མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤེས་ཡོན་གྱི་སྟེང་ལ་གཞན་སེམས་ཅན་ཞིག་སྐྱེད་སྲིང་བྱེད་ཀྱིན་ཡོད།

བོད་ཀྱི་དུས་བབ།
༢༠༡༥/༡༡/༡༩
Share on FacebookShare on TwitterShare on EmailShare on Whatsapp

 

གཏོང་ལེན་སློབ་གྲྭ་དབུ་བརྙས་པའི་མཛད་སྒོའི་སྟེང་ཅན་དྷི་སྒར་དུ་དྭང་བླངས་ནད་གཡོག་ཞབས་གནང་མཁན་ཚེ་རིང་སྒྲོལ་དཀར་ལགས་སུ་གཟེངས་རྟགས་ཤིག་སྤྲད་སོང་།

 

DSC_2835དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༣༠ སྟེང་དྷ་ཤོད་གཏོང་ལེན་སློབ་གྲྭའི་མདུན་ཐང་དུ། གཏོང་ལེན་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་ ༡༡ འཁོར་བའི་དུས་དྲན་མཛད་སྒོ་ཚོགས་ཡོད་པ་དང་། སྐུ་མགྲོན་གཙོ་བོར་དཔལ་རྒྱལ་བ་ཀརྨ་མཆོག་གི་དབུས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་དང་། དྷ་ས་ཉེ་ཁོར་གྱི་སློབ་གྲྭ་དང་དགོན་སྡེ་ཁག་གི་སྐུ་ཚབ། སྨན་ཁང་ཁང་དང་རོགས་ཚོགས་ཁག་གི་མི་སྣ། གཏོང་ལེན་སློབ་གྲྭའི་དགེ་ལས་སློབ་ཕྲུག་དང་སློབ་མའི་ཕ་མ་བཅས་ཧིན་བོད་སེར་སྐྱ་མང་ཚོགས་ ༢༠༠ ཙམ་འཛོམས་འདུག

 

ཐོག་མར་སློབ་ཕྲུག་ཚོས་རྒྱ་གར་གྱི་གཞས་སྣ་འཁྲབ་སྟོན་གྱིས་སྐུ་མགྲོན་རྣམས་ལ་ཕེབས་བསུ་དང་བཅས་དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་གཏོང་ལེན་སློབ་གྲྭའི་སྡོད་ཁང་གསར་བ་དབུ་འབྱེད་གནང་སོང་།

 

གཏོང་ལེན་བདེ་རྩ་ཚོགས་པའི་འགན་འཛིན་གྲྭ་བློ་བཟང་འཇམ་དབྱངས་ལགས་ཀྱིས་གཏོང་ལེན་སློབ་གྲྭ་གསར་འཛུགས་གནང་བའི་བརྒྱུད་རིམ་དང་གྲུབ་འབྲས་ངོ་སྤྲོད་དང་འབྲེལ་ཏེ་བརྗོད་དོན། དེ་རིང་ང་ཚོའི་གཏོང་ལེན་སློབ་གྲྭ་དབུ་བརྙེས་ཏེ་ལོ་ངོ་ ༡༡ འཁོར་བའི་རྗེས་དྲན་མཛད་སྒོ་དང་བསྟུན་ཏེ། གཏོང་ལེན་སློབ་གྲྭའི་སྡོད་ཁང་གསར་བསྐྲུན་དང་སློབ་ཞུགས་སློབ་ཕྲུག་ ༡༠༠ ལྷག་དང་དགེ་རྒན་ ༤། ཤེས་ཡོན་སློབ་ཁང་དང་། ནད་གཡོག་སྦྲ་གར་སློབ་ཁང་སོགས་ཆེས་མཛེས་སྡུག་ཡིད་འོང་གི་ཁོར་ཡུག་འདི་འདྲ་ཞིག་ཚུགས་ཐུབ་པ་བྱུང་བ་རེད།

 

གཏོང་ལེན་སློབ་གྲྭ་འདི་ཕྱི་ལོ་ ༢༠༠༤ ལོར་གསར་འཛུགས་བྱས་པ་དང་། སྐབས་དེར་ང་ཚོས་དྷ་རམ་ས་ལའི་ཉེ་འཁོར་གྱི་རྒྱ་གར་དབུལ་གྲོང་དག་གི་ཕྲུ་གུ་ ༡༠ ཙམ་ལ་ལྟ་སྐྱོང་གིས་ཁོ་ཚོར་གཞི་རིམ་སློབ་གསོ་སྤྲད་པ་དང་། རིམ་པས་སློབ་ཕྲུག་ཚོའི་སློབ་སྦྱོང་གི་གྲུབ་འབྲས་གཡུར་དུ་ཟ་བ་སྨིན་ཏེ། ཁོ་ཚོར་འབྲང་རིམ་དང་མཐོ་རིམ་སློབ་སྦྱོང་གི་གོ་སྐབས་ཐོབ་ཡོད་པ་དེར་ང་ཚོ་དགའ་སྤོབས་སྐྱེ་བཞིན་ཡོད།

 

གཏོང་ལེན་སློབ་གྲྭའི་སློབ་ཕྲུག་ཚང་མ་མཐོ་སློབ་དུ་འགྲོ་བའི་སྐལ་བ་དཀའ་མོ་ཡིན་ཡང་། ང་ཚོས་གཏོང་ལེན་སློབ་གྲྭའི་སློབ་ཕྲུག་ཚང་མར་རང་ཉིད་ལ་འཚམས་པའི་ལས་རིགས་ཐོག་ཞུགས་ཐབས་ཀྱི་སྦྱོང་བརྡར་སྣ་ཚོགས་སྤྲོད་བཞིན་ཡོད་སྟབས། ཤེས་ཡོན་གཅིག་པུ་མ་ཡིན་པར་ཁོར་ཡུག་དང་འཕྲོད་བསྟེན་སོགས་ཕྱོགས་གང་ཅིའི་ཐད་ཁོང་ཚོར་ཆེས་མཛེས་སྡུག་ལྡན་པའི་མ་འོངས་མི་ཚེ་མདུན་ལམ་རེ་ཡོད་པའི་ཡིད་ཆེས་བྱེད་བཞིན་ཡོད།

 

DSC_2776དཔལ་རྒྱལ་བ་ཀརྨ་པ་མཆོག་གིས། དེ་རིང་འདིར་ལོ་ ༡༡ ཟིན་པའི་རྗེས་སུ་གཏོང་ལེན་སློབ་གྲྭའི་སློབ་མ་མང་པོ་ཞིག་མཐོ་སློབ་འགྲིམ་པའི་གོ་སྐབས་བྱུང་ཡོད་པ་དེ་ཧ་ཅང་བློ་སྤོབས་སྐྱེས་དགོས་པ་ཞིག་རེད། ང་ཚོས་སོ་སོའི་གོ་སྐབས་དམ་འཛིན་དང་བརྩོན་འགྲུས་བསྐྱེད་པ་ཡིན་ན། ང་ཚོ་ཚང་མར་གྲུབ་འབྲས་བཟང་པོ་འཐོན་པའི་རྟགས་མཚན་གསལ་བོ་འབྱུང་ངེས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དེར་བརྟེན། ཕ་མ་ཚོ་ཡིན་ན་ཡང་སོ་སོའི་ཕྲུ་གུར་སློབ་སྦྱོང་གི་གོ་སྐབས་སྤྲོད་པ་དང་སློབ་སྦྱོང་བྱེད་དུ་གཏོང་བ་དེ་ཕན་ཐོགས་ཡོད་པ་ཞིག་དང་གྲུབ་འབྲས་ཡོད་པ་ཞིག་ཏུ་ཡིད་ཆེས་བྱས་པ་རེད་བསམ་གྱི་འདུག དེ་བཞིན། སློབ་ཕྲུག་ཚོ་ཡང་གོ་སྐབས་བྱུང་ན་སོ་སོར་འཇོན་ཐང་དང་ནུས་པ་ཡོད་སྟབས། མ་འོངས་པར་ཁྱོད་རང་ཚོས་མུ་མཐུད་ནས་སློབ་ཕྲུག་ཚོར་རྒྱབ་སྐྱོར་བྱེད་པ་དང་། སློབ་ཕྲུག་ཚོའི་ངོས་ནས་ཡིན་ནའང་སེམས་ཤུགས་མི་ཆགས་པའི་རེ་བ་ཡོད། གཙོ་བོ་གཏོང་ལེན་སློབ་གྲྭའི་སློབ་ཕྲུག་ཚོ་སློབ་ཕྲུག་གཞན་པ་དང་འདྲ་མཉམ་གྱིས་འཚོ་བ་སྐྱེལ་ཐུབ་པ་ཞིག་དང་སློབ་སྦྱོང་ཡག་པོ་ཆགས་ཐབས་ཙམ་མ་ཟད། མི་བཟང་པོ་ཞིག་དང་གཞན་ལ་ཕན་ཐོགས་མཁན་ཞིག་ཡོང་ཐུབ་བྱེད་རྒྱུ་དེ་གཙོ་བོ་རེད། དེ་ནི་ང་ཚོ་ཚང་མའི་དམིགས་ཡུལ་ཡིན་སྟབས། མ་འོངས་པར་མུ་མཐུད་དེ་ཕ་མ་ཚོ་དང་སྦྱིན་བདག་རྣམ་པ། དེ་བཞིན་དགེ་རྒན་དང་ལས་བྱེད་ཚང་མས་འབད་བརྩོན་གནང་རོགས་ཞུ་རྒྱུ་ཡིན། ཞེས་གསུང་སོང་།

 

མཇུག་ཏུ་དཔལ་རྒྱལ་བ་ཀརྨ་པ་མཆོག་ནས་གཏོང་ལེན་སློབ་གྲྭའི་རོགས་ཚོགས་རྒྱ་གར་ཧི་མ་ཅལ་མངའ་སྡེའི་སེ་དྷ་པུར་ (Sidhpur) ས་ཆར་རྟེན་གཞི་བྱས་པའི་རྗ་གྷོ་རེ་ (Jagori)ཚོགས་པ་དང་སུད་སིར་ (Switzerland) རྟེན་གཞི་བྱས་པའི་ཧྥོན་ཊ་ན་ཐེབས་རྩ་ (Fontana Foundation) ཚོགས་པ། དེ་བཞིན། ཅན་དྷི་གྷར་ (Chandigarh) དུ་གནས་སྡོད་སྤྱི་ཚོགས་དང་བླངས་ཞབས་ཞུ་མ་ཚེ་རིང་སྒྲོལ་དཀར་ལགས་གསུམ་ལ་སྤྱི་ཚོགས་དང་བླངས་ཞབས་ཞུའི་ཆེ་བསྟོད་གཟེངས་རྟགས་སྤྲད་སོང་།

 

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་དང་སྦིར་ས་གནས་གཞོན་ནུའི་ཚོགས་གཙོ་བློ་གྲོས་དཔལ་ལྡན་ལགས་རྣམ་གཉིས་ཀྱིས་བོད་དོན་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

ཉིན་གྲངས་ ༩༠ ཡི་བོད་དོན་སྦག་སྦག་སྐོར་སྐྱོད་མོན་གྷོ་གཞིས་ཆགས་སུ་འབྱོར།

ཆུ་ཚོད་ ༡༧ སྔོན་ལ།
ཨེ་སི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མིས་བོད་ནང་གི་བྱིས་པར་སྲུང་སྐྱོབ་དགོས་པའི་བསྒྲགས་གཏམ་གཏན་འབེབ་གནང་། ༢༠༢༦།༢།༡༡ དྲ་བརྙན་གྱི་པར་བཤུས།
Mobile App

ཨེ་སི་ཊོ་ནི་ཡའི་གྲོས་ཚོགས་ནང་བོད་ཀྱི་བྱིས་པ་སྲུང་སྐྱོབ་ཀྱི་བསྒྲགས་གཏམ་ཞིག་གཏན་འབེབ་གནང་།

ཆུ་ཚོད་ ༡༨ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་ཞི་བདེའི་གོམ་བགྲོད་ཀྱིས་བསམ་ཤེས་དང་བྱམས་བརྩེ་བཅས་ཀྱི་ས་བོན་འདེབས་པར་རོགས་རམ་བྱས་ཡོད་པའི་ཐུགས་སྨོན་མཛད་འདུག

ཆུ་ཚོད་ ༡༩ སྔོན་ལ།
བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་ཨ་ཉག་སེང་སྒྲ་ལགས། འདི་གར་མཁོ་སྤྲོད་གནང་བའི་པར།
Mobile App

ཨ་ཉག་སེང་སྒྲའི་མིག་དང་མཁལ་མ་ནད་པ་ཆགས་འདུག 

ཆུ་ཚོད་ ༢༣ སྔོན་ལ།
tt
Mobile App

ཤེས་ཡོན་ལྷན་ཚོགས་ཐེངས་བཅུ་གསུམ་པ་འཚོགས།

༢༠༢༦/༠༢/༡༡
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་ (Geneva Forum 2026) ཀྱི་མཇུག་སྡོམ་མཛད་སྒོ་སྐབས། པར་བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས། ༢༠༢༦།༢།༡༠
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་སྟེང་༧གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་བ་ནས་མེད་པ་གསལ་འདེབས་གནང་།

༢༠༢༦/༠༢/༡༡

མཆན། 1

  1. གཅན བཟོད་རྒྱམ། says:
    ལོ་ 10 སྔོན།

    གསར་གནས་འདིའི་ཁ་བྱང་གི་དོན་ལ་བསམ་བློ་མང་པོ་བཏང་བ་ཡིན། ཡང་ནས་བསྐྱར་དུ་བཀླགས་པ་ཡིན། ཡང་ན་ཡི་གེ་ཞིག་ཆད་ཡོད་ན། ཡང་ན་ཡི་གེ་ཞིག་ལྷག་ཡོད་ན། གང་ལྟར་ཆད་ལྷག་གི་སྐྱོན་གྱིས་སམ་ངས་ནི་ཁ་བྱང་དེའི་དོན་གོ་མ་སོང་ལགས།
    གསར་གནས་ཆ་ཚང་བཀླགས་ཟིན། ཁ་གསལ་སྙིང་བསྡུས་རེད་པས་བཀའ་དྲིན་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese