མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕ་མ་ཚོས་ཁྲིམས་དྲང་བདེན་འོང་རྒྱུར་རེ་བ་རྒྱག་གི་འདུག

བོད་ཀྱི་དུས་བབ།
༢༠༡༥/༡༡/༠༧
Share on FacebookShare on TwitterShare on EmailShare on Whatsapp

བོད་པའི་ཕོ་གསར་གསོད་མཁན་རྒྱ་གར་ལག་དམར་བ་དག་ལ་རྒྱ་གར་གྱི་ཉེས་ཁྲིམས་དོན་ཚན་ ༣༢ པ་ལག་བསྟར་བྱེད་ཐུབ་མིན་དེ་གྱོད་དོན་གྱི་བདེན་དཔང་དང་འདས་པོའི་རྗེས་ཀྱི་གསོན་པོ་དག་གི་ཕྱག་ལས་གནང་སྟངས་ལ་ཐུག་ཡོད།

 

_DSC0544ཟླ་སྔོན་མའི་ཚེས་ ༣༠ ཉིན་གྱི་དགོང་མོར། མེག་གྷན་བྷག་སུའི་ལམ་ཁར། རྒྱ་གར་ཡུལ་མི་གསུམ་གྱིས་བོད་པའི་བུ་མོ་ཞིག་དང་ཕོ་གསར་ཞིག་འགྲོ་བཞིན་པར་བརྙད་བཙལ་ཏེ། ཁོང་ཚོའི་བར་འཁྲུག་འཛིང་ཤོར་ཏེ་རྒྱ་གར་བ་དེ་དག་གིས་གྲི་བརྒྱབ་སྟེ་བོད་པའི་ཕོ་གསར་དེ་དམར་གསོད་བཏང་ཡོད་པ་དང་། ཚེས་ ༣༡ ཉིན་གྱི་སྔ་དྲོར་རྒྱ་གར་ཉེན་རྟོག་པས་དོགས་ཡོད་ཉེས་ཅན་གསུམ་འཛིན་བཟུང་བྱས་ཏེ། ད་ལྟ་ཀ་ཅཱ་རུལ་ཉེན་རྟོག་ཁང་དུ་བཀག་ཉར་འདྲི་བརྩད་བྱེད་བཞིན་ཡོད་པའི་ཐད། དེ་རིང་འདི་གའི་གསར་འགོད་པས་སླར་ཡང་དྷ་ས་ས་གནས་མགོ་འཛིན་བསོད་ནམས་རྡོ་རྗེ་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས། རྒྱ་གར་ཁྲིམས་ཁང་གིས་ཐག་གཅོད་བྱེད་པའི་དུས་ཚོད་ད་དུང་བསླེབ་ཡོད་པ་མ་རེད། ཁ་སང་ཁྲིམས་དཔོན་ལ་གདོང་པ་བསྟན་ཙམ་བྱས་ཏེ་ཡང་བསྐྱར་ཉི་མ་ ༡༤ རིང་བཙོན་འཇུག་བྱས་པ་རེད། ཡིན་ནའང་ཁོ་རང་གསུམ་ཀློད་གྲོལ་གཏོང་སྲིད་པ་མ་རེད། ཡིན་ཡང་རྒྱ་གར་ཁྲིམས་ཀྱི་ནང་ཉེས་ཅན་ཚོ་ཡིན་ནའང་རང་དབང་ཆེན་པོ་རེད། ཁོ་རང་ཚོར་སྲུང་སྐྱོབ་བྱེད་དགོས་པ་དང་། ཁོ་རང་ཚོས་ཁྲིམས་རྩོད་པ་གླ་རྒྱུ་སོགས་ཡོད་པ་རེད། ཐག་གཅོད་དངོས་སུ་བྱེད་པའི་བར་ཉུང་མཐའ་ཡང་ཟླ་བ་གསུམ་ནས་དྲུག་བར་འགོར་གི་རེད། གཅིག་བྱས་ན་དེ་ལས་མང་བའང་འགོར་སྲིད་པ་རེད། དེར་བརྟེན། ང་ཚོས་ཐག་གཅོད་མགྱོགས་པོར་བྱེད་པའི་ཁྲིམས་ཁང་གཞན་པ་ (Fast Track Court) ཞེས་པ་ཞིག་ཡོད་པ་རེད། དེ་འདྲ་ལ་ཞུ་གཏུགས་རྒྱག་རྒྱུའི་བསམ་བློ་གཏོང་གི་ཡོད། ཅེས་བརྗོད་སོང་།

 

དྷ་རམ་ས་ལ་ཁུལ་གྱི་རྒྱ་གར་ཡུལ་མི་ཚོས་གནས་ཚུལ་འདིའི་ཐོག་ལྟ་སྟངས་གང་འདྲ་ཡོང་གི་ཡོད་མེད་དྲིས་པར་ཁོས། རྒྱ་གར་ཡུལ་མི་ཚང་མས་རྒྱ་གར་གྱི་བུ་གསུམ་གྱིས་བོད་པའི་བུ་ཞིག་བསད་པ་དེ་ཧང་སང་པའི་སྡུག་ཅག་རེད། དེ་ཚོར་ཉེས་པ་ལྕི་མོ་གཏོང་དགོས་པ་རེད་ཟེར་བ་མ་གཏོགས་བོད་པ་སྡུག་ཅག་རེད་ལབ་མཁན་ད་ལྟའི་བར་དུ་བྱུང་མ་སོང་། ཞེས་བརྗོད་སོང་།

 

དྷ་ཤོད་རྒྱ་གར་ཁྲིམས་ཁང་སོགས་སུ་བོད་པ་ཚོར་ཁྲིམས་དོན་ཐོག་རོགས་རམ་གནང་མཁན་བོད་པའི་ཁྲིམས་རྩོད་པ་བསྟན་འཛིན་རྣམ་རྒྱལ་ལགས་སུ། རྒྱ་གར་ཁྲིམས་ནང་མི་གསོད་མཁན་ལ་ཉེས་ཆད་གང་འདྲ་ཡོད་མེད་དྲིས་བར་ཁོས། ཉེ་ཆར་བོད་པ་གསོད་མཁན་དེ་ཚོ་ཉེན་རྟོག་པས་རྒྱ་གར་གྱི་ཡུལ་ཁྲིམས་ནང་གི་དོན་ཚན་ ༣༠༢ དང་ ༣༤ བ་གཉིས་ཀྱི་འོག་ནས་འཇུ་བཟུང་བྱས་པ་རེད། གལ་སྲིད་རྐང་བཙུགས་ནས་མི་བསད་པ་ཡིན་ན་ ༣༠༢ ནང་ཚུད་ཀྱི་ཡོད་པ་རེད། དབྱིན་ཇིའི་སྐད་ནང་ལ་ (Murder) ལབ་ཀྱི་ཡོད་པ་རེད། དོན་ཚན་ ༣༠༢ འོག་འཇུས་པ་ཡིན་ན་ཉེས་ཆད་དེ་མི་ཚེ་གང་བོར་བཙོན་ཁང་ནང་སྡོད་དགོས་པ་རེད། དོན་ཚན་ ༣༤ དེ་མི་གཅིག་མ་ཡིན་པར་མི་མང་པོས་མཉམ་རུབ་ཀྱིས་བསད་པར་གོ་དགོས། ཉེས་ཆད་གཅིག་མཚུངས་རེད། གསོད་མཁན་ཚང་མ་ཚེ་གང་བོར་བཙོན་འཇུག་བྱེད་རྒྱུ་དེ་རེད། ཡིན་ནའང་ད་རེབ་ཀྱི་གནད་དོན་དེའི་ཐད། རྒྱ་གར་བ་གསུམ་དེར་ནག་ཉེས་དེ་གཉིས་ཕོག་མིན་ད་དུང་ལྟ་དགོས་པ་རེད། སྐོར་སྲུང་པས་དཔང་པོ་དང་ཡིག་ཆ་ཡོངས་རྫོགས་ཁྲིམས་དཔོན་ལ་ཕུལ་རྗེས། དཔང་པོ་དང་སྨན་པ། ཡིག་ཆ་ཚང་མ་གཞི་ལ་བཞག་སྟེ་མཐའ་མར་ཁྲིམས་དཔོན་གྱིས་ཐག་གཅོད་གནང་གི་རེད། ཡིན་ནའང་མི་གསོད་མཁན་ཁོ་རང་ཚོས་སྒྲུང་འདྲ་མི་འདྲ་བཟོ་སྲིད་པ་རེད། ད་རེབ་ཀྱི་གྱོད་དོན་དེ་ཐག་གཅོད་གནང་རྒྱུར་ཉུང་མཐར་ལོ་གཅིག་འགོར་གི་རེད་བསམ་གྱི་འདུག ཅེས་བརྗོད་སོང་།

 

23232བོད་ནང་ལ་མཚོན་ན། མི་བསད་པ་སོགས་ཀྱི་གནས་ཚུལ་བྱུང་ན། དེར་འགྲོ་སྟངས་རིགས་གཉིས་ཡོད་པ་རེད། དང་པོ་མི་གསོད་མཁན་དང་གསོད་ཡུལ་གཉིས་ཀ་མོས་མཐུན་ཡོད་ན། མི་གསོད་མཁན་གྱིས་གསོད་ཡུལ་ཚང་ལ་དངུལ་དངོས་མང་པོ་ཞིག་སྤྲད་རྗེས། མི་གསོད་ལག་དམར་ཁོ་རང་དུས་ཡིན་ངེས་ཅན་བར་ནང་དུ་སྡོད་མི་ཆོག་པ་བྱས་ཏེ་ཐག་གཅོད་བྱེད་སྟངས་ཤིག་ཡོད་པ་རེད། གཉིས་པ་རྒྱ་ནག་གཞུང་གི་ཁྲིམས་ཐོག་ལ་སོང་སྟེ་མི་གསོད་མཁན་སྲོག་ཐོག་ཏུ་གཏོང་བ་དང་ལོ་མང་པོར་བཙོན་འཇུག་བྱེད་པ་སོགས་ཀྱི་ཐག་གཅོད་བྱེད་སྟངས་ཤིག་ཡོད་སྟབས། རྒྱ་གར་ལ་དེ་འདྲ་ཡོད་མེད་དྲིས་པར་ཁོས། རྒྱ་ནག་དང་རྒྱ་གར་གྱི་ཁྲིམས་ལོགས་ཀ་རེད། རྒྱ་ནག་ལ་གཞུང་མ་གཏོགས་ཁྲིམས་དཔོན་ལ་རང་དབང་ཡོད་མ་རེད། རྒྱ་གར་ལ་ཁྲིམས་དཔོན་ལ་དབང་ཚད་ཆེན་པོ་རེད། ཁྲིམས་དཔོན་གྱིས་ག་རེ་ཐག་གིས་གཅད་པ་དེ་རེད། རྒྱ་གར་ཁྲིམས་ཀྱི་ནང་ལ་སྲོག་ཐོག་གི་ཉེས་པ་ཡིན་ན་ཚད་ལས་བརྒལ་བ་རེད། རྒྱ་གར་གྱི་ཉེས་ཁྲིམས་ལ་ནང་འགྲིག་བྱ་ཆོག་དང་མི་ཆོག་གཉིས་ཡོད་པ་རེད། གལ་སྲིད་ཁྲིམས་ཀྱི་ཉེས་པ་དེ་ལོ་གཉིས་ལས་ཉུང་པ་ཡིན་ན་ནང་འགྲིག་བྱ་ཆོག་གི་ཡོད་པ་རེད། ལོ་གཉིས་ལས་མང་པ་ཡིན་ན་ནང་འགྲིག་བྱ་ཆོག་གི་མ་རེད། ད་ལྟ་མི་བསད་པ་དེ་ལོ་གཉིས་ལས་མང་པ་རེད། མི་ཚེ་གང་པོར་བཙོན་ཁང་དུ་སྡོད་དགོས་པའི་གནས་ཚུལ་རེད། དེ་ལ་ནང་འགྲིག་བྱས་པ་ཡིན་ན་ཁྲིམས་འགལ་རེད། ཕྱོགས་གཉིས་ཆ་བཙོན་ཁང་སྡོད་དགོས་ཁེལ་རྒྱུ་རེད། ཅེས་བརྗོད་སོང་།

 

རྒྱ་གར་ལྷོ་ཕྱོགས་གདན་སར་སློབ་གཉེར་གནང་བཞིན་པའི་འདས་པོའི་སྤུན་མཆེད་མཚན་བཟང་ལགས་སུ་ཁོ་རང་ཚོར་རེ་བ་དང་འཆར་གཞི་གང་འདྲ་ཡོད་མེད་དྲིས་པར་ཁོང་གིས། ང་རང་གདན་ས་ནས་ལོ་ཉུ་ཤུ་ལྷག་ལ་དཔེ་ཆ་བལྟས་ཏེ་ལོ་རྗེས་མ་དགེ་བཤེས་འཐོན་དགོས་པ་ཞིག་དང་། སོ་སོས་གང་ཐུབ་ཐུབ་ཀྱིས་ཆོས་ཕྱོགས་ནས་བསམ་བློ་གཏོང་མཁན་ཞིག་ཡིན། ད་རེབ་ཀྱི་གནས་ཚུལ་འདི་ཧ་ཅང་ཐབས་སྐྱོ་བོ་ཞིག་རེད། ནག་ཉེས་གང་ཡང་མེད་པའི་སོ་སོའི་སྤུན་མཆེད་ཞིག་ལ་གྲིས་བརྒྱབ་ནས་དམར་གསོད་བཏང་བ་རེད། ཡིན་ནའང་ཁོ་རང་ཚོར་སྲོག་ཁྲིམས་གཅོད་དགོས་པ་རེད་ཟེར་ནས་ལབ་ཕོད་ཀྱི་མི་འདུག གང་ཡིན་ཟེར་ན། བོད་པའི་སྟེང་ལ་མ་དགའ་བར་ཁོང་ཁྲོ་ཆེན་པོས་རྐང་བཙུགས་ནས་བསད་བཞག་པ་ཞིག་རེད་བསམ་གྱི་མེད། ཡིན་ཡང་ཉེས་ཅན་དག་ལ་ཁྲིམས་ཐག་ནན་མོ་གཅོད་དགོས་པ་རེད་བསམ་གྱི་ཡོད། མ་འོངས་པར་བོད་པ་མང་པོ་ཞིག་ས་ཆ་འདི་ནས་གནས་དགོས་པ་རེད། དུས་རྒྱུན་བོད་པ་ཚོས་བརྙས་བཅོས་འཁུར་ནས་སྡོད་ཐུབ་ཡོད་པ་མ་རེད། ཕ་ཡུལ་གྱི་ནང་མི་ཚོས་ཀྱང་རྒྱ་གར་གྱི་ཁྲིམས་དེ་དྲང་བདེན་ཞིག་ཡོང་རྒྱུར་རེ་བ་ཆེན་པོ་རྒྱག་གི་འདུག ཅེས་བརྗོད་སོང་།

 

མཚན་བཟང་ལགས་ཀྱིས་མུ་མཐུད་དུ་བརྗོད་དོན། སྤུན་མཆེད་ཁོ་དང་ངེད་གཉིས་ཆུང་དུས་ནས་མཉམ་དུ་འཚར་ལོངས་བྱུང་བ་རེད། མ་གཞི་ཁོ་རང་མི་སྙོམས་ཆུང་ཡ་རབས་ཤིག་ཡིན། ཁོ་རང་དབྱིན་ཡིག་དང་བོད་ཡིག་གཉིས་ཀ་ཡག་ཐག་ཆོད་ཡིན། ནང་མི་ཚོས་རེ་བ་རྒྱག་ས་ཞིག་ཆགས་ཡོད། ཉེ་ཆར་ཁོ་རང་གིས་ཕྲུ་གུ་ཚོའི་སློབ་སྦྱོང་དང་འབྲེལ་བ་ཡོད་པའི་ (Children’s Knowledge Bank) ཞེས་པའི་དེབ་ཁག་ཅིག་ཡོད་པའི་ནང་ནས་བོད་ནང་ལ་ཕན་ཐོགས་འདུག་སྙམ་པ་ཁ་ཤས་བོད་ཡིག་ནང་བསྒྱུར་རྒྱུ་ཡིན་ཟེར་ནས་གློག་ཀླད་གསར་བ་ཞིག་ཉོས་སོང་། དེའི་མཚམས་ནས་དོན་རྐྱེན་འདི་འདྲ་བྱུང་པ་རེད། ད་ལྟ་བོད་ནང་ཕ་མ་གཉེན་ཉེས་ཚོས་སེམས་སྡུག་ཆེན་པོ་བྱེད་ཀྱི་འདུག གྲོངས་ཚར་བ་ཁོ་རང་གི་ཆེད་དུ་བསྔོ་སྨོན་མཆོད་འབུལ་དང་དགེ་སྒྲུབ་རྒྱ་ཆེན་པོ་བྱེད་བཞིན་འདུག

 

ད་ལྟ་ཁྲིམས་དྲང་བདེན་ཞིག་ཡོང་རྒྱུར་མི་མང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གིས་རྒྱབ་སྐྱོར་ཆེན་པོ་གནང་གི་འདུག་པ་དེར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱ་གར་ལྷོ་ཕྱོགས་དང་ལྡི་ལི་སོགས་ནས་འདས་པོ་ཁོ་རང་གི་གྲོགས་པོ་གྲོགས་མོ་དང་། ང་ཚོའི་ཕ་ཡུལ་གཅིག་པ། དེ་བཞིན་ཕྱི་རྒྱལ་ཁག་གི་བོད་པ་མང་པོ་ཞིག་གིས་གདོང་སེམས་མཉམ་སྐྱེས་དང་། འདས་པོར་དགེ་སྒྲུབ་ཆེད་ཞལ་འདེབས་སོགས་གནང་གི་འདུག དེ་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། འདས་པོར་དགོས་གལ་ཆེ་བ་ཆོས་ཕྱོགས་ཡིན་དུས་ཕ་ཡུལ་དུ་ཁོ་རང་གི་ཕ་མ་གཉིས་ཀྱང་གནས་ཚུལ་དེ་དག་ཐོག་ཕྲན་བུ་བློ་བདེ་བ་ཞིག་ཡོང་གི་འདུག ཅེས་སོགས་བརྗོད་སོང་།

 

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

tt
Mobile App

ཤེས་ཡོན་ལྷན་ཚོགས་ཐེངས་བཅུ་གསུམ་པ་འཚོགས།

ཆུ་ཚོད་ ༡༠ སྔོན་ལ།
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་ (Geneva Forum 2026) ཀྱི་མཇུག་སྡོམ་མཛད་སྒོ་སྐབས། པར་བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས། ༢༠༢༦།༢།༡༠
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་སྟེང་༧གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་བ་ནས་མེད་པ་གསལ་འདེབས་གནང་།

ཆུ་ཚོད་ ༡༢ སྔོན་ལ།
༧སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་སོགས་ས་གནས་བོད་མི་རྣམས་ཀྱིས་ཞི་བདེའི་གོམ་བགྲོད་པ་རྣམ་པར་ཕེབས་བསུ་ཞུས། རྭ་རྒྱ་ཐེག་ཆེན་ནང་བསྟན་རིག་གཞུང་གླིང་གི་ངོ་དེབ་ཀྱི་པར།
Mobile App

ཨ་རིའི་ནང་གི་ཞི་བདེའི་གོམ་བགྲོད་པ་རྣམས་ལ་༧གོང་ས་མཆོག་ནས་གསུང་འཕྲིན་ཞིག་བསྩལ་གནང་ཡོད་འདུག

༢༠༢༦/༠༢/༡༠
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༢།༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད།

༢༠༢༦/༠༢/༡༠
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་གནང་བ། ༢༠༢༦།༠༢།༠༩ ཐད་གཏོང་གི་པར་བཤུས།
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་ཐོག་བོད་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་།

༢༠༢༦/༠༢/༠༩
The Millionaire media tycoon Jimmy Lai, 72, poses during an interview with AFP at the Next Digital offices in Hong Kong. June 16 2020
(Photo by Anthony WALLACE / AFP)
Mobile App

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ལགས་ལ་ལོ་ ༢༠ བཙོན་འཇུག་ཁྲིམས་ཐག་བཅད། 

༢༠༢༦/༠༢/༠༩

མཆན། 3

  1. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    ལོ་ 10 སྔོན།

    བདེ་སྲུང་བཀའ་བློན་གཉིད་སྐྱིད་པོ་ཁུག་ཡོད་པ་འདྲ། གྲགས་འགུལ་ཅི་ཡང་མི་འདུག་གདའ།

    Reply
  2. བསྟན་འཛིན says:
    ལོ་ 10 སྔོན།

    གསར་འགོད་པ་འཇིགས་མེད་རྒྱ་མཚོ་བཀའ་དྲིན་ཆེ།

    Reply
  3. དམར་ཁ་ཚ། says:
    ལོ་ 10 སྔོན།

    གསར་འགྱུར་ཧ་ཅང་གྲལ་དག་སྤེལ་འདུག་བཀའ་དྲིན་ཆེ། གསར་འགོད་པ་ལཊ།

    བོད་གཞུང་དང་འབྲེལ་ཡོད་བདེ་སྲུང་ལས་ཁུངས་སོཊ་ནས་མ་འོངས་བཙན་བྱོལ་བོད་མའི་བདེ་འཇཊ་སྲུང་སྐྱོབས་ཀྱི་མིག་རྒྱང་རིང་བའི་ཐོག་ནས་གྱོད་དོན་འདི་རང་དགར་མི་འཇོག་པ་གལ་ཆེ་བས་མི་མང་གིས་ཀྱང་ཕྱོཊ་འདི་ལ་མིག་ཕྲ་པོ་དང་བྱུས་ཏོག་ཚ་པོས་ངང་བལྟ་དགོས་ངེས་རེད།
    བཀའ་དྲིན་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese