས་ཅི་ཡང་བྱུང་མེད་ཅིང་། ཕྱི་ལོ་ ༡༩༩༦ ལོར་རྒྱ་ནག་དམག་དཔུང་གིས་ཐེ་ཝན་མཚོ་འགག་གི་གྲུ་ཁ་དག་ནས་མེ་ཤུགས་འཕུར་མདེལ་འཕངས་ཏེ་ཐེ་ཝན་མི་མང་གིས་ལི་ཐིན་ཧེ་སྲིད་འཛིན་དུ་བདམས་པར་འཇིགས་སྣང་སྐུལ་བ་དང་། ༢༠༠༠ ལོར་ཐེ་ཝན་མི་མང་གིས་ཁྲིན་ཧྲི་ཕིན་སྲིད་འཛིན་དུ་བདམས་པའི་སྐབས་སུ་ཡང་། ཁྲིན་ཧྲི་ཕིན་ཕམ་ཉེས་གཏོང་དགོས་ལུགས་བཤད་ནས་དམར་ཤོག་ཚོགས་པའི་སྲིད་བློན་གཞོན་པ་ཀྲུའུ་རོང་ཅི་ཡིས་འཇིགས་སྐུལ་ཡ་བ་བཏང་བ་རེད།

 

ད་རེབ་ཀྱང་སྐུ་ཞབས་ཞི་ཅིན་ཕིན་གྱི་མ་སྐུལ་དང་ལེན་གྱི་དམིགས་འབེན་དེ་ཡང་ཐེངས་རྗེས་མའི་སྲིད་འཛིན་འོས་གཞི་ཚེ་ཡེན་ཝིན་ལ་གཏད་ཡོད་སྲིད་དེ། ཟླ་འགའི་སྔོན་ནས་པེ་ཅིན་གཞུང་གིས་ཁོང་མོ་སྲིད་འཛིན་འོས་མིར་ལངས་པའི་རང་དབང་བྱ་འགུལ་ལ་དམ་དྲག་བྱས་ཡོད་སྟབས། འབྲེལ་མོལ་འདི་ལ་དམིགས་ཡུལ་ངན་པ་ཞིག་ཡོད་པ་གསལ་བོ་རེད། བལྟས་ཚོད་ཀྱིས་པེ་ཅིན་གཞུང་གིས་ད་ལྟ་ནས་ཐད་ཀར་ཐེ་ཝན་གྱི་མ་འོངས་སྲིད་འཛིན་ལ་འཐབ་རྩོད་བསླངས་ཏེ་ཐེ་ཝན་མཚོ་འགག་གི་རང་བཙན་ལས་འཆར་ལ་བཀག་སྡོམ་བྱེད་འདུན་ཡོད་པ་དང་། ཐེ་ཝན་མི་མང་ལ་མཚོན་ན། ཁོ་ཚོས་ཕྱོགས་གཅིག་ནས་རང་སྲིད་རང་སྐྱོང་གི་མངོན་འདོད་སྟོན་གྱི་ཡོད་ཀྱང་། ཕྱོགས་གཅིག་ནས་ཐེ་ཝན་མཚོ་གླིང་གི་འཚོ་གནས་ཡར་རྒྱས་གཏོང་བའི་རེ་འདུན་བཅངས་ཡོད་པ་ལྟར། འབྲེལ་མོལ་འདིའི་ཤུགས་སུ་རྒྱ་ནག་གིས་ཐེ་ཝན་མཚོ་འགག་དེ་རྒྱལ་སྤྱིའི་སྤྱི་ཚོགས་དང་འབྲེལ་བ་རྩ་ནས་གཅོད་ཐབས་སུ་འབད་དེ་ཐེ་ཝན་མི་མང་གི་བདག་དབང་བསྒྱུར་རྩིས་ཡོད་པ་མངོན་གསལ་རེད།

 

པེ་ཅིན་གཞུང་གིས་རང་རྒྱལ་གྱི་ཚོང་ཟོག་ཐོན་སྐྱེད་དང་དཔལ་འབྱོར་ཁེ་ཕན་འབའ་ཞིག་ལ་བརྟེན་ནས་ཐེ་ཝན་མི་མང་གི་ཡིད་སེམས་འགུག་ཐབས་བྱེད་ཀྱི་ཡོད་པ་མ་ཟད། ཕྱོགས་གཉིས་ཀྱི་བར་མཁའ་ལམ་དང་མཚོ་ལམ། སྦྲགས་ལམ་སོགས་བཏོད་ནས་ཚོང་པའི་འགྲིམ་འགྲུལ་སྟབས་བདེ་པོ་བཟོ་བཞིན་ཡོད།

 

དེར་མ་ཟད། སྲིད་འཛིན་མ་ལགས་ཀྱིས་དཔལ་འབྱོར་གྱི་ཁེ་ཕན་འདི་ཡང་ནས་བསྐྱར་དུ་གླེང་སྟེ། རྒྱ་ནག་སྐམ་ས་ཆེན་མོར་བཟང་ཕྱོགས་ཀྱི་རྣམ་འགྱུར་བསྟན་ཞིང་། དེ་སྔོན་སློབ་ཕྲུག་ཚོས་གྲོས་ཚོགས་རེ་བའི་མདུན་དུ་ཞི་བའི་སྒེར་ལངས་ལས་འགུལ་སྤེལ་རྗེས། ཕྱི་ལོ་ ༢༠༡༤ ལོར་ཐེ་ཝན་མཚོ་འགག་དང་རྒྱ་ནག་སྐམ་ས་ཆེན་མོ་གཉིས་བར་ཚོང་འབྲེལ་བསྐྱར་མཐུད་བྱས་ཡོད་ལ། རྒྱལ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་དང་། ལྷག་པར་དུ་ཐེ་ཝན་མཚོ་གླིང་གི་བདག་དབང་སྲུང་སྐྱོབ་སོགས་ཀྱི་ཁ་རྡུང་ཕོག་པར་དོགས་ཏེ་པེ་ཅིན་གཞུང་གིས་སྐུ་ཞབས་མ་ལགས་ལ་བཙན་སྐུལ་བཏང་བར་བརྟེན། ཁོས་རྒྱ་ནག་སྐམ་ས་ཆེན་མོའི་རེ་འདུན་ཏེ། ཕྱོགས་གཉིས་ཀྱི་ཆབ་སྲིད་འབྲེལ་ལམ་བསྐྱར་མཐུད་ཡོང་ཐབས་དང་ལེན་མ་བྱས་པ་རེད།

 

སང་ཉིན་གྱི་འབྲེལ་མོལ་བརྒྱུད། པེ་ཅིན་གཞུང་གིས་ཐོག་མར་ཐེ་ཝན་ལ་བཟང་ཕྱོགས་ཀྱི་རྣམ་འགྱུར་བསྟན་ནས་ཕྱོགས་གཉིས་ཀྱི་འབྲེལ་མོལ་བསྐྱར་མཐུད་བྱེད་པ་དང་། གལ་ཏེ་ལྕམ་ཚེ་ལགས་ལ་སྲིད་འཛིན་རྒྱལ་ཁ་ཐོབ་པ་ཡིན་ན། དེ་ནས་ལས་སླ་པོར་སྐབས་དེའི་ཁོང་མོའི་སྲིད་ཇུས་དང་བསྒྲགས་གཏམ་ལ་དམ་དྲག་བྱས་ཏེ། ཁོང་མོས་སྔོན་གྱི་སྐུ་ཞབས་མ་ལགས་ཀྱི་སྲིད་དབང་སྐབས་ཀྱི་ཐེ་ཝན་མི་མང་གི་མངོན་འདོད་དངོས་དེ་གཡོ་བཙོང་བྱས་སོང་བའི་སྙོན་འཛུགས་བྱ་དགོས་སྙམ་ཡོད་པ་རེད།

 

གཅིག་བྱས་ན་སྐུ་ཞབས་ཞི་ཡིས་ཐེ་ཝན་མཚོ་འགག་ལ་སྲིད་ཇུས་གཞན་ཞིག་བཟུང་ཡོད་ཀྱང་སྲིད་པ་རེད། གལ་ཏེ་དེ་ལྟར་ལགས་ན། ཕྱོགས་གཉིས་ཀྱི་འབྲེལ་མོལ་ལ་དོན་ཕན་འབྱུང་སྲིད་མོད། འོན་ཀྱང་བལྟས་ཚོད་ཀྱིས་འབྲེལ་མོལ་འདིའི་དམིགས་འབེན་གཙོ་བོ་ཐེ་ཝན་གྱི་མ་འོངས་སྲིད་འཛིན་ལ་གནོན་ཤུགས་སྤྲོད་ཐབས་ཤིག་ཡིན་པ་འདྲ།

 

མ་རྩོམ་འབྲེལ་ཐག http://www.wsj.com/articles/a-cross-strait-china-summit-1446683926

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༡༦ སྔོན་ལ།
Mobile App

བཀུར་འོས་སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས་སུ་འདྲི་བའི་དོགས་གནད་དག་ཐེར།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་ཁྲིམས་བཟོ་ལྷན་ཁང་གི་འདྲ་འབག

ཆུ་ཚོད་ ༢༠ སྔོན་ལ།
Those who refuse to provide their phone passwords could be punished
Mobile App

ཧོང་ཀོང་ཉེན་རྟོག་པས་མི་མང་གི་ཁ་པར་གསང་གྲངས་ཐད་ཀར་ལེན་ཆོག་པར་བཟོས།

༢༠༢༦/༠༣/༢༤
Senators Jacky Rosen (D-NV) and John Curtis (R-UT)
Mobile App

ཨ་རིའི་བོད་དོན་དང་འབྲེལ་བའི་སྲིད་ཇུས་ཁག་ལག་བསྟར་གོང་འཕེལ་གཏོང་དགོས་པའི་འབོད་སྐུལ་ཞུས།

༢༠༢༦/༠༣/༢༤
TTTTT
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེར་ངོས་ལེན་མེད་པའི་གྲོས་ཆོད་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese